ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

བོད་སྐྱོར་ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར“ཡར་ཀླུང་རྟགས་ཅན”ཐོག་མ་དེ་བོད་ལྗོངས་སུ་འབྱོར་བ།

སྤེལ་དུས 2023-03-22 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཉེ་ཆར། བོད་སྐྱོར་ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར“ཡར་ཀླུང་རྟགས་ཅན”ཐོག་མ་དེ་ལྷོ་ཁར་འབྱོར་བ་དང་། ཧུའུ་ནན་སོགས་ཞིང་ཆེན་ནས་ཡོང་བའི་ཡུལ་སྐོར་བ་600ལྷག་ཙམ་སྣེ་གདོང་ཆུས་ཡར་ཀླུང་གཙང་པོའི་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་དུ་འབྱོར་ནས“བོད་ལྗོངས་ཀྱི་ཆེད་གཏོང་མེ་འཁོར་གྱི་དཔྱིད་དཔལ་ལ་རོལ་བའི་ཡུལ་སྐོར”བྱེད་འགོ་ཚུགས་པ་རེད།
          འདི་ལོ་ཚུན། ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་ཡུལ་སྐོར་སྡེ་ཚན་གྱིས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་འབྲེལ་མཐུད་ཧུར་ཐག་དང་ཡུལ་སྐོར་ཁེ་ལས་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་གཟིགས་སྐྱོང་སྲིད་ཇུས་བཏོན་པ་དང་ཁྲོམ་རའི་ཐོག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས། ཡུལ་སྐོར་བྱེད་མཁན་ཚོགས་སྤྱི་སྣ་ཚོགས་ཀྱི་ཡུལ་སྐོར་ལམ་ཐིག་དང་ཐོན་རྫས་ཀྱི་དགོས་མཁོ་སྐོང་བར་འཆར་འགོད་བྱས་པ་དང་ཁྱབ་གདལ་བཏང་བ། ཡུལ་སྐོར་ལས་རིགས་ཀྱི་ཕྱོགས་བསྡུས་སྣེ་འཁྲིད་ནུས་པ་བཏོན་པ། ཡུལ་སྐོར་ཁྲོམ་ར་སླར་གསོ་ཡོང་བར་སྐུལ་འདེད་བཏང་ཡོད།