དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ནད་འདིས་དབང་བོ་སྐྱོན་ཅན་དུ་འགྱུར་ཚད་50%ལས་བརྒལ་བས་དོགས་ཟོན་བྱོས།

སྤེལ་དུས 2020-10-20 ཡོང་ཁུངས། གངས་ལྗོངས་ཉི་གཞོན། རྩོམ་པ་པོ།
          ཟླ་10པའི་ཚེས་12ཉིན་ནི་འཛམ་གླིང་གྲུམ་ནད་ཉིན་མོ་ཡིན་ཞིང་། གྲུམ་ནད་ནི་གྲུམ་ནད་སྣ་ཚོགས་ཀྱི་སྤྱི་མིང་ཡིན་ལ། དེ་ནི་རྒྱུན་མཐོང་གི་གཅོང་ནད་གྱི་ནད་རིགས་ཤིག་ཡིན། བསྡོམས་རྩིས་བྱས་པར་གཞིགས་ན། འཛམ་གླིང་ཡོངས་སུ་གྲུམ་ནད་ཕོག་པའི་ནད་པ་དུང་ཕྱུར་3.55ཡོད། དོ་སྣང་བྱེད་དགོས་པ་ཞིག་ནི་གྲུམ་ནད་ནི་རྒན་རྒོན་གྱི་ནད་མིན་ལ། ན་ཚོད་མི་འདྲ་བའི་མི་ཚང་མར་ནད་འདི་ཕོག་ཉེན་ཡོད།

          གྲུམ་ནད་ནི་རྒན་རྒོན་གྱི་ནད་མིན་ཞིང་། སྨན་བཅོས་བྱེད་པར་དུས་ཚོད་ཡག་ཤོས་དམ་འཛིན་བྱེད་དགོས།
          ཤེས་རྟོགས་བྱུང་བར་གཞིགས་ན། གྲུམ་ནད་ལ་ཁྱོན་སྡོམ་རིགས་100ལྷག་ཙམ་ཡོད་པའི་ནང་། མང་ཤོས་ནི་རུས་ཚིགས་གྲུམ་ནད་དང་། གྲང་གྲུམ། དྲེག་ནད་རང་བཞིན་གྱི་གྲུམ་ནད་བཅས་ཡིན། གྲུམ་ནད་ཀྱི་ཁྱད་ཆོས་ནི་རུས་ཚིགས་ན་བ་དང་སྐྲངས་པ། རེངས་པོར་གྱུར་པ། འགུལ་སྐྱོད་ལ་ཚོད་འཛིན་ཐེབས་པ་སོགས་ཡིན་ཞིང་། ནད་རྒྱུ་མི་འདྲ་བའི་གྲུམ་ནད་མི་ཚོགས་ཁྲོད་དུ་ཕོག་ཚད་ཀྱང་འདྲ་ཡི་མེད།
          རུས་ཚིགས་གྲུམ་ནད་དེ་དར་མ་དང་རྒན་རྒོན་ཚོའི་ཁྲོད་འབྱུང་སླ་བ་དང་། ལོ་65ཡན་གྱི་མི་ཚོགས་ཁྲོད་50%ལ་རུས་ཚིགས་གྲུམ་ནད་ཕོག་ཡོད།
          གྲང་གྲུམ་ནི་ལོ་ཚོད་གང་རུང་དུ་ཕོག་པ་དང་། སྐྱེས་པ་དང་བུད་མེད་ལ་ཕོག་པའི་བསྡུར་ཚད་1:3ཡིན།
          ལོ་45ཡན་གྱི་སྐྱེས་པ་ནི་དྲེག་ནད་རང་བཞིན་གྱི་གྲུམ་ནད་ཕོག་མང་བའི་མི་ཚོགས་ཡིན།
          སྨན་བཅོས་མི་སྣས་མི་རྣམས་ཀྱིས་གྲུམ་ནད་དེ་རྒན་རྒོན་གྱི་ནད་ལ་རྩི་བཞིན་ཡོད་མོད། དོན་དངོས་སུ་ལོ་ཚོད་ཡོད་ཚད་དང་། ཐ་ན་བྱིས་པ་ལའང་ནད་འདི་ཕོག་སྲིད་པའི་དྲན་སྐུལ་བྱས་ཡོད་ཅིང་། རིགས་གཅིག་མཁས་ཅན་གྱིས་ཀྱང་རུས་ཚིགས་ན་བ་དང་རེངས་པོར་གྱུར་པ་སོགས་ཀྱི་ནད་རྟགས་ཐོན་ཚེ་དོགས་ཟོན་ཆེན་པོ་བྱེད་དགོས་པའི་དྲན་སྐུལ་བྱས་འདུག
           རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་བདེ་ཐང་སླར་གསོའི་སྨན་ཁང་གི་རུས་ནད་ཚན་ཁག་གི་ཀྲུའུ་རེན་དབྱང་ཧྭ་ཆིང་གིས། གློ་བུར་དུ་རུས་ཚིགས་དེ་འདྲ་བདེ་པོ་མེད་པའམ་རུས་ཚིགས་རེངས་པོར་གྱུར་བ་ཚང་མ་གྲུམ་ནད་ཀྱི་ཐོག་མའི་ནད་རྟགས་ཡིན་ཞེས་དང་། རུས་ཚིགས་རྒྱུན་དུ་ན་བ་དང་མི་བདེ་བ་ནི་གྲུམ་ནད་ཀྱི་མངོན་ཚུལ་ཞིག་ཡིན་པས། སྔ་མོ་ནས་སྨན་པར་བསྟེན་དགོས་པའི་སྐོར་བརྗོད་ཡོད།
          འབྲེལ་ཡོད་དཔྱད་ཡིག་ཏུ་མངོན་པ་ལྟར་ན། རང་རྒྱལ་དུ་གྲུམ་ནད་འབྱུང་ཚད་13%ཡིན་ཞིང་། གྲུམ་ནད་ཀྱིས་དབང་བོ་སྐྱོན་ཅན་དུ་འགྱུར་ཚད་50%ལས་བརྒལ་ཡོད་པ་དང་། ནད་པའི་རང་རྐྱ་འཕེར་བའི་ནུས་པ་དང་ངལ་རྩོལ་ནུས་པར་ཤུགས་རྐྱེན་ཚབས་ཆེན་ཐེབས་ཀྱི་ཡོད། རིགས་གཅིག་མཁས་ཅན་གྱིས་ནད་ཕོག་པའི་ཐོག་མའི་ལོ་གཉིས་རིང་སྨན་བཅོས་ཡག་པོ་བྱ་རྒྱུ་ནི་གྲུམ་བུའི་ནད་ཀྱིས་དབང་པོ་སྐྱོན་ཅན་དུ་མི་འགྱུར་བའི་འགག་རྩ་ཡིན་པ་བརྗོད་ཡོད།

          གྲུམ་ནད་ཕོག་མཁན་ན་གཞོན་ཅན་དུ་འགྱུར་བའི་འཕེལ་ཕྱོགས་མངོན་གསལ་ཡིན་པ་དང་།
          དེ་ནི་འཚོ་བའི་གོམས་གཤིས་ངན་པ་འདི་དག་དང་འབྲེལ་བ་ཡོད།
          སྨན་དོན་མི་སྣས་བསྟན་པར། ཉེ་བའི་ལོ་ཤས་རིང་། རང་རྒྱལ་དུ་གྲུམ་ནད་ཕོག་མཁན་ན་གཞོན་ཅན་དུ་འགྱུར་བའི་འཕེལ་ཕྱོགས་མངོན་གསལ་དོད་པོ་ཡིན་པ་དང་། དེ་ནི་ན་གཞོན་ཚོའི་འཚོ་བའི་གོམས་གཤིས་ངན་པ་དང་འབྲེལ་བ་དམ་ཟབ་ཡོད།
          དྲོ་བཅོས་ལ་དོ་སྣང་མི་བྱེད་པ་སྟེ། གྲང་རླུང་ཁྲོད་རྐང་ཚིགས་དང་རྐང་རྒྱབ་ཕྱིར་མངོན་པ་སོགས་ཀྱིས་འདྲེད་སྐྱིའི་ཚ་ནད་དང་པུས་མོའི་གྲུམ་ནད་སོགས་སློང་སླ་བ་དང་། དེ་བཞིན་རྒྱུན་དུ་རྟིང་མཐོའི་ལྷམ་གྱོན་པ་ཡིས་པུས་ཚིགས་བརྡར་ཟད་ཐེབས་ཀྱི་ཡོད།
          སྦྱོང་བརྡར་མི་འདང་བ་སྟེ། གཞུང་ལས་ཁང་དུ་ལས་ཀ་ལས་མཁན་མང་ཆེ་བ་ལས་ཀར་འགྲོ་འོང་བྱེད་སྐབས་རླངས་འཁོར་དང་གློག་སྐས་ལ་སྡོད་པ་དང་། གཟའ་མཇུག་ཏུ་ལས་ཀ་འཕར་མ་བྱེད་པའམ་ཡང་ན་ཉལ་ནས་འདུག་པ་ལས་སྦྱོང་བརྡར་བྱེད་པ་ཧ་ཅང་ཉུང་བས། རུས་པ་དང་། ལྷུ་ཚིགས། ཤ་གྲིམ་བཅས་སྟོབས་ཚད་འདང་གི་མེད་ལ། རྒྱགས་པ་ཚོ་ནི་དེ་བས་ཀྱང་དེ་ལྟར་ཡིན།
          ད་དུང་འགུལ་སྐྱོད་ཚུལ་དང་མི་མཐུན་པས་རྨས་སྐྱོན་བཟོ་བ་དང་། ཚོད་འཛིན་མེད་པའི་རི་འཛེག་གིས་ཕྲུམ་རུས་ལ་བརྡར་ཟད་ཐེབས་ཀྱི་ཡོད།
          གཞན་ཡང་གཞོན་ནུ་ལོ་ཆུང་ཚོས་དུས་ཡུན་རིང་པོར་ལས་བྱ་འབྲི་སྐབས། སྒལ་གཞུང་ལ་གནོན་ཤུགས་ཆེ་བས་རུས་ཚིགས་ལ་རྨས་སྐྱོན་ཕོག་གི་ཡོད།
རྩོམ་སྒྲིག་པ། སྣང་རྡོར།