ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

རང་རྒྱལ་དུ་ནད་འདི་ཕོག་པའི་ནད་པ་བྱེ་བ་གཅིག་ལས་བརྒལ་ཡོད།

སྤེལ་དུས 2021-09-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

         སྤྱི་ཟླ་9ཚེས་21ཉིན་ནི་འཛམ་གླིང་གི་ཨར་ཚི་ཧའེ་མོ་ནད་ཀྱི་ཉིན་མོ་ཡིན། མི་མང་པོ་ཞིག་གིས་ནད་འདིར་རྒྱུས་ལོན་ཡོད་སྲིད། ཨར་ཚི་ཧའེ་མོ་ནད་ལ་རྒྱུན་དུ་བགྲེས་པོའི་གླེན་ནད་ཅེས་ཟེར་གྱི་ཡོད་ལ། བགྲེས་དུས་གླེན་ནད་ཀྱི་རྒྱུན་མཐོང་གི་རྣམ་པ་ཞིག་ཡིན་ཞིང་། འདི་ནི་དབང་རྩ་ཉམས་པའི་རང་བཞིན་གྱི་ཀླད་པའི་ནད་ཅིག་ཡིན། འཛམ་གླིང་ཨར་ཚི་ཧའེ་མོ་ནད་ཀྱི་སྙན་ཞུ་ལས་མངོན་པར། འཛམ་གླིང་དུ་ད་ལྟ་ཨར་ཚི་ཧའེ་མོ་ནད་ཕོག་པའི་ནད་པ་ཧ་ལམ་བྱེ་བ་5ཙམ་ཡོད་པ་དང་། རིགས་འགྲེ་རྩིས་རྒྱག་ལྟར་ན་ཀྲུང་གོ་རུ་ལོ་60ཡན་གྱི་བགྲེས་སོང་ཁྲོད་དུ་བགྲེས་པོའི་གླེན་ནད་ཕོག་པའི་ནད་པ་ཧ་ལམ་བྱེ་བ་1དང་ས་ཡ་5ཙམ་ཡོད་པ་དང་། དེའི་ཁྲོད་དུ་ཨར་ཚི་ཧའེ་མོ་ནད་ཕོག་པའི་ནད་པ་ཧ་ལམ་བྱེ་བ་1ཙམ་ཡོད།
རྩོམ་སྒྲིག་པ། སྣང་རྡོར།