དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

110 ལ་ཉེན་བརྡ་སྐྱེལ་སྐབས་ཡིད་ལ་ངེས་དགོས་པ་གསུམ་ཡོད།

སྤེལ་དུས 2021-01-11 ཡོང་ཁུངས། ཀྲུང་དབྱུང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        ད་ལོའི་ཟླ་1ཚེས་10ཉིན་ནི་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐོག་མ་དེ་ཡིན། ཉེན་རྟོག་པ་གླེང་དུས་ང་ཚོས་110ཞེས་པའི་ཨང་གྲངས་ཧ་ཅང་རྒྱུས་མངའ་ཅན་དེ་དྲན་ཡོང་། དེ་ནི་སྤྱི་བདེ་ལས་ཁུངས་ལ་ཉེན་བརྡ་སྐྱེལ་བའི་རྒྱལ་ཡོངས་གཅིག་གྱུར་གྱི་ཞབས་ཞུའི་ཨང་གྲངས་དམིགས་བསལ་བ་ཞིག་ཡིན། ཉེན་རྟོག་པས་ཉིན་མཚན་དུས་དྲུག་ཏུ་ལས་རེས་བྱེད་ཀྱི་ཡོད་པས་དུས་ནམ་ཡིན་ཡང་ཛ་དྲག་ཉེན་བརྡ་འབྱོར་ཚེ་དུས་ཐོག་ཏུ་དང་ལེན་བྱེད་པ་ཡིན།

        ཐོག་མར་110ཉེན་བརྡ་སྐྱེལ་རྒྱུའི་ཁྱབ་ཁོངས་གསལ་པོ་བཟོ་དགོས། ཉེན་བརྡ་སྐྱེལ་བའི་ནང་དོན་ཉེས་དོན་གྱོད་གཞི་དང་། བདེ་འཇགས་དོན་རྐྱེན། ད་དུང་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས། སྤྱི་ཚོགས་བདེ་འཇགས་སྒྲིག་ལམ་བཅས་ལ་ཉེན་ཁ་བཟོ་བའི་མང་ཚོགས་རང་བཞིན་གྱི་དོན་རྐྱེན། རང་བྱུང་གནོད་འཚེ་དང་བདེ་འཇགས་གནོད་འཚེའི་བྱུར་ཉེས། ཡང་ན་སྤྱི་བདེ་ལས་ཁུངས་ཀྱིས་ཐག་གཅོད་བྱེད་དགོས་པའི་ཁྲིམས་འགལ་ཉེས་གསོག་དང་འབྲེལ་བ་ཡོད་པའི་ཉེན་བརྡ་གཞན་དག་སོགས།

        དེ་ནས་110རོགས་སྐྱོབ་བྱ་རྒྱུའི་ནང་དོན་ཁ་གསལ་བཟོ་དགོས། དེ་ལ་དབྱེ་ན། ཆུར་བྱིང་བའམ་ཁང་བརྩེགས་ནས་ལྷུངས་བ་སོགས་ཛ་དྲག་རོགས་སྐྱོབ་དང་། རྒན་རྒོན་དང་། བྱིས་པ། ཤེས་སྒྲིབ་མི་སྣ་སོགས་བོར་བརླག་ཏུ་སོང་བ་འཚོལ་རོགས་བྱེད་དགོས་པ། ཉེན་ཁ་ཚབས་ཆེན་ལ་འཕྲད་པའམ་རོགས་མེད་ཁེར་རྐྱང་དུ་ལུས་པས་མྱུར་སྐྱོབ་བྱེད་དགོས་པའི་རིགས། ཆུ་དང་། གློག སོལ་རླངས་སོགས་སྤྱི་པའི་སྒྲིག་བཀོད་ཉེན་ཁ་འབྱུང་ཉེན་ཆེ་བས་འཕྲལ་མར་ཐག་གཅོད་བྱེད་དགོས་པའི་གནས་ཚུལ་ཛ་དྲག་ཅན། དེ་བཞིན་ཛ་དྲག་རོགས་སྐྱོབ་ཞུ་བ་སོགས་ཡོད།
       མཇུག་མཐར། 110ལ་ཁ་པར་གཏོང་སྐབས་མཉམ་འཇོག་བྱ་དགོས་པ་གང་དག་ཡོད་དམ་ཞེ་ན།
      (གཅིག)དུས་ཚོད་དམ་འཛིན་གྱིས་ཐག་གང་ཉེ་ནས་ཉེན་བརྡ་སྐྱེལ་དགོས། ཁ་པར་ཡོད་མཁན་ལས་ཁུངས་དང་མི་སྒེར་སུ་ཡིན་ཡང་སྟབས་བདེ་བསྐྲུན་དགོས།
      (གཉིས།)སྐད་ཆ་ཁ་གསལ་པོ་ཞུ་དགོས་པ་ལས་དངངས་འཚབ་ཐལ་ཆེ་མི་རུང་། ཁ་པར་ལེན་མཁན་ཉེན་རྟོག་པའི་གསལ་འདེབས་ལྟར་གནས་ཡུལ་མཁོ་འདོན་བྱེད་དགོས་པ་དང་། གནས་ཡུལ་གང་ཡིན་གསལ་པོ་མི་ཤེས་པའི་སྐབས་སུ་ཉེ་འཁོར་གྱི་རྟགས་མཚན་མངོན་གསལ་ཅན་དག་མཁོ་འདོན་བྱེད་དགོས།
      (གསུམ།)དོན་རྐྱེན་བྱུང་རིམ་དང་རྨས་སྐྱོན་ཕོག་པའི་མི་གྲངས་སོགས་ཀྱི་གནས་ཚུལ་མདོར་བསྡུས་གསལ་བཤད་བྱེད་དགོས།
      (བཞི།)དམིགས་བསལ་གྱི་གནས་ཚུལ་མེད་ཚེ་ཉེན་བརྡ་བཏང་རྗེས་ཉེན་རྟོག་པར་སྒུག་ནས་འདུག་པ་དང་། གྱོད་དོན་བྱུང་ཡུལ་སྲུང་སྐྱོབ་བྱེད་དགོས།

       དོ་སྣང་བྱེད་དགོས་པ་ཞིག་ནི། 110ཉེན་བརྡའི་ཞབས་ཞུ་ནི་སྤྱི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་སྤྱི་ཚོགས་ཀྱི་ཐོན་ཁུངས་གལ་ཆེན་ཞིག་ཡིན་པས་ཀུ་རེ་རྩེ་བ་སོགས་བྱེད་མི་རུང་། ཉེན་བརྡ་རྫུན་མ་སྐྱེལ་བ་དང་རྐང་བཙུགས་ནས་ཟིང་ཆ་སློང་བ། འཕྱ་དམོད་དང་དམའ་འབེབས་གཏོང་བ་སོགས་བྱེད་མཁན་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་ཡིན།
རྩོམ་སྒྲིག་པ། སྣང་རྡོར།