དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

སྟབས་བདེ་ཐུག་པ་ལ་དགེ་སྐྱོན་ཅི་འདྲ་ཡོད་པ་འདི་ན་གསལ།

སྤེལ་དུས 2020-07-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
      1 
         སྟབས་བདེ་ཐུག་པར་སྦྱོར་རྟ་ཅི་ཙམ་ཡོད་དམ་ཞེ་ན།

         མི་ཚོས་སྟབས་བདེ་ཐུག་པ་ནི་སྦྱོར་རྟ་སྣ་ཚོགས་ཀྱི་ཕུང་བོ་ཞིག་ཏུ་འདོད་ཀྱི་ཡོད་ལ། སྟབས་ཐུག་ཐེངས་གཅིག་ཟོས་ན་ཉིན་32ནང་འཇུ་བྱེད་མ་ལག་ལ་ཤུགས་རྐྱེན་ཐེབས་པར་བཤད་མཁན་ཡང་ཡོད། དོན་དངོས་སུ་དེ་འདྲ་ཞིག་ཡིན་ནམ་ཞེ་ན།
         སྟབས་ཐུག་གི་ཐུམ་སྒྲིལ་གསལ་བཤད་དུ་སྦྱོར་རྟ་མི་ཉུང་བ་ཞིག་གི་མིང་བཀོད་ཡོད་ན་ཡང་། ཚད་ལྡན་བཟོ་གྲྭས་ཐོན་སྐྱེད་བྱས་པའི་སྟབས་ཐུག་གི་སྦྱོར་རྟ་ཁྲིམས་མཐུན་ལུགས་མཐུན་ཡིན།
         《ཟས་རིགས་གནོད་མེད་སྐོར་གྱི་རྒྱལ་ཁབ་ཀྱི་ཚད་གཞིའི་ཟས་རིགས་ཀྱི་སྦྱོར་རྟ་སྤྱོད་པའི་ཚད་གཞི་》(GB2760-2014)ལྟར་ན། ཟས་རིགས་སྦྱོར་རྟ་ཚད་བཀག་ལྟར་སྤྱད་ན་ལུས་ཕུང་ལ་གནོད་པ་ཐེབས་མི་སྲིད།
         ཟས་རིགས་ཀྱི་སྦྱོར་རྟ་དང་ཁྲིམས་འགལ་སྦྱོར་དངོས་ལ་ཁྱད་པར་ཡོད།
         སན་ཅུས་ཆིན་ཨན་དང་ཤ་སྣག་སྐྱེ་སྨན་སོགས་ཁྲིམས་འགལ་སྦྱོར་དངོས་ཀྱིས་མིའི་བདེ་ཐང་ལ་གནོད་འཚེ་བཟོ་སྲིད་ལ། ཟས་རིགས་ཀྱི་སྦྱོར་རྟ་ཡིས་ཟས་རིགས་ཀྱི་མདོག་དང་བྲོ་བ་སོགས་ལེགས་སུ་གཏོང་བ་དང་། ཡུན་རིང་སོས་ཉར་བྱེད་པ་སོགས་ལ་ཕན་པ་ཡིན།
         དེ་བས། སྟབས་ཐུག་ཐེངས་གཅིག་ཟོས་ན་ཉིན་32ནང་འཇུ་བྱེད་མ་ལག་ལ་ཤུགས་རྐྱེན་ཐེབས་ངེས་ཟེར་བ་དོན་ལ་མི་གནས་པའི་གཏམ་རང་ཡིན།
         2
         སྟབས་ཐུག་གིས་འབྲས་སྐྲན་སློང་སྲིད་དམ་ཞེ་ན།
         སྟབས་ཐུག་ཟོས་ན་འབྲས་སྐྲན་སློང་སྲིད་པར་འདོད་མཁན་གྱིས་སྟབས་ཐུག་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ཁྲོད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རྒྱལ་སྤྱིའི་འབྲས་སྐྲན་ཞིབ་འཇུག་ལས་ཁུངས་ཀྱིས་གཏན་འཁེལ་བྱས་པའི་“སྐྲན་སྐྱེད་དངོས་པོ་”“ཞི་ག་པའི་ཞན་ཨེན་”འབྱུང་སྲིད་པར་འདོད་ཀྱི་ཡོད། དོན་དངོས་སུ་དེ་འདྲ་ཞིག་ཡིན་ནམ་ཞེ་ན། 
         ཞི་ག་པའི་ཞན་ཨེན་གྱིས་འབྲས་སྐྲན་སློང་སྲིད་པ་བདེན་ན་ཡང་འབོར་ཚད་ངེས་ཅན་ཞིག་ལོངས་ན་མ་གཏོགས་ཉེན་ཁ་འབྱུང་མི་སྲིད་པ་ཡིན། 
         སྟབས་ཐུག་ཁྲོད་ཞི་ག་པའི་ཞན་ཨེན་ཉུང་ཉུང་ལས་མེད་པས་རྒྱུན་ལྡན་ལྟར་ཟོས་ན་འབྲས་སྐྲན་འབྱུང་བའི་ཚད་ལ་སླེབས་མི་སྲིད་པ་ཡིན།
         འབྲས་སྐྲན་ནི་རྒྱུད་འདེད་དང་། འཚོ་བའི་གོམས་གཤིས། ཁོར་ཡུག་གི་ཆ་རྐྱེན། བཟའ་བཏུང་སོགས་རྒྱུ་རྐྱེན་མང་པོ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པས། ཟ་མ་གང་ཞིག་མང་ཙམ་ཟོས་པ་ཙམ་གྱིས་འབྲས་སྐྲན་འབྱུང་སྲིད་པ་ཞིག་གཏན་ནས་མིན།

         3
         སྟབས་ཐུག་ཕོར་ཐུམ་ཅན་གྱི་ཕོར་བས་ཕོ་བའི་ནད་སློང་སྲིད་ཅེས་པ་བདེན་ནམ་ཞེ་ན།
         སྟབས་ཐུག་ཕོར་ཐུམ་ཅན་གྱི་ཕོར་བའི་ནང་ངོས་སུ་པྲ་ཚིལ་རིམ་པ་ཞིག་ཡོད་པ་དང་། དེ་འཇུ་མི་ཐུབ་པས་ཕོ་བའི་འབྲས་སྐྲན་སློང་སྲིད་ཟེར་མཁན་ཡང་ཡོད། 
         གསལ་བཤད་བྱ་རྒྱུ་ཞིག་ལ། དེ་ནི་ཁུངས་མེད་དཀྲོག་གཏམ་རང་ཡིན། 
         སྟབས་ཐུག་གི་ཕོར་ཐུམ་གྱི་རྒྱུ་ཆ་གཙོ་བོ་པུན་འདུས་ཞི་ཁ་པའི་ལྦུ་སོབ་སྤོས་འགྱིག་ཡིན་ལ། པུན་འདུས་ཞི་ཁ་པ་ནི་ཚ་བ་བཟོད་ནུས་པའི་རྒྱུ་ཆ་སྤུས་ལེགས་ཤིག་ཡིན། ཡང་ཅིག་བཤད་ན། ཕོར་ཐུམ་ནང་པྲ་ཚིལ་བྱུགས་ན་སྟབས་ཐུག་ལ་བྲོ་བར་ཤུགས་རྐྱེན་ཐེབས་སྲིད་པས་སྟབས་ཐུག་བཟོ་གྲྭས་ཀྱང་དེ་ལྟར་བྱ་མི་སྲིད་པ་ཡིན།
         དེ་ན། སྟབས་ཐུག་ནི་ཟས་མཆོག་ཅིག་ཡིན་ནམ་ཞེ་ན། དེ་ཡང་མ་ཡིན་ཏེ།
         4
         སྟབས་ཐུག་ཟོས་པའི་གནོད་སྐྱོན་འགའ།
         ཚ་ཚད་མཐོ་ལ་འཚོ་བཅུད་ཕུན་སུམ་ཚོགས་པོ་མེད།
         སྟབས་ཐུག་གི་བག་ལེབ་སྣུམ་བཙོས་བྱས་པའི་ཁར་སྦྱོར་རྟ་སྣ་ཚོགས་ཡོད་པས་ཚ་ཚད་ཅུང་མཐོན་པོ་ཡོད། 
         གཞན་ཡང་། སྟབས་ཐུག་གི་རྒྱུ་ཆ་གཙོ་བོ་གྲོ་ཕྱེ་དང་། སྲོག་ཆགས་དང་རྩི་ཤིང་གི་སྣུམ་སོགས་ཡིན་པས་འཚོ་བཅུད་འཛོམས་པོ་མེད། གལ་ཏེ་དུས་ཡུན་རིང་པོར་སྟབས་ཐུག་ཟོས་ཚེ་འཚོ་བཅུད་མི་ལེགས་པའི་གནས་ཚུལ་འབྱུང་སླ་བ་ཡིན།
         ཚྭ་དང་སྣུམ་སོགས་མང་།
         རྒྱུན་དུ་སྣུམ་དང་ཚྭ་མང་བའི་ཟས་རིགས་ཟོས་ན་ཤ་རྒྱག་པ་ཆགས་པ་དང་ཁྲག་ཤེད་མཐོ་བའི་ནད་སོགས་སློང་ཉེན་ཆེ། 
         ལྷག་པར་དུ་འཚར་ལོངས་འབྱུང་བཞིན་པའི་བྱིས་པས་ཟོས་ན་རོ་ཚོར་འཚར་སྐྱེ་ལ་ཤུགས་རྐྱེན་ཐེབས་སྲིད།
         དོན་དངོས་སུ་སྐྱོན་ཆ་མེད་པའི་ཟས་རིགས་ཡོད་མི་སྲིད་པས། གཙོ་བོ་ཇི་ལྟར་ཟ་བ་དང་འབྲེལ་བ་ཡོད་པ་ཡིན།

         5
         སྟབས་བདེའི་ཐུག་པ་ཡང་དག་པར་ཟ་ཚུལ།
         སྟབས་ཐུག་གཏུད་མར་ཟ་རྒྱུ་མེད།
         སྟབས་ཐུག་ནི་མ་གཞི་ནས་མགྱོགས་ཟས་ཤིག་ཡིན་པས།
         གནས་ཚུལ་དམིགས་བསལ་བའི་འོག་ཐེངས་རེ་འགའ་ཟོས་ན་སྐྱོན་མེད་མོད། དུས་རྒྱུན་དུ་ཟ་མི་རིགས་པ་ཡིན། 
         སྣུམ་བཙོས་མིན་པའི་སྟབས་ཐུག་ཟ་ཅི་ཐུབ་བྱེད་དགོས།
         སྣུམ་བཙོས་མིན་པའི་སྟབས་ཐུག་གི་སྣུམ་ཚིལ་ཅུང་ཉུང་བས་གནོད་པའང་བལྟོས་བཅས་ཆུང་བ་ཡིན། 
         བདེ་ཐང་གི་བཟའ་བཅའ་གཞན་པ་ཁ་སྣོན་རྒྱག་དགོས།
         སྟབས་ཐུག་གཡོ་སྐོལ་བྱེད་སྐབས་སྔོ་ཚོད་གསར་པ་དང་སྲན་རིགས། ཤ་མོ། སྒོ་ང་སོགས་ཁ་སྣོན་བྱས་ཚེ་འཚོ་བཅུད་ཕུན་སུམ་ཚོགས་པོར་གཏོང་ཐུབ་པ་ཡིན།

         བྲོ་བ་ཁ་བའི་རིགས་ཉུང་ཟ་བྱེད་དགོས།
         བསྙལ་ཚལ་དང་། ཤ་སྙན། ཤ་རྒྱུ་སོགས་བསྙལ་མ་དང་། ཚྭ་མང་བའི་བཟའ་བཅའ་སྟབས་ཐུག་དང་མཉམ་དུ་ཟོས་ན་བདེ་ཐང་ལ་ཉེན་ཁ་བཟོ་སྲིད་པ་ཡིན། 
         སྣུམ་རྒྱུའི་ཁུག་མ་ཉུང་ཟ་བྱེད་དགོས།
         སྣུམ་རྒྱུའི་ཁུག་མར་ཚྭ་དང་སྣུམ་མང་བས། བཞི་ཆ་གཅིག་ནས་གསུམ་ཆའི་གཅིག་ཙམ་སྤྱོད་པ་ལས་ཚང་མ་སྤྱོད་མི་རུང་།
         ཁུ་བ་ཉུང་འཐུང་བྱེད་དགོས།
         སྟབས་ཐུག་གི་ཁུ་བར་སྣུམ་དང་ཚྭ་མང་བས། ཁུ་བ་ཉུང་འཐུང་བྱེད་པའི་གོམས་གཤིས་ཆགས་པར་བྱེད་དགོས།
         སྟབས་བདེ་ཐུག་པ་ནི་རྒྱུན་ཟས་ཤིག་ཏུ་གྱུར་ཡོད་པས། 
         ཁ་ལག་བཟོ་བདེ་པོ་མེད་པའི་སྐབས་སུ་འོས་འཚམ་རེ་ཟོས་ཆོག་པ་ཡིན།
         འདི་ལ་དགེ་སྐྱོན་གཉིས་ཀ་ལྡན་པ་ཡིན། 
         འོན་ཀྱང་དུག་གཤིས་མེད། 
         ཕོ་བའི་འབྲས་སྐྲན་དེ་བས་ཀྱང་སློང་མི་སྲིད། 
         ཚང་མས་ཚན་རིག་དང་མཐུན་པའི་ལྟ་སྟངས་འཛིན་རོགས།
རྩོམ་སྒྲིག་པ། སྣང་རྡོར།