མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

གྲོགས་པོའི་ཚོམས་སུ་འདི་དག་བསྐུར་ན་ཁྱེད་ལ་ཉེན་ཁ་འབྱུང་སྲིད།

སྤེལ་དུས 2020-01-20 ཡོང་ཁུངས། སེམས་ཀྱི་ཞིང་ཁམས་འཕྲིན་སྟེགས་ལས། རྩོམ་པ་པོ།
   དཔྱིད་གསར་དུས་ཆེན་ནི་སྐད་འཕྲིན་གྲོགས་ཚོམས་འཚང་ཁ་ཆེ་བའི་དུས་ཤིག་ཡིན་པས།  ཁྱེད་ཀྱི་བྱ་སྤྱོད་ཁ་ཤས་ཀྱིས་མི་སྒེར་གྱི་འབྲེལ་ཡོད་ཆ་འཕྲིན་ཕྱིར་བསྒྲག་སྲིད་པ་དང་། གལ་ཏེ་མ་རུང་ཁོག་བཅུག་བྱེད་མཁན་གྱི་མིས་མཐོང་བའམ་བེད་སྤྱོད་བྱས་ན། ཁྱིམ་ཚང་དང་མི་སྒེར་གྱི་རྒྱུ་ནོར་རྐུ་ཁྱེར་བྱེད་པ་དང་། ཐ་ན་རང་ཉིད་དང་ཁྱིམ་མིའི་བདེ་འཇགས་ལ་གནོད་འཚེ་བཟོ་སྲིད།   དེ་ན་ལག་འཁྱེར་ཁ་པར་རྩེད་པ་དང་གྲོགས་པོའི་ཚོམས་སུ་འདྲ་པར་སྐུར་བར་ཡང་སྙིང་འཛེམ་བྱ་གང་དག་ཡོད་ཅེ་ན།

       མེ་འཁོར་གྱི་པ་སེ་དང་། གནམ་གྲུའི་པ་སེ་སོགས་གྲོགས་ཚོམས་སུ་སྐུར་མི་རུང་།
       མི་མང་པོ་ཞིག་གཞུང་དོན་སྒྲུབ་པར་འགྲོ་བ་དང་ཡུལ་སྐོར་དུ་སྐྱོད་སྐབས་མེ་འཁོར་དང་།  གནམ་གྲུའི་པ་སེ་སོགས་གྲོགས་ཚོམས་སུ་སྐུར་བར་དགའ་པོ་ཡོད། རང་གིས་རང་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཆེ་བའི་མི་ཁ་ཤས་ཀྱིས་རུས་མིང་བསུབ་སྲིད་མོད། ཡིན་ནའང་པ་སེའི་ངོས་ཀྱི་ཆ་འཕྲིན་གཞན་པར་དོ་སྣང་བྱས་མེད།
       དམིགས་བསལ་དྲན་སྐུལ་བྱ་དགོས་པ་ཞིག་ནི་གནམ་གྲུ་དང་མེ་འཁོར་གྱི་པ་སེའི་རྩ་གཉིས་ཨང་རྟགས་ནང་འགྲུལ་པའི་མི་སྒེར་གྱི་ཆ་འཕྲིན་ཚུད་ཡོད་པ་དང་། དེའི་ནང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་སོགས་ཡོད་པས།  མི་སྒེར་གྱི་ཆ་འཕྲིན་གསང་བ་ཕྱི་ལ་ཤོར་བའི་ཉེན་ཁ་ཡོད། 

       དེའི་ཕྱིར། བདེ་འཇགས་ཀྱི་ཆེད་དུ། ཁ་ལོ་བའི་འཛིན་བྱང་སོགས་གྲོགས་ཚོམས་སུ་བསྐུར་མི་རུང་ལ། གང་འདོད་དུ་འབོར་ཡང་མི་རུང་། ཆེས་འོས་འཚམ་གྱི་ཐག་གཅོད་བྱེད་ཐབས་ནི་སིལ་བར་གཏང་བ་དེ་ཡིན། 

        ཕྱི་བགྲོད་ལམ་ཡིག་དང་། ཁང་བའི་ལྡེ་མིག  རླངས་འཁོར་གྱི་ཨང་རྟགས་སོགས་གྲོགས་ཚོམས་སུ་སྐུར་མི་ཉན།
       བརྡ་འཕྲིན་འདི་དག་འདུས་པའི་འདྲ་པར་གྱིས་ཁྱེད་ཀྱི་དམིགས་བསལ་དུས་ཚོད་ནང་གི་དམིགས་བསལ་གྱི་སྡོད་གནས་ཕྱི་ལ་ཤོར་སྲིད་ལ། ཁྱེད་ཀྱི་འཚོ་བའི་ཁྱབ་ཁོངས་ཀྱང་གཞན་གྱིས་ཤེས་པའི་ཉེན་ཁ་ཡོད །
       སྡོད་གནས་གྲོགས་ཚོམས་སུ་སྐུར་མི་རུང་། 
       དཔྱིད་གསར་དུས་ཆེན་རིང་མི་མང་ཆེ་བ་ཕ་ཡུལ་དུ་ལོག་བཞིན་ཡོད་པས།  གལ་ཏེ་གྲོགས་པོའི་ཚོམས་སུ་ཆ་འཕྲིན་ཡོད་པའི་པར་རིས་སྤེལ་ན། མི་སྒེར་གྱི་སྡོད་གནས་ཕྱིར་མངོན་སླ་བ་དང་། མི་ངན་གྱིས་ནག་ཉེས་བཟོ་བར་མཐུན་རྐྱེན་བསྐྲུན་སྲིད། 
       བྱིས་པའི་པར་དང་རུས་མིང་སྐུར་མི་རུང་།
       དོན་དངོས་སུ་མགོ་སྐོར་གཏོང་མཁན་མང་པོ་ཞིག་གིས་གནོད་འཚེ་ཕོག་མཁན་རྩ་བ་ནས་ངོ་མི་ཤེས་པའི་གནས་ཚུལ་འོག   ཕྲུ་གུ་དང་ཕྲུ་གུའི་ཕ་མའི་མིང་ཅི་ལྟར་འབོད་པ་དང་། ད་དུང་ཕ་མའི་འདྲ་པར་ཡོད་པ་དེ་ཅི་ཡིན་ཞེ་ན། དེ་ནི་སྐད་འཕྲིན་ནང་གི་ཉེ་འགྲམ་གྱི་མི་ཞེས་པའི་སྒྲིག་བཀོད་དེར་རག་ལས་ཡོད། 
       ཕྲུ་གུའི་འདྲ་པར་གྲོགས་པོའི་ཚོམས་སུ་སྐུར་བར་དགའ་བའི་ཕ་མ་ཚོས་མཉམ་སྤྱོད་ཀྱི་ཁྱབ་ཁོངས་ལ་ཚོད་འཛིན་བྱས་ཏེ།  ཚོགས་ཆུང་ཁག་བགོས་ཀྱི་རྣམ་པའི་ཐོག་ནས་གཉེན་ཉེ་ཚོར་ལྟ་རུ་བཅུག་ན་ལེགས།
       ཁྱིམ་གྱི་རྒན་རྒོན་གྱི་འདྲ་པར་སྐུར་མི་རུང་།
       ཁྱིམ་དུ་ལུས་པའི་རྒན་རྒོན་གྱི་འདྲ་པར་བསྐུར་ན་མི་ངན་མང་པོས་ངོ་ཤེས་པའི་ཉེན་ཁ་ཡོད་པས།  ནག་ཉེས་བཟོ་མཁན་གྱིས་གློ་བུར་དུ་རྒན་རྒོན་ཚོར་ཁོ་ཚོའི་ཚ་བོའི་མིང་བཤད་པ་དང་། ད་དུང་རྫུན་གཏམ་གང་ཞིག་ཁ་སྣོན་བྱས་ཏེ། རྒན་རྒོན་གྱིས་མི་ཚེ་ཕྱེད་ཀ་ཙམ་གྱི་གསོག་འཇོག་ཚང་མ་རྐུ་བའི་ཉེན་ཁ་ཡང་ཡོད། 


       དུས་རྒྱུན་ཕྱི་ལ་འགྲོ་མཁན་གྱི་རིགས་ལ།
       ཉིན་རེའི་ལས་རིམ་དང་འགྲོ་འདུག་སོགས་ཀྱི་ཆ་འཕྲིན་ཕྱི་ལ་སྟོན་མི་རུང་། རྐུན་མས་ཁྱིམ་དུ་མི་མེད་པའི་དུས་དང་བསྟུན་ནས་རྐུ་བྱེད་པ་སྔོན་འགོག་བྱ་དགོས།
       དུས་ཆེན་དང་གུང་གསེང་ཉིན་མོའི་ཡུལ་སྐོར་ཐད།
       གལ་ཏེ་མི་ཚོགས་ཀྱི་འཚང་ཁ་ཆེ་ས་དང་། བགྲོད་ལམ་བཀག་པ། འགྲིམ་འགྲུལ་དོན་རྐྱེན་བྱུང་བ་སོགས་ཀྱི་གནད་དོན་དང་འཕྲད་ཚེ། གནས་ཚུལ་ངོ་མ་མ་ཤེས་པའི་སྔོན་དུ་གང་བྱུང་དུ་བརྒྱུད་སྐུར་སོགས་བྱ་མི་རུང་།
       བུད་མེད་རྣམས་ལ། 
       རྒྱན་ཆ་རྩ་ཆེན་དང་། ཚོང་རྟགས་གྲགས་ཅན་སོགས་ཀྱི་ཅ་ལག་གྲོགས་ཚོམས་སུ་མ་བསྐུར་ན་ལེགས།  
       བརྩེ་དུང་གི་གནད་དོན།
       བརྩེ་དུང་ཐད་ཀྱི་འཁང་ར་སོགས་ཆ་འཕྲིན་ཉུང་དུ་བཏང་ན་འགྲིག ཆ་འཕྲིན་དེའི་རིགས་ཀྱིས་སེམས་ངན་བཅངས་པའི་མིར་གོ་སྐབས་སྤྲད་སྲིད་ལ། གཞན་མི་དང་མིའི་བར་གྱི་འབྲེལ་བར་ཡང་གནོད་པ་བཟོ་བའི་ཉེན་ཁ་ཡོད། 

       ལག་ཐོགས་ཁ་པར་བེད་སྤྱོད་ལེགས་པོར་བྱ་སྟངས་ཀྱི་མན་ངག་ཁོང་དུ་ཆུད་པར་བྱ་རོགས། 
       ཉེ་འགྲམ་གྱི་མི་ཞེས་པའི་བྱེད་ནུས་ཀྱི་སྒོ་རྒྱག་རོགས།
       སྐད་འཕྲིན་ཐོག་གི་ཉེ་འགྲམ་གྱི་མི་ཞེས་པའི་བྱེད་ནུས་དེས་ཁྱེད་ཀྱི་སྡོད་གནས་གཏན་འཁེལ་བྱེད་ཐུབ་པས། གོ་རིམ་བཞིན་དེ་དག་གི་སྒོ་བརྒྱབ་ན་ལེགས།  
    སྐད་འཕྲིན་གྱི་གསང་བ་ཞེས་པའི་གདམ་ཚན་ནང་ངོ་མི་ཤེས་པའི་མིས་ཆ་འཕྲིན་བཅུ་ལ་བལྟས་ཆོག་ཅེས་པའི་སྒོ་རྒྱག་རོགས།
       ལག་ཁྱེར་ཁ་པར་བོར་ཚེ་དངངས་འཚུབ་མི་སྐྱེས་རོགས།
       གློག་འཕྲིན་གཉེར་སྐྱོང་ཁེ་ལས་༼ཀྲུང་གོའི་གློག་འཕྲིན་༡༠༠༠༠་དང་། ཀྲུང་གོ་སྒུལ་འཕྲིན་༡༠༠༨༦།  ཀྲུང་གོ་འཕྲིན་འབྲེལ་ནི་༡༠༠༡༠༽བཅས་ལ་ཁ་པར་བཏང་ནས་ལག་འཁྱེར་ཁ་པར་གྱི་ཨང་གྲངས་བོར་ཐོ་འགོད་དགོས་ཤིང་། དངུལ་ཁང་ལ་ཁ་པར་བཏང་ནས་ལག་ཁྱེར་ཁ་པར་གྱི་དྲ་དངུལ་གཅོད་རོགས་ཞུ་དགོས་པར་མ་ཟད། ༼ ཀྲི་ཧྥུ་པའོ་དང་མཐུད་མཚམས་འཇོག་པར་༩༥༡༨༨ལ་ཁ་པར་གཏང་དགོས་པ་དང་།  ༡༡༠. qq. comབརྒྱུད་དེ་སྐད་འཕྲིན་སྒོ་རྒྱག་པ ༽བཅས་ཐུགས་ལ་འཇགས་རོགས། 
རྩོམ་སྒྲིག་པ།སྣང་རྡོར།