དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ལ་བོ་མཐོ་སྒང་དུ་འཚོ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་རྙེད་པ།

སྤེལ་དུས 2020-05-20 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
       ལ་བོ་གྲང་ངར་ཆེ་བའི་མཐོ་སྒང་དུ་འཚོ་ཐུབ་པའི་རྒྱུ་རྐྱེན་གཞན་ཞིག་རྙེད་འདུག དེ་ནི་བསྐལ་བ་ཡ་ཐོག་གི་ཁྱི་ལྐོག་གྱུར་བ་ཞིག་དང་འབྲེལ་བ་ཡོད་སྲིད།

       རྒྱུད་རྒྱུ་བརྗེ་རེས་བྱེད་པ་ནི་སྒོ་ཕྱུགས་ཡུལ་དུས་འཕྲོད་པའི་འཕེལ་འགྱུར་གྱི་སྒྲིག་གཞི་གལ་ཆེན་ཞིག་ཡིན། དུས་རྒྱུན་མི་རྣམས་ཀྱི་འདོད་ཚུལ་ལྟར་ན། མཐོ་སྒང་དུ་འཚོ་བར་ཕན་པའི་རྒྱུད་རྒྱུ་ཞིག་རྒྱུད་རྒྱུ་བརྗེ་རེས་བརྒྱུད། བོད་ཡུལ་གྱི་སྤྱང་སྐྱ་ལྡང་ནས་ལ་བོར་རྒྱུད་པ་དང་། རྒྱུད་རྒྱུ་དེས་ལ་བོ་མཐོ་སྒང་གི་ཁོར་ཡུག་ཏུ་འཚོ་ཐུབ་པར་གྱུར་བར་འདོད། འོན་ཀྱང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་ཁོན་མིང་སྲོག་ཆགས་ཞིབ་འཇུག་སའོ་ཡི་ཞིབ་འཇུག་རུ་ཁག་གིས་ཉེ་སྔོན་དོན་དངོས་ནི་དེ་ལྟ་བུ་ཞིག་མིན་པར་བསྐལ་བ་ཡ་ཐོག་གི་ཁྱི་ལྐོག་གྱུར་བ་ཞིག་དང་རྒྱུད་འདྲེས་པ་ལས་ལ་བོ་མཐོ་སྒང་དུ་འཚོ་ཐུབ་པར་སྐུལ་འདེད་བཏང་བར་ཤེས་རྟོགས་བྱུང་།
       ལོ་མང་པོའི་རིང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་ཁོན་མིང་སྲོག་ཆགས་ཞིབ་འཇུག་སའོ་ཡི་ཀྲང་ཡཱ་ཕིང་ཞིབ་འཇུག་བྱ་གཞིའི་ཚོ་ཆུང་དང་། བུའུ་ཏུང་ཏུང་ཞིབ་འཇུག་བྱ་གཞིའི་ཚོ་ཆུང་གིས་གཞི་རྒྱ་ཆེ་བའི་རྒྱུད་རྒྱུ་སྐོར་གྱི་གྲངས་གཞི་གཞིར་བཟུང་བ་དང་། སྐྱེ་དངོས་རིག་པའི་ཐབས་ལམ་དུ་མ་དང་ཟུང་འབྲེལ་བྱས་ནས། མཚོ་བོད་མཐོ་སྒང་གི་སྒོ་ཕྱུགས་མང་བོའི་ཡུལ་དུས་འཕྲོད་པའི་འཕེལ་འགྱུར་རྒྱུད་འདེད་གསལ་འབྱེད་ཐུབ་ཡོད།

       ནམ་རྒྱུན། མི་རྣམས་ཀྱིས་མཐོ་སྒང་དུ་འཕྲོད་པའི་རྒྱུད་རྒྱུEPAS1དེ་རྒྱུད་རྒྱུ་བརྗེ་རེས་བརྒྱུད། བོད་ཡུལ་གྱི་སྤྱང་སྐྱ་ལྡང་ནས་ལ་བོའི་རྒྱུད་རྒྱུར་ཁྱབ་པ་ཡུག་གཅིག་ཏུ་འདོད། ཞིབ་འཇུག་བྱ་གཞིའི་ཚོ་ཆུང་གི་མི་སྣས་མཚོ་བོད་མཐོ་སྒང་གི་སྤྱང་སྐྱ་ལྡང་དང་ལ་བོའི་ཚོགས་སྤྱིའི་རྒྱུད་རྒྱུ་སྐོར་གྱི་གྲངས་གཞིར་ཞིབ་འཇུག་བྱས་པ་དང་། ཚོགས་སྤྱི་གང་མང་གི་རྒྱུད་འདེད་རིག་པའི་གྲངས་གཞི་དང་ཚོགས་སྤྱིའི་ལོ་རྒྱུས་ལད་ཟློས་ལ་ཕྱོགས་བསྡུས་ཞིབ་འཇུག་བྱས་རྗེས། ལ་བོ་དང་བོད་ཡུལ་གྱི་སྤྱང་སྐྱ་ལྡང་གི་རྒྱུད་རྒྱུEPAS1ལྐོག་གྱུར་གྱི་སྲོགས་ཆགས་རིགས་གཞན་ཞིག་ལས་བྱུང་བ་གསར་རྟོགས་བྱུང་། 
       ཞིབ་འཇུག་མི་སྣས་ད་དུང་ཧིན་རྡུའི་ཚན་རིག་པ་དང་མཉམ་འབྲེལ་གྱིས་ཧི་མ་ལ་ཡའི་སྤྱང་ཁུའི་རྒྱུད་རྒྱུ་སྐོར་རྙེད་ཀྱང་། ཧི་མ་ལ་ཡའི་སྤྱང་ཁུ་ནི་རྒྱུད་རྒྱུEPAS1མཁོ་འདོན་བྱེད་མཁན་མིན་པ་རྟོགས། རྒྱུ་མཚན་དེའི་དབང་གིས། ཞིབ་འཇུག་མི་སྣས་ཚོད་དཔག་བྱས་པ་ལྟར་ན། མཚོ་བོད་མཐོ་སྒང་དུ་ད་ལྟའི་བར་མི་རྣམས་ཀྱིས་མ་ཤེས་པའམ་འཇིག་ཟིན་པའི་ཁྱིའི་རིགས་ཀྱི་སྲོག་ཆགས་ཞིག་གནས་པར་འདོད། ལ་བོ་དང་བོད་ཡུལ་གྱི་སྤྱང་སྐྱ་ལྡང་གི་མཐོ་སྒང་དུ་འཚོ་བར་གོམས་པའི་རྒྱུད་རྒྱུ་དེ་ནི་མ་ཤེས་པའི་སྲོག་ཆགས་དེ་ལས་ཐོབ་པ་རེད། སྲོག་ཆགས་དེ་ནི་དོན་ངོ་མ་ཅི་ལྟ་བ་ཞིག་ཡིན་པར་ཚན་རིག་པ་དག་གིས་མུ་མཐུད་དུ་ཞིབ་འཇུག་བྱེད་བཞིན་མཆིས།

རྩོམ་སྒྲིག་པ། སྣང་རྡོར།