ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

བེད་མེད་དུ་བཞག་པའི་ཁ་པར་བྱང་བུ་འདི་ལྟར་འཇོག་མི་རུང་།

སྤེལ་དུས 2021-09-14 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

        ཆེད་ལས་མི་སྣས་བསྟན་དོན། གལ་ཏེ་ཁ་པར་ཨང་གྲངས་སོར་བཞག་བྱས་ནས་སྤྱོད་མཚམས་འཇོག་པའམ་ཡང་ན་སྡེབས་བྱང་གསར་བརྗེ་བྱས་མེད་ཚེ། ཁ་པར་བྱང་བུ་དེར་སྔར་བཞིན་གྲོན་དངུལ་དགོས་ཀྱི་ཡོད་ལ། སྤྱོད་མཚམས་བཞག་ནས་ཉིན་60འགོར་རྗེས་རང་བཞིན་གྱིས་ཐོ་བསུབ་བྱེད་པ་ཡིན། བེད་མེད་དུ་བཞག་པའི་ཁ་པར་བྱང་བུ་ཐག་གཅོད་འོས་འཚམ་བྱེད་སྐབས། ཐོག་མར་ཁ་པར་བྱང་བུ་དང་སྦྲེལ་བའི་དངུལ་བྱང་དང་ཡིད་རྟོན་བྱང་བུ། APPཐོ་ཨང་སོགས་ཀྱི་སྦྲེལ་ཐག་མེད་པ་བཟོ་དགོས་པ་མ་ཟད། ངེས་པར་དུ་ཁ་པར་བྱང་བུ་ལ་PINཨང་གྲངས་ཤིག་བཟོས་ནས་སྲུང་སྐྱོབ་བྱེད་དགོས་ཤིང་། དེ་ལྟར་བྱས་ཚེ་ཁྲིམས་འགལ་མི་སྣས་བར་གླགས་དང་བསྟུན་ནས་བེད་སྤྱོད་བྱེད་མི་སྲིད།
རྩོམ་སྒྲིག་པ། སྣང་རྡོར།