དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

སློབ་གསོའི་ཆད་གཅོད་བསླབ་འདོམས་གཏན་འབེབས་ལག་བསྟར་བྱེད་འགོ་ཚུཊ།

སྤེལ་དུས 2021-03-02 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
         ༼སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི་ཆད་གཅོད་བསླབ་འདོམས་སྲོལ་ཡིག་(ཚོད་ལྟའི་ལག་བསྟར)༽དེ་སྤྱི་ལོ་2021ལོའི་ཟླ་3པའི་ཚེས་1ཉིན་ནས་ལག་བསྟར་བྱེད་འགོ་ཚུགས་པ་དང་། སྲོལ་ཡིག་ནང་བརྗོད་པའི་སློབ་གསོའི་ཆད་གཅོད་བསླབ་འདོམས་ཞེས་པ་ནི་སློབ་གྲྭ་དང་དགེ་རྒན་གྱིས་སློབ་གསོ་གཏོང་བའི་དམིགས་ཡུལ་ལ་གཞིགས་ཏེ། སྒྲིག་འགལ་ཁྲིམས་འགལ་གྱི་སློབ་མར་དོ་དམ་དང་། སྦྱོང་བརྡར་ཁྲིད་སྟོན་ནམ་ཡང་ན་གཏན་འབེབས་ཀྱི་བྱ་ཐབས་ཐོག་ནས་བཅོས་སྐྱོང་བྱས་ཏེ། སློབ་མས་བསླབ་བྱ་ལེན་པ་དང་། ནོར་འཁྲུལ་གྱི་སློབ་གསོའི་བྱ་སྤྱོད་ལ་ངོས་ཟིན་དང་དེ་ཡོ་བསྲང་བྱེད་པར་སྐུལ་མ་གཏོང་བའི་སློབ་གསོའི་བྱ་སྤྱོད་ལ་ཟེར་གྱི་ཡོད།

         བྱ་སྤྱོད་གང་དག་ལ་སློབ་གསོའི་ཆད་གཅོད་བསླབ་འདོམས་བྱེད་ཆོག་གམ།
         སྲོལ་ཡིག་ནང་། སློབ་མར་གཤམ་གསལ་གྱི་གནས་ཚུལ་ཡོད་ཚེ། སློབ་གྲྭ་དང་དགེ་རྒན་གྱིས་བཀག་འགོག་བྱེད་དགོས་པ་མ་ཟད། སྐྱོན་བརྗོད་དང་སློབ་གསོ་གཏོང་དགོས་པ་དང་། དགོས་ངེས་སྐབས་སུ་སློབ་གསོའི་ཆད་གཅོད་བསླབ་སྡོམ་ལག་བསྟར་བྱེད་ཆོག་ཅེས་བསྟན་ཡོད།
         རྐང་བཙུགས་ནས་སློབ་ཁྲིད་ལས་འགན་གྱི་བླང་བྱ་མི་སྒྲུབ་པའམ་ཡང་ན་སློབ་གསོ་དང་དོ་དམ་དང་ལེན་མི་བྱེད་པའི་རིགས་དང་།
         སློབ་ཁང་གི་སྒྲིག་ལམ་དང་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་དཀྲུགས་པའི་རིགས།
         ཐ་མག་འཐེན་པ་དང་ཆང་རག་འཐུང་བའམ་ཡང་ན་གཏམ་སྤྱོད་ཚད་ལྡན་མེད་པ། སློབ་མའི་སྲུང་བྱ་ལས་འགལ་བ།
         རང་ཉིད་དམ་མི་གཞན་གྱི་ལུས་སེམས་བདེ་ཐང་ལ་གནོད་པའི་ཉེན་ཁ་ཆེ་བའི་བྱ་སྤྱོད་སྤེལ་བའི་རིགས།
         སློབ་གྲོགས་དང་དགེ་རྒན་ལ་ཉེས་རྡུང་དང་གཤེ་གཤེ་གཏོང་བ། སློབ་གྲོགས་ལ་བརྙས་བཅོས་བྱེད་པའམ་ཡང་ན་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ།
         སློབ་གྲྭའི་སྒྲིག་སྲོལ་དང་འགལ་བའི་བྱ་སྤྱོད་གཞན་དག་བཅས་ཡིན།

         སློབ་གྲྭ་དང་དགེ་རྒན་གྱིས་སློབ་གསོའི་ཆད་གཅོད་བྱེད་ཐབས་གང་དག་སྤྱད་ཆོག་གམ།
         དགེ་རྒན་གྱིས་སློབ་ཁང་དུ་སློབ་ཁྲིད་བྱེད་པ་དང་། ཉིན་རྒྱུན་གྱི་དོ་དམ་ཁྲོད་དུ་སྒྲིག་འགལ་ཁྲིམས་འགལ་གྱི་གནས་ཚུལ་ཅུང་ཆུང་བའི་སློབ་མར་གཤམ་གྱི་སློབ་གསོ་ཆད་གཅོད་བསླབ་འདོམས་ལག་བསྟར་བྱེད་ཆོག་སྟེ།
         མིང་འབོད་ནས་སྐྱོན་བརྗོད་བྱེད་པ།
         དགོངས་དག་ཐུགས་བདེན་ཞུ་བ་དང་། ངག་ཐོག་གམ་ཡིག་ཐོག་ནས་རང་སྐྱོན་ངོས་ལེན་ཞུ་བ།
         སློབ་ཁྲིད་དམ་འཛིན་གྲྭའི་སྤྱི་ཕན་ཞབས་ཞུའི་ལས་འགན་འོས་འཚམ་གྱིས་ཁ་སྣོན་བྱེད་པ།
         སློབ་ཐུན་གཅིག་གི་དུས་ཡུན་ནང་སློབ་ཁང་དུ་ཡར་ལངས་འཇུག་པ།
         སློབ་ཚན་གྲོལ་རྗེས་ཟུར་དུ་སློབ་སྟོན་བྱེད་པ།
         སློབ་གྲྭའི་སྒྲིག་སྲོལ་ལམ་ཡང་ན་འཛིན་གྲྭའི་སྒྲིག་ལམ་དང་། འཛིན་གྲྭའི་སྤྱི་ཆིངས་བཅས་སུ་གཏན་འབེབས་བྱས་པའི་འོས་འཚམ་གྱི་བྱེད་ཐབས་གཞན་དག་སྤྱོད་རྒྱུ་བཅས་ཡིན།
         དགེ་རྒན་གྱིས་སློབ་མར་གོང་བརྗོད་བྱེད་ཐབས་སྤྱད་རྗེས། འོས་འཚམ་གྱི་ཐབས་ལམ་བརྒྱུད་སློབ་མའི་ཁྱིམ་བདག་ལ་བཤད་དགོས།
         སློབ་མས་སློབ་གྲྭའི་སྒྲིག་སྲོལ་དང་འགལ་ཞིང་། ཉེས་ཚབས་ཅུང་ཆེ་བའམ་ཡང་ན་རང་སར་སློབ་གསོའི་ཆད་གཅོད་བསླབ་འདོམས་བྱས་ཀྱང་སྒྱུར་བཅོས་མ་བཏང་ཚེ། སློབ་གྲྭས་གཤམ་གསལ་གྱི་སློབ་གསོའི་ཆད་གཅོད་བསླབ་འདོམས་ལག་བསྟར་བྱས་ཆོག་པ་མ་ཟད། དུས་ཐོག་ཏུ་ཁྱིམ་བདག་ལ་གསལ་བརྡ་གཏོང་དགོས།
         སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་ལས་ཀའི་འགན་འཁུར་བས་སྦྱོང་བརྡར་ཁྲིད་སྟོན་བྱེད་པ།
         སློབ་གྲྭའི་སྤྱི་ཕན་ཞབས་ཞུའི་ལས་འགན་འཁུར་བ།
         སློབ་གྲྭའི་ཆེད་དམིགས་སྒྲིག་སྲོལ་དང་སྒྲིག་ལམ། སྤྱོད་ལམ་གྱི་སློབ་གསོ་དང་ལེན་བྱེད་འཇུག་པ།
         སློབ་མ་ཡུལ་སྐོར་དང་སློབ་ཕྱིའི་མཉམ་སྡེབ་བྱེད་སྒོ། དེ་བཞིན་ཕྱིར་སྐྱོད་མཉམ་སྡེབ་བྱེད་སྒོ་གཞན་དག་ལ་གནས་སྐབས་རིང་ཞུགས་སུ་མི་འཇུག་པའམ་ཡང་ན་དེར་ཚོད་འཛིན་བྱེད་པ།
         སློབ་གྲྭའི་སྒྲིག་སྲོལ་དང་སྒྲིག་ལམ་ནང་གཏན་འབེབས་བྱས་པའི་བྱེད་ཐབས་འོས་འཚམ་གཞན་དག་བཅས་ཡིན།
         སློབ་ཆུང་གི་འཛིན་གྲྭ་མཐོ་བ་དང་། དམའ་འབྲིང་། མཐོ་འབྲིང་དུས་རིམ་བཅས་ཀྱི་སློབ་མའི་སྒྲིག་འགལ་ཁྲིམས་འགལ་གྱི་གནས་ཚུལ་ཚབས་ཆེ་བའམ་ཡང་ན་ཤུགས་རྐྱེན་ངན་པ་ཡིན་ཚེ། སློབ་གྲྭས་གཤམ་གྱི་སློབ་གསོའི་ཆད་གཅོད་བསླབ་འདོམས་ལག་བསྟར་བྱས་ཆོག་པ་མ་ཟད། སྔོན་ལ་ཁྱིམ་བདག་ལ་གསལ་བརྡ་གཏོང་དགོས།
         གཟའ་འཁོར་གཅིག་ནང་ཚུན་སློབ་ཁྲིད་བྱེད་མཚམས་འཇོག་པའམ་ཡང་ན་སློབ་སྦྱོང་བྱེད་མཚམས་བཞག་སྟེ་ཁྱིམ་བདག་ལ་ཁྱིམ་དུ་སློབ་གསོ་གཏོང་འཇུག་དགོས།
         ཁྲིམས་སྐྱོང་གི་སློབ་སྤྱི་གཞོན་པའམ་ཡང་ན་ཁྲིམས་སྐྱོང་གི་ཟུར་ཁྲིད་པས་བསླབ་འདོམས་བྱེད་པ།
         དམིགས་སུ་བཀར་ནས་སློབ་ཚན་ནམ་སློབ་གསོ་གཏོང་ཡུལ་བཀོད་སྒྲིག་བྱས་ཏེ། སྤྱི་ཚོགས་ཀྱི་ལས་བྱེད་པའམ་ཆེད་ལས་མི་སྣ་གཞན་དག་གིས་སེམས་ཁམས་སློབ་གསོ་གཏོང་བ་དང་བྱ་སྤྱོད་ལ་ཐེ་ཇུས་བྱེད་པ།
         སྒྲིག་འགལ་ཁྲིམས་འགལ་གྱི་གནས་ཚུལ་ཚབས་ཆེ་བའམ་ཡང་ན་སློབ་གསོ་ཐེངས་མང་བརྒྱབ་ནས་ཆད་གཅོད་བསླབ་འདོམས་བྱས་ཀྱང་ད་དུང་སྒྱུར་བཅོས་མི་བྱེད་པའི་སློབ་མར་སློབ་གྲྭས་ཐ་ཚིག་སྒྲོག་པ་དང་། ཐ་ཚིག་ནན་པོ་སྒྲོག་པ། སྐྱོན་ཐོ་འགོད་པའམ་ཡང་ན་སློབ་གྲྭར་གནས་སྐབས་ལྟ་ཞིབ་བྱེད་པ་བཅས་ཀྱི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་ཆོག་པ་དང་། མཐོ་འབྲིང་དུས་རིམ་གྱི་སློབ་མར་ད་དུང་སློབ་གྲྭ་ནས་ཕྱིར་འབུད་གཏོང་བའི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་ཆོག
         བྱ་སྤྱོད་ངན་པ་ཚབས་ཆེན་ཡོད་པའི་སློབ་མར་སློབ་གྲྭས་ཁྲིམས་བཀོད་གོ་རིམ་ལྟར་ཁྱིམ་བདག་དང་འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ། དམིགས་སུ་བཀར་ནས་སློབ་གསོ་བཏང་ནས་ཡོ་བསྲང་བྱེད་དུ་འཇུག་དགོས།
         སློབ་གསོའི་བྱ་སྤྱོད་མི་འཚམ་པ་གང་དག་གཏན་འགོག་བྱ་དགོས་པ་གསལ་པོ་བསྟན་ཡོད་དམ།
         ལུས་ཆད་དང་རྣམ་པ་འགྱུར་པའི་ལུས་ཆད་དེ་སློབ་གསོའི་ཆད་གཅོད་དུ་བརྩི་རྒྱུར་སྔོན་འགོག་བྱ་ཆེད། སྒྲིག་སྲོལ་ནང་ལག་བསྟར་བྱེད་མི་ཆོག་པའི་ཚུལ་མིན་སློབ་གསོའི་བྱ་སྤྱོད་རིགས་བདུན་ཞིབ་ཕྲ་བཟོས་ཡོད་པ་སྟེ།

         རྡུང་རྡེག་སོགས་ཀྱི་རྣམ་པ་བརྒྱུད་ཐད་ཀར་ལུས་ལ་ན་ཚ་བཟོ་བའི་ལུས་ཆད་གཅོད་པ།
         རྒྱུན་ལྡན་གྱི་ཚད་ལས་བརྒལ་ཏེ་ཡར་ལངས་སུ་འཇུག་པ་དང་། ཡང་ནས་བསྐྱར་དུ་བཤུ་འབྲི་བྱེད་འཇུག་པ། བཙན་ཤེད་ཀྱིས་འོས་འཚམ་མིན་པའི་འགུལ་སྟངས་སམ་རྣམ་འགྱུར་སྟོན་འཇུག་པ་དང་། དེ་བཞིན་རྐང་བཙུགས་ནས་གྲོགས་མེད་ཁེར་རྐྱང་དུ་འཇོག་པ་སོགས་བརྒྱུད་ལུས་པོ་དང་སེམས་ཁམས་ལ་གནོད་པའི་ལུས་ཆད་གཅོད་པ།
         མཐོང་ཆུང་རང་བཞིན་དང་བརྙས་བཅོས་རང་བཞིན་གྱི་གཏམ་སྤྱོད་ལ་བརྟེན་ནས་སློབ་མའི་མི་གཤིས་དང་ལ་རྒྱར་གནོད་འཚེ་གཏོང་བ།
         མི་སྒེར་རམ་ཡང་ན་མི་ཉུང་ཤས་ཤིག་སྒྲིག་ལམ་དང་འགལ་བའི་རྐྱེན་གྱིས་སློབ་མ་ཡོངས་ལ་ཆད་པ་གཅོད་པ།
         སྦྱངས་འབྲས་ཀྱི་དབང་གིས་སློབ་མར་སློབ་གསོ་དང་ཆད་གཅོད་བསླབ་འདོམས་བྱེད་པ།
         མི་སྒེར་གྱི་སེམས་ཁམས་དང་། དགའ་སྐྱོ་ལྟར་གདམ་ག་ཡོད་པའི་སྒོ་ནས་སློབ་གསོའི་ཆད་གཅོད་ལག་བསྟར་བྱེད་པ།
         སློབ་མས་སློབ་མ་གཞན་དག་ལ་སློབ་གསོ་དང་ཆད་གཅོད་བསླབ་འདོམས་བྱེད་འཇུག་པ་བཅས་རེད།
རྩོམ་སྒྲིག་པ། སྣང་རྡོར།