བརྒྱལ་ཟེར་ནད་ཀྱི་རྒྱུན་ཤེས། སྨད་ཆ།
སྤེལ་དུས 2021-01-13
ཡོང་ཁུངས། སེམས་ཀྱི་ཞིང་ཁམས།
རྩོམ་པ་པོ།
བརྒྱལ་གཟེར་ནད་ནི་ནད་རྟགས་རྙོག་འཛིང་ཆེ་བའི་ནད་གཞི་ཞིག་ཡིན་པས། ནད་ཐོག་མར་ལངས་དུས་ནས་ཚད་ལྡན་སྨན་ཁང་ལ་ཡོང་ནས་སྨན་བཅོས་གནང་རྒྱུ་ནི་གལ་ཆེན་པོ་ཞིག་ཡིན། བརྒྱལ་གཟེར་ནད་ལངས་སྐབས་ནད་པའི་ཁ་ནང་དུ་ཆུ་དང་སྨན་སོགས་སྤྲད་ན་དབུགས་ལམ་འགག་པའི་ཉེན་ཁ་ཡོད་པས་དེའི་རིང་ནད་པ་ལྷོད་པོར་བཞག་ནས་བརྡབས་སྐྱོན་མ་ཡོང་བར་བྱ་དགོས། དེ་བཞིན་དེང་སྐབས་ནད་ཡམས་ཁྱབ་ཆེ་བའི་དམིགས་བསལ་གྱི་དུས་ཚོད་ནང་རང་དགར་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་གྲང་འཁྱགས་ཟས་རིགས་ཉོ་མི་རུང་། གལ་སྲིད་གྲང་འཁྱགས་ཟས་རིགས་ཉོས་ན་བཙོས་རྗེས་གཞི་ནས་ཟས་ཆོག རྒྱུན་དུ་ཁ་ལག་མ་ཟས་གོང་ལག་པ་བཀྲུ་བ་དང་། ཕྱི་ལ་ཕེབས་དུས་ཁ་རས་བརྒྱག་དགོས། གཙང་སྦྲ་འཕྲོད་བསྟེན་ཡག་པོ་བྱས་ནས་ནད་རིགས་སྔོན་འགོག་ལས་ཀ་ཡག་པོ་བྱ་དགོས།

རང་ལྗོངས་མང་ཚོགས་ཀྱི་ནད་རིམས་སྔོན་འགོག་གི་འདུ་ཤེས་ཇེ་ཟབ་ཏུ་གཏོང་ཆེད། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་མཉམ་དུ་བདེ་ཐང་སློབ་གསོའི་ཆེད་སྒྲིག་ལེ་ཚན་བདེ་ཐང་བོད་ལྗོངས་ཞེས་པ་གཉེར་བ་དང་། ལེ་ཚན་འདི་གཉེར་བའི་དམིགས་ཡུལ་ནི་ཏོག་གསར་གློ་ཚད་སྔོན་འགོག་བྱེད་ཐབས་སོགས་བདེ་ཐང་སྐོར་གྱི་ཤེས་བྱ་དང་བྱ་ཐབས་ཁག་ཁྱབ་གདལ་གཏོང་བ་དང་། སྤྱི་དམངས་ནི་སོ་སོའི་བདེ་ཐང་གི་འགན་འཁུར་མཁན་གཙོ་བོ་དེ་ཡིན་པའི་ལྟ་བ་འཛུགས་པ། མི་རྣམས་ཀྱིས་རང་འགུལ་གྱིས་ལུས་ཁམས་བདེ་ཐང་ལ་ཕན་པའི་སྤྱོད་ལམ་བསྟེན་པ་བཅས་དམངས་ཡོངས་ཀྱི་གཟུགས་པོ་བདེ་ཞིང་ཐང་བ་ཡོང་བའི་ཆེད་དུ་ཡིན།