ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

ཤང་དབྱང་དང་འཕྱོངས་རྒྱས་ས་ཆ་གཉིས་ཀྱི་སློབ་མས་མཉམ་དུ་ཁྲིམས་སྐྱོང་སློབ་ཚན་ཉན་པ།

སྤེལ་དུས 2022-01-06 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          2021ལོའི་ཟླ་10ཚེས་21ཉིན། སུའུ་ཁྲན་ཁྲན་ཧུའུ་པེ་ཞིང་ཆེན་ཨར་པོ་བཟོ་ལས་སློབ་གྲྭར་ཁྲིམས་སྐྱོང་སྒྲོག་འགྲེལ་བྱེད་སྒོ་སྤེལ་བར་སྐྱོད་སྐབས། ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པ་དང་ཧུའུ་པེ་རིག་གནས་དང་རང་བྱུང་རིག་ཚན་སློབ་གླིང་གི་སྐལ་བཟང་མེ་ཏོག་འོས་འགན་སློབ་སྐྱོར་ཚོགས་པ་ཁག་བཅུ་གཉིས་པས་མཚམས་སྦྱོར་བྱས་པ་བརྒྱུད། ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོ་དེ་བརྙན་ལམ་འབྲེལ་མཐུད་ཀྱི་རྣམ་པར་བརྟེན་ནས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་སློབ་འབྲིང་དུ་དུས་གཅིག་ཏུ་སྤེལ་བ་རེད། དེས་ན་ཧན་ཅང་གཙང་འགྲམ་ནས་ཡར་ལྷ་ཤམ་བུའི་འགྲམ་བར། ཤང་དབྱང་དང་འཕྱོངས་རྒྱས་ས་ཆ་གཉིས་ཀྱི་སློབ་མ་2300ལྷག་ཙམ་གྱིས་བར་ཐག་སྤྱི་ལེ་3000ལས་བརྒལ་ནས་མཉམ་དུ་ངོ་མཚར་ཆེ་བའི་ཁྲིམས་སྐྱོང་གི་སློབ་ཚན་ཞིག་ཉན་པ་རེད།
          སློབ་ཚན་ལ་སུའུ་ཁྲན་ཁྲན་གྱིས་དགོད་བྲོ་ལ་ཆོབ་ཚ་བའི་གཏམ་གྱིས་གོ་བདེ་གཏིང་ཟབ་ཀྱི་འགྲེལ་བཤད་བརྒྱབ་སྟེ། ས་ཆ་གཉིས་ཀྱི་སློབ་མར“སློབ་གྲྭའི་བརྙས་བཅོས་བཀག་འགོག་དང་ཁྲིམས་འགལ་ཉེས་གསོག་རིང་དུ་འདོར་བའི”ཁྲིམས་སྐྱོང་གི་སྟོན་མོ་ཞིག་བཤམས་པ་རེད། ཅི་ཞིག་ནི་སློབ་གྲྭའི་བརྙས་བཅོས་དང་གཏུམ་སྤྱོད་ཡིན་པའི་སྐོར་སྒྲོག་འགྲེལ་བྱེད་སྐབས། ཁོང་གིས“སློབ་གྲྭའི་བརྙས་བཅོས་བྱེད་སྟངས་ཀྱི་མངོན་ཚུལ་ཞིག་ནི་སློབ་གྲོགས་ལ་དམའ་འབེབས་ཀྱི་མཚང་མིང་འདོགས་པ་དེ་རེད། ཁྱེད་ཚོས་ང་ལ་མཚང་མིང་འདོགས་འདོད་ན། ངའི་རེ་བར་ཁྱེད་ཚོས་ང་ལ‘ལང་ཚོའི་མཛེས་མ’ཞེས་བཏགས་ན་སྙམ་གྱི་འདུག འོན་ཀྱང་སློབ་གྲོགས་ལ་བརྙས་བཅོས་བྱེད་མཁན་གྱིས་སྤྱིར་བཏང་མིང་འདི་འདྲ་འདོགས་མི་སྲིད”ཅེས་བཤད་ཅིང་། སློབ་གྲོགས་ཚོས་ཁོང་གི་ཆོབ་ཚ་བའི་སྒྲོག་འགྲེལ་ནན་ཏན་ངང་ཉན་པ་དང་། སྐབས་འགར་དགོད་སྒྲ་ཡང་གྲགས་བཞིན་མཆིས།
          ད་ཐེངས་ཀྱི“རྒྱང་ཁྲིད་ཁྲིམས་སྐྱོང་སློབ་ཁང”ལས“ཁྲིམས་སྐྱོང་གི་མེ་ཏོག”སློབ་མ་ཚོའི་སེམས་ལ་རྩ་བ་ཚུགས་པ་དང་མྱུ་གུ་འབུས་ནས་ས་ཆ་གཉིས་ཀྱི་དགེ་སློབ་ཚོའི་གདེང་འཇོག་བཟང་པོ་ཐོབ་པ་རེད། “སློབ་ཚན་འདིར་ངས་ཤང་དབྱང་དང་ཡུལ་དེ་གའི་སློབ་མ་ཚོ་མཐོང་བྱུང་ལ་ད་དུང་བཅའ་ཁྲིམས་ཀྱི་ཤེས་བྱའང་མང་པོ་ཤེས་བྱུང་། ང་སློབ་ཚན་དེ་རིགས་ལ་དགའ་པོ་ཡོད། ད་དུང་ཐེངས་གཅིག་ཉན་འདོད་འདུག”ཅེས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་སློབ་འབྲིང་གི་སློབ་མ་པད་མ་ཆོས་འཛོམས་ཀྱིས་སློབ་ཚན་གྲོལ་རྗེས་དགའ་སྤྲོའི་ངང་བཤད།  
རྩོམ་སྒྲིག་པ། བསྟན་ཆོས།