དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཚོས་ངེས་པར་དུ་དོ་སྣང་གནང་རོགས།

སྤེལ་དུས 2021-03-29 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
        ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་ལས་དོན་མཇུག་སྒྲིལ་ལ་ཉེ་བས། རྒྱ་ཆེའི་འགན་བཅོལ་ནང་ཞུགས་མཁན་ཚོས་གལ་ཏེ་གཏན་འབེབས་ཀྱི་དུས་བཀག་ནང་ཐོ་འགོད་བྱེད་ས་ནས་འགན་བཅོལ་ནང་ཞུགས་པའི་འགྲོ་ལུགས་གཉེར་མེད་ཚེ། འགན་བཅོལ་ནང་ཞུགས་མ་ཐུབ་པར་བརྩིས་ནས་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུ་བྱས་ཆོག་གི་མེད། གལ་སྲིད་སྨན་རིན་སྤྲོད་དགོས་བྱུང་ཚེ། སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུ་བྱེད་ཆོག་གི་མེད་པ་རེད། 

        ད་དུང་འགྲོ་ལུགས་གཉེར་མེད་པའི་རྒྱ་ཆེའི་འགན་བཅོལ་ནང་ཞུགས་མཁན་ཚོས། ཐེམ་ཐོ་དང་། ཐོབ་ཐང་ལག་ཁྱེར། འབྲེལ་ཡོད་གཟིགས་སྐྱོང་ལག་ཁྱེར་གྱི་མ་དངོས་དང་བསྐྱར་པར་བཅས་ཁྱེར་ནས་ཐེམ་ཐོ་ཡོད་སའི་ཚན་པ་དང་། ཤང་། གྲོང་ཚོ་བཅས་སུ་འགན་བཅོལ་ནང་ཞུགས་རྒྱུའི་ཐོ་འགོད་རེ་ཞུ་བྱ་དགོས་པ་དང་། འགན་བཅོལ་ནང་ཞུགས་རྒྱུའི་ཐོ་འགོད་བྱེད་སྐབས་འབྲེལ་ཡོད་སྡེ་ཚན་གྱིས་མི་སྣའི་ཆ་འཕྲིན་གཏན་འཁེལ་བྱ་དགོས། དབང་པོ་སྐྱོན་ཅན་ཚབས་ཆེན་དང་། མ་མཐའི་འཚོ་རྟེན་འགན་སྲུང་མི་སྣ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་སོགས་དཀའ་ངལ་ཡོད་ན། འབྲེལ་ཡོད་དམིགས་བསལ་ཐོབ་ཐང་ལག་ཁྱེར་བསྟན་དགོས། 
        ལས་གནས་ལས་བྲལ་བ་སོགས་ཀྱི་རྐྱེན་པས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་གནས་སྐབས་མཚམས་འཇོག་མཁན་ཡོད་ན། ངེས་པར་དུ་འགན་བཅོལ་བྱེད་མཚམས་བཞག་པའི་རྗེས་ཀྱི་ཟླ་གསུམ་ནང་ཐེམ་ཐོའི་གནས་ཡོད་སའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་རྒྱུའི་རེ་ཞུ་བྱ་དགོས། ལོ་གཅིག་མ་ལོན་པའི་ཕྲུ་གུ་ལོ་གཅིག་མ་ལོན་པའི་སྔོན་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཆོག འགན་བཅོལ་ནང་ཞུགས་རྗེས་གྲོན་དངུལ་འཇལ་བའི་ཉིན་ནས་བཟུང་འབྲེལ་ཡོད་སྨན་བཅོས་འགན་ལེན་གྱི་ཐོབ་ཐང་ལོངས་སྤྱད་ཆོག   གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་བྱེད་མཚམས་བཞག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་མ་ཞུགས་གོང་གི་སྨན་རིན་ཚང་མ་མི་སྒེར་གྱིས་འགན་འཁུར་དགོས།
རྩོམ་སྒྲིག་པ། སྣང་རྡོར།