ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་གཏོང་ཀུང་སིས་བོད་སྐྱོར་རོགས་སྐྱོར་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

སྤེལ་དུས 2021-11-10 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཉེ་ཆར། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་གཏོང་ཀུང་སིས་2021ལོ་ནས་2023ལོའི་ལོ་འཁོར་བར་གྱི་བོད་སྐྱོར་རོགས་སྐྱོར་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་གཏོང་ཀུང་སིའི་འགན་འཁུར་བ་གཙོ་བོས་བོད་སྐྱོར་རོགས་སྐྱོར་གྱི་རིགས་གཅིག་མཁས་ཅན་ཚང་མས“བོད་སྐྱོར་སྙིང་སྟོབས”ནུས་ཤུགས་ཡོད་རྒུས་ལག་བསྟར་བྱས་པར་བླ་ན་མེད་པའི་གུས་བཀུར་ཞུས་པ་དང་རོགས་སྐྱོར་ཐོབ་མཁན་སྡེ་ཚན་ཁག་དང་རོགས་སྐྱོར་རིགས་གཅིག་མཁས་ཅན་གྱི་འཐུས་མི་སོ་སོས་གཏམ་བཤད་བྱས་པ་རེད།
          ཆབ་མདོ་ཀུང་སིའི་འགན་འཁུར་བ་གཙོ་བོས་སྡེ་ཚན་ཁག་གིས་བོད་སྐྱོར་རོགས་སྐྱོར་རིགས་གཅིག་མཁས་ཅན་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པ་དང་རོགས་སྐྱོར་རིགས་གཅིག་མཁས་ཅན་ལ་ཆབ་སྲིད་ཐད་ཡིད་ཆེས་གང་ལེཌ་བྱེད་པ་དང་། ལས་ཀའི་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། འཚོ་བའི་ཐད་དོ་ཁུར་ཟབ་མོ་བྱེད་པ། དོ་དམ་ཐད་བླང་བྱ་ནན་པོ་འདོན་པ་བཅས་བྱས་ནས་རོགས་སྐྱོར་རིགས་གཅིག་མཁས་ཅན་ཚོའི་སེམས་ནུས་ཡོངས་རྫོགས་ལས་ཀའི་ཐོག་འཇོག་ཐུབ་པ་བྱེད་པ་དང་ཀུང་སིའི་ལས་བཟོ་ཡོངས་དང་མཉམ་དུ་ཁེ་ལས་ཀྱི་སྙིང་སྟོབས་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་བཏང་ནས་ཀུང་སི་སྐྱོན་བྲལ་ངང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་བརྗོད་པ་རེད།
          དེ་དང་དུས་མཚུངས་རོགས་སྐྱོར་རིགས་གཅིག་མཁས་ཅན་ཁག་གིས་ཆབ་མདོ་ཀུང་སིའི་ལས་དོན་དང་འཚོ་བའི་ཁོར་ཡུག་ལ་ཤེས་རྟོགས་དང་འཚམ་མཐུན་གང་མགྱོགས་ཡོང་བ་བྱེད་པ་དང་། ཆབ་མདོ་ཀུང་སིའི་ཁྱིམ་ཚང་ཆེ་མོའི་ནང་མཉམ་འདྲེས་གང་ཐུབ་བྱེད་པ། བདག་པོའི་འདུ་ཤེས་འཛུགས་པ། ལས་དོན་ཁག་ཧུར་ཐག་སྤེལ་བ། རོགས་སྐྱོར་གྱི་འཆར་གཞི་ནན་ཏན་བཟོ་བ། བོད་སྐྱོར་དམིགས་ཚད་ཁ་གསལ་བཟོ་བ། བོད་སྐྱོར་ལས་དོན་གང་ཞིག་བྱེད་པ་དང་། ཇི་ལྟར་བྱེད་པ། གང་ཞིག་འཇོག་ཐུབ་པ་བཅས་ཁ་གསལ་དགོས་པ། ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ནས་ཆོག་འཐུས་ཀྱི་རོགས་སྐྱོར་འཆར་གཞི་བཟོ་བ། རོགས་སྐྱོར་གྱི་གཙོ་གནད་ལ་དམ་འཛིན་བྱེད་པ། གཞན་ཆ་སེལ་བ་བཅས་བྱས་ཏེ་རྫོང་ཁག་གི་གློག་གཏོང་ཀུང་སིའི་ཆེད་ལས་དོ་དམ་ཆུ་ཚད་གང་མགྱོགས་འགན་ལེན་བྱེད་པ་དང་དུས་མཚུངས་ཀུང་སིར་གསར་དུ་ཡོང་བའི་སློབ་ཆེན་སློབ་མའི་གསོ་སྦྱོང་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱའང་བཏོན་པ་རེད། 
རྩོམ་སྒྲིག་པ། བསྟན་ཆོས།