དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

དོན་འདི་ཁྱེད་རང་དང་འབྲེལ་བ་དམ་ཟབ་ཡོད།

སྤེལ་དུས 2020-10-16 ཡོང་ཁུངས། གངས་ལྗོངས་ཉི་གཞོན། རྩོམ་པ་པོ།
        ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་པའི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས་འཆར་ཟིན་ཉེ་དུས་དངོས་སུ་འདོན་རྒྱུ་རེད།

        སྤྱི་ཚེས་12ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཙང་ཐིའེ་ཝེ་ཡིས་གསར་འགོད་པའི་ཚོགས་འདུའི་ཐོག སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པ་ཟླ་10ཚེས་13ཉིན་ནས་ཚེས་17ཉིན་བར་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་དང་། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས་འཆར་ཟིན་དེ་ཐེངས་འདིའི་ཚོགས་འདུའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་རེད་ཅེས་གསུངས་ཡོད།

        ཆ་འཕྲིན་ཅན་དང་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་མཉམ་འདྲེས་གཏིང་ཟབ་བྱུང་བ་དང་བསྟུན་ནས། མི་སྒེར་གྱི་ཆ་འཕྲིན་འཚོལ་བསྡུ་དང་བེད་སྤྱོད་བྱ་རྒྱུ་དེ་བས་ཁྱབ་རྒྱ་ཆེ་རུ་འགྲོ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ཡོད་མོད། འོན་ཀྱང་དོན་དངོས་འཚོ་བའི་ཁྲོད་དུ། མི་སྒེར་གྱི་ཆ་འཕྲིན་རང་དགར་འཚོལ་བསྡུ་བྱེད་པ་དང་། ཁྲིམས་འགལ་ངང་རག་ཐབས་བྱེད་པ།  བེད་སྤྱོད་བྱེད་རྒྱུ་ཐལ་དྲག་པ། ཁྲིམས་འགལ་ངང་ཉོ་ཚོང་བྱེད་པ། མི་སྒེར་གྱི་ཆ་འཕྲིན་བེད་སྤྱད་དེ་མི་དམངས་མང་ཚོགས་ཀྱི་ལྷིང་འཇགས་འཚོ་བར་གཏོར་བཤིག་གཏོང་བ།  མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་གཏོང་བ་སོགས་ཀྱི་གནད་དོན་སྔར་བཞིན་མངོན་གསལ་དོད་པོར་གནས་ཡོད།
        མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས་ཀྱིས་་གཙོ་བོ་ཕྱོགས་གང་དག་ལ་དོ་ཁུར་བྱེད་ཀྱི་ཡོད་དམ།
        ཙང་ཐིའེ་ཝེ་ཡིས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས་གཏན་ལ་ཕབ་ཚུལ་ངོ་སྤྲོད་གནང་བ་གཤམ་གསལ།
        མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་སྒོས་བརྩི་སྲུང་ཞུ་དགོས་པའི་རྩ་དོན་སྔར་ལས་ལྷག་པར་གསལ་པོ་བཟོ་རྒྱུ་ཡིན་པ།
        མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་སྲོལ་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ།
        མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་སྒོའི་ཁྲོད་ཀྱི་མི་སྒེར་གྱི་ཁེ་དབང་ཁག་འགན་སྲུང་བྱེད་པ།
        མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་མཁན་གྱི་འོས་འགན་ཆེ་རུ་གཏོང་རྒྱུ།
        མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་ལྟ་སྐུལ་དོ་དམ་འགན་འཁྲི་གསལ་པོ་བཟོ་བ་དང་བཅའ་ཁྲིམས་འགན་འཁྲི་ནན་པོ་བཟོ་རྒྱུ་ཡིན་པ་བཅས་རེད།

        མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས་གཏན་འབེབས་བྱས་པ་དེས་བཅའ་ཁྲིམས་ཚད་གཞིའི་མ་ལག་རང་བཞིན་དང་དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་སྔར་བས་ཆེ་རུ་གཏོང་རྒྱུ་དང་། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱེད་པའི་ཐད་སྔར་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཆགས་པ་བྱེད་པ་དང་སྔར་ལས་ནུས་ལྡན་གྱི་བཅའ་ཁྲིམས་འགན་སྲུང་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།