ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ཨའོ་སྨི་ཁེ་རུང་གཞན་འགྱུར་དུག་སྡོང་ཐད་ཀྱི་དྲིས་ལན།

སྤེལ་དུས 2021-12-01 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
          ཏོག་གསར་ནད་དུག་གི་ཨའོ་སྨི་ཁེ་རུང་གཞན་འགྱུར་དུག་སྡོང་ལ་དམིགས་ནས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་རིགས་གཅིག་མཁས་པ་སྒྲིག་འཛུགས་བྱས་ཏེ་འབྲེལ་ཡོད་གནད་དོན་ལ་ལན་བཏབ་པ་སྟེ། 
          གཅིག ཨའོ་སྨི་ཁེ་རུང་གཞན་འགྱུར་དུག་སྡོང་རྙེད་པ་དང་ཁྱབ་པའི་གནས་ཚུལ། 
          2021ལོའི་ཟླ་11ཚེས་9ཉིན། ལྷོ་ཨ་ཧྥེ་རི་ཁས་ནད་དཔེའི་མ་དཔེ་ལས་ཏོག་གསར་ནད་དུག་B.1.1.529གཞན་འགྱུར་དུག་སྡོང་ཞིབ་དཔྱད་བྱས་པ་རེད། གཟའ་འཁོར་གཉིས་ཀྱི་ཡུན་ཐུང་ནང་གཞན་འགྱུར་དུག་སྡོང་དེ་ལྷོ་ཨ་ཧྥེ་རི་ཁའི་ཧའོ་ཏེང་ཞིང་ཆེན་གྱི་ཏོག་གསར་འགོས་ནད་ཀྱི་ལེགས་ཆ་ལྡན་པའི་གཞན་འགྱུར་དུག་སྡོང་ཞིག་ཏུ་གྱུར་ནས་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ཟླ་11ཚེས་26ཉིན། WHOཡིས་“དོ་ཁུར་བྱེད་པའི་གཞན་འགྱུར་དུག་སྡོང”ཨང་ལྔ་པར་བརྩིས་ནས།(variant of concern, VOC)མིང་ལ་ཀེ་རི་སེའི་གསལ་བྱེད་ཡི་གེ་Omicron(ཨའོ་སྨི་ཁེ་རུང)གཞན་འགྱུར་དུག་སྡོང)བཏགས། ཟླ་11ཚེས་28ཉིན་བར་ལྷོ་ཨ་ཧྥེ་རི་ཁ་དང་། དབྱི་སི་རལ། པེར་ཀྲེམ་བཅས་དང་། དབྱི་ཐ་ལི། དབྱིན་ཇི། ཨོ་སི་ཁྲུ་རི་ཡ། ཀྲུང་གོའི་ཤང་ཀང་སོགས་སུ་གཞན་འགྱུར་དུག་སྡོང་ཁྱབ་པ་ལྟ་ཞིབ་ཚད་ལེན་ཐུབ་ཡོད་པ་རེད། རང་རྒྱལ་གྱི་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་ལ་གཞན་འགྱུར་དུག་སྡོང་དེ་ཁྱབ་པ་ཤེས་རྟོགས་བྱུང་མེད། ཨའོ་སྨི་ཁེ་རུང་གི་གཞན་འགྱུར་དུག་སྡོང་ལྷོ་ཨ་ཧྥེ་རི་ཁར་ཐོག་མར་ཤེས་རྟོགས་དང་གནས་འཕྲིན་སྤེལ་གྱི་ཡོད་མོད། འོན་ཀྱང་ནད་དུག་དེ་ནི་ལྷོ་ཨ་ཧྥེ་རི་ཁར་རིམ་འགྱུར་བྱས་པ་ཞིག་ཡིན་པ་མཚོན་གྱི་མེད། གཞན་འགྱུར་དུག་སྡོང་རྙེད་ས་དེ་འབྱུང་ཁུངས་ཡིན་པའི་ངེས་པ་མེད། 
          གཉིས། ཨའོ་སྨི་ཁེ་རུང་གཞན་འགྱུར་དུག་སྡོང་འབྱུང་སྲིད་པའི་རྒྱུ་རྐྱེན། 
          ཏོག་གསར་ནད་དུག་གི་གཞི་གྲངས་མཛོད་GISAIDམིག་སྔར་མཉམ་སྤྱོད་བྱེད་པའི་ཆ་འཕྲིན་ལས་མངོན་པ་ལྟར་ན། ཏོག་གསར་ནད་དུག་ཨའོ་སྨི་ཁེ་རུང་གཞན་འགྱུར་དུག་སྡོང་འབྱུང་སའི་གནས་ཀྱི་གྲངས་འབོར་དེ་ཉེ་བའི་ལོ་གཉིས་ནང་ཁྱབ་པའི་ཏོག་གསར་ནད་དུག་གཞན་འགྱུར་དུག་སྡོང་ལས་མངོན་གསལ་དོད་པོས་མང་བ་དང་། ལྷག་པར་དུ་ནད་དུག་སྤྲི་དཀར་ཐོལ་འགྱུར་ཅུང་མང་བ་རེད། ཚོད་དཔག་བྱས་ན་དེའི་འབྱུང་རྒྱུ་ལ་གཤམ་གྱི་གནས་ཚུལ་གསུམ་ཡོད་དེ། 
         (གཅིག)རིམས་ཐར་ཆད་སྐྱོན་ཅན་ལ་ཏོག་གསར་ནད་དུག་འགོས་རྗེས། ལུས་སྟེང་དུ་དུས་ཡུན་རིང་བོར་འཕོ་འགྱུར་མང་པོ་བྱུང་ནས་སྟེས་དབང་གི་གོ་སྐབས་ལ་བརྟེན་ནས་ཁྱབ་སྤེལ་བྱེད་པ། 
         (གཉིས།)སྲོག་ཆགས་ཤིག་ལ་ཏོག་གསར་ནད་དུག་འགོས་རྗེས། ནད་དུག་དེ་སྲོག་ཆགས་ཚོགས་སྤྱིའི་ཁྲོད་ཁྱབ་པའི་གོ་རིམ་ཁྲོད་དུ་མཐུན་འཕྲོད་རང་བཞིན་གྱི་འཕེལ་འགྱུར་འབྱུང་བཞིན་ཡོད་ལ། འཕོ་འགྱུར་མྱུར་ཚད་མིའི་རིགས་ལས་མཐོ་བ་དང་། དེའི་རྗེས་ནས་མིའི་རིགས་ལ་འགོས་པ།
         (གསུམ།)གཞན་འགྱུར་དུག་སྡོང་དེ་ཏོག་གསར་ནད་དུག་གཞི་རྒྱུའི་ཚོགས་པའི་གཞན་འགྱུར་ལ་ལྟ་ཞིབ་ཚད་ལེན་བྱས་པ་རྗེས་ལུས་ཡིན་པའི་རྒྱལ་ཁབ་དང་ས་ཁུལ་དུ་དུས་ཡུན་རིང་བོར་རྒྱུན་མི་ཆད་པར་འགོས་ཁྱབ་བྱུང་བ་དང་། ལྟ་ཞིབ་ཚད་ལེན་གྱི་ནུས་པ་མི་འདང་བའི་རྐྱེན་གྱིས་དེའི་འཕེལ་འགྱུར་གྱི་རབས་བར་མའི་ནད་དུག་དུས་ཐོག་ཏུ་མ་རྙེད། 
          གསུམ། ཨའོ་སྨི་ཁེ་རུང་གཞན་འགྱུར་དུག་སྡོང་གི་འགོས་ཁྱབ་ནུས་པ།  
          མིག་སྔར། གོ་ལ་ཧྲིལ་པོར་ཨའོ་སྨི་ཁེ་རུང་གཞན་འགྱུར་དུག་སྡོང་གི་འགོས་ཁྱབ་ནུས་པ་དང་། ནད་སློང་ཤུགས། རིམས་ཐར་རིམས་འགོག་ནུས་པ་སོགས་ཐད་ཀྱི་མ་ལག་ཞིབ་འཇུག་གི་གྲངས་གཞི་གང་ཡང་མེད། འོན་ཀྱང་ཨའོ་སྨི་ཁེ་རུང་གི་གཞན་འགྱུར་དུག་སྡོང་ལ་དུས་མཉམ་དུ་VOCཡི་གཞན་འགྱུར་དུག་སྡོང་སྔོན་མ་4སྟེ། Beta(པེ་ཐ)Gamma(ཀཱ་མ)Dleta(ཏེར་ཐ)བཅས་ཀྱི་སྤྲི་དཀར་གྱི་ཨན་གཞི་སྐྱུར་གྱི་ཐོལ་འགྱུར་གནས་ཡོད། དེའི་ནང་དུ་ཕྲ་ཕུང་ལེན་གཟུགས་མཉམ་འདྲེས་ནུས་ཤུགས་དང་ནད་དུག་བསྐྱར་བཟོ་བྱེད་ནུས་ཆེ་རུ་གཏོང་བའི་ཐོལ་འགྱུར་གནས་ཚུད་ཡོད། རིམས་ནད་རིག་པ་དང་ཚོད་ལྟ་ཁང་གི་ལྟ་ཞིབ་ཚད་ལེན་གྲངས་གཞིའི་ཐོག་ནས་མངོན་པར། ལྷོ་ཨ་ཧྥེ་རི་ཁར་ཨའོ་སྨི་ཁེ་རུང་གཞན་འགྱུར་དུག་སྡོང་ནད་ཕོག་མཁན་མང་དུ་སོང་བ་དང་དེ་བཞིན་ཆ་ཤས་ཀྱིས་Deletaགཞན་འགྱུར་དུག་སྡོང་གི་ཚབ་བྱེད་པས་འགོས་ཁྱབ་ནུས་པར་སྔར་བས་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བྱེད་དགོས་ཀྱི་ཡོད་པ་རེད། 
          བཞི། ཨའོ་སྨི་ཁེ་རུང་གཞན་འགྱུར་དུག་སྡོང་གིས་རིམས་འགོག་སྨན་ཁབ་དང་འགོག་གཟུགས་སྨན་རྫས་ལ་ཤུགས་རྐྱེན་ཐེབས་པ། 
          ཞིབ་འཇུག་བྱས་པ་ལས་མངོན་པ་ལྟར་ན། ཏོག་གསར་ནད་དུག་Sསྤྲི་དཀར་ལ་གལ་ཏེ་K417Nདང་E484Aཡང་ན་N501Yཐོལ་འགྱུར་བྱུང་ན། རིམས་ཐར་རིམས་འགོག་གི་ནུས་པ་ཇེ་དྲག་ཏུ་སོང་བ་མཚོན་ཡོད། འོན་ཀྱང་ཨའོ་སྨི་ཁེ་རུང་གི་གཞན་འགྱུར་དུག་སྡོང་ལའང་དུས་གཅིག་ཏུ་“K417N+E484A+N501Y”རིགས་གསུམ་གྱི་ཐོལ་འགྱུར་གནས་ཡོད། གཞན་ཡང་། ཨའོ་སྨི་ཁེ་རུང་གཞན་འགྱུར་དུག་སྡོང་ལ་ད་དུང་རྒྱུད་བཤུས་རྐྱང་པའི་འགོག་གཟུགས་དང་གྲུང་གཤིས་ཇེ་དམའ་རུ་གཏོང་སྲིད་པའི་འཕོ་འགྱུར་གཞན་པ་མང་པོ་ཡོད། ཐོལ་འགྱུར་བརྩེགས་ན་འགོག་གཟུགས་སྨན་རྫས་སྐོར་ཞིག་གིས་ཨའོ་སྨི་ཁེ་རུང་གི་གཞན་འགྱུར་དུག་སྡོང་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཇེ་དམའ་རུ་གཏོང་སྲིད་པ་དང་། ད་ཡོད་ཀྱི་རིམས་འགོག་སྨན་ཁབ་ཀྱི་རིམས་ཐར་རིམས་འགོག་གི་ནུས་པར་སྔར་ལས་ལྷག་པར་ལྟ་རྟོག་དང་ཞིབ་འཇུག་བྱ་དགོས།
          ལྔ། ཨའོ་སྨི་ཁེ་རུང་གཞན་འགྱུར་དུག་སྡོང་གིས་རང་རྒྱལ་གྱིས་ད་ལྟ་སྤྱོད་པའི་ཉིང་སྐྱུར་བཤེར་འཇལ་ཚོད་རྫས་ལ་ཤུགས་རྐྱེན་ཡོད་དམ།  
          ཨའོ་སྨི་ཁེ་རུང་གཞན་འགྱུར་དུག་སྡོང་གི་རྒྱུ་གཞིའི་དབྱེ་ཞིབ་ལས་མངོན་པ་ལྟར་ན། དེའི་ཐོལ་འགྱུར་བྱུང་སའི་གནས་ཀྱིས་རང་རྒྱལ་གྱི་གཙོ་རྒྱུའི་ཉིང་སྐྱུར་བཤེར་འཇལ་ཚོད་རྫས་ཀྱི་ཚོར་སྐྱེན་རང་བཞིན་དང་དམིགས་ཁྱད་རང་བཞིན་ལ་ཤུགས་རྐྱེན་བཟོ་མི་ནུས། ཨའོ་སྨི་ཁེ་རུང་གཞན་འགྱུར་གྱི་ཐོལ་འགྱུར་གྱི་གནས་གཙོ་བོ་Sསྤྲི་དཀར་གཞི་རྒྱུའི་གཞན་འགྱུར་མཐོ་བའི་ཁུལ་དུ་འདུས་ཡོད། རང་རྒྱལ་གྱི་པར་གཞི་བརྒྱད་པ《ཏོག་གསར་གློ་ཚད་ནད་དུག་སྔོན་འགོག་ཚོད་འཛིན་ཇུས་གཞིའི》ནང་ཁྱབ་བསྒྲགས་བྱས་པའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་རྫས་དང་ཞིབ་དཔྱད་ཚད་ལེན་གྱི་ས་ཁོངས(ཀྲུང་གོའི་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱི་ནད་དུག་ཁང་གིས་གོ་ལ་ཧྲིལ་པོར་ཁྱབ་བསྒྲགས་བྱས་པའི་ORF1abརྒྱུད་རྒྱུ་དང་Nརྒྱུད་རྒྱུ)སུ་གནས་མེད། འོན་ཀྱང་། ལྷོ་ཨ་ཧྥེ་རི་ཁའི་ཚོད་ལྟ་ཁང་མང་པོའི་གྲངས་གཞི་ལས་མངོན་པར་གཞིགས་ན། ཞིབ་དཔྱད་ཚད་ལེན་དམིགས་འབེན་དེ་Sརྒྱུད་རྒྱུ་ཡིན་པའི་ཉིང་སྐྱུར་བཤེར་འཇལ་ཚོད་རྫས་ཀྱིས་ཨའོ་སྨི་ཁེ་རུང་གི་གཞན་འགྱུར་དུག་སྡོང་གི་Sརྒྱུད་རྒྱུ་ཕན་ནུས་ལྡན་པའི་སྒོ་ནས་ཞིབ་དཔྱད་ཐུབ་ཀྱི་མེད། 
          དྲུག འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་གྱིས་སྤྱད་པའི་བྱེད་ཐབས། 
          ཨའོ་སྨི་ཁེ་རུང་གཞན་འགྱུར་དུག་སྡོང་དེ་ལྷོ་ཨ་ཧྥེ་རི་ཁར་མགྱོགས་མྱུར་ཁྱབ་པའི་འཕེལ་ཕྱོགས་ལ་གཞིགས་ནས་ཨ་རི་དང་། དབྱིན་ཇི། ཡོ་རོབ་མནའ་འབྲེལ། ཨུ་རུ་སུ། དབྱི་སི་རལ། རང་རྒྱལ་གྱི་ཐའེ་ཝན་དང་ཤང་ཀང་སོགས་ཚུད་པའི་རྒྱལ་ཁབ་དང་ས་ཁུལ་མང་པོ་ཞིག་གིས་ཨ་ཧྥེ་རི་ཁའི་ལྷོ་རྒྱུད་ནས་ཡོང་བའི་འགྲུལ་པ་ས་ཁོངས་ནང་ཡོང་རྒྱུར་གཅིག་རྗེས་གཉིས་མཐུད་ངང་ཚོད་འཛིན་བྱས་པ་རེད། 
          བདུན། རང་རྒྱལ་གྱི་ཁ་གཏད་གཅོག་ཐབས། 
          རང་རྒྱལ་གྱི“ཕྱི་ནས་ནང་ལ་ཡོང་བ་སྔོན་འགོག་དང་ནང་ནས་བསྐྱར་འཕར་བྱུང་བར་སྔོན་འགོག”གི་སྔོན་འགོག་ཚོད་འཛིན་ཐབས་ཇུས་དེ་ཨའོ་སྨི་ཁེ་རུང་གཞན་འགྱུར་དུག་སྡོང་ལ་ཁ་གཏད་གཅོག་པར་སྔར་བཞིན་སྤྱོད་གོ་ཆོད་ཀྱི་ཡོད། ཀྲུང་གོའི་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱི་ནད་དུག་ཁང་གིས་ཨའོ་སྨི་ཁོ་རོང་གཞན་འགྱུར་དུག་སྡོང་ལ་དམིགས་ཏེ་དམིགས་ཁྱད་རང་བཞིན་གྱི་ཉིང་སྐྱུར་ཞིབ་དཔྱད་བྱེད་ཐབས་བཟོས་པ་མ་ཟད། མུ་མཐུད་དུ་ཕྱི་ནས་ཡོང་བའི་ནད་པར་དམིགས་ཏེ་ནད་དུག་གི་གཞི་རྒྱུའི་ཚོགས་པར་ལྟ་ཞིབ་ཚད་ལེན་ཡང་བྱས་པ་རེད། གོང་གི་བྱེད་ཐབས་དེ་དུས་ཐོག་ཏུ་རང་རྒྱལ་དུ་ཨའོ་སྨི་ཁེ་རུང་གཞན་འགྱུར་དུག་སྡོང་ཁྱབ་པ་ཤེས་རྟོགས་བྱེད་པར་ཕན་པ་ཡོད། 
          བརྒྱད། WHOཡིས་ཨའོ་སྨི་ཁེ་རུང་གཞན་འགྱུར་དུག་སྡོང་ལ་ཁ་གཏད་གཅོག་པའི་ཐད་ཀྱི་གྲོས་འགོ།  
          WHOཡིས་རྒྱལ་ཁབ་ཁག་གིས་ཏོག་གསར་ནད་དུག་གི་ལྟ་ཞིབ་ཚད་ལེན་དང་། སྙན་ཞུ། ཞིབ་འཇུག་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་པའི་འཕྲོད་བསྟེན་བྱ་ཐབས་ནུས་ལྡན་སྤྱད་དེ་ནད་དུག་མཆེད་རྒྱུ་བཀག་འགོག་བྱེད་དགོས་པའི་གྲོས་འགོ་བཏོན་པ་དང་། མི་སྒེར་གྱིས་སྤྱད་པའི་ནུས་ལྡན་གྱི་རིམས་ནད་སྔོན་འགོག་བྱེད་ཐབས་དེའི་ནང་མི་མང་འདུ་སར་མ་མཐའ་ཡང་བར་ཐག་སྨི་1གི་བར་ཐག་སྲུང་འཛིན་བྱེད་པ་དང་ཁ་ཐུམ་རྒྱག་པ། སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་པ། ལག་པར་གཙང་སྦྲ་བྱེད་པ། རིམས་འགོག་སྨན་ཁབ་རྒྱག་པ་སོགས་འདུས། དུས་མཚུངས་སུ་རླུང་རྒྱུག་མི་བདེ་བའམ་འཚང་ཁ་ཆེ་བའི་གནས་སུ་མི་འགྲོ་བར་བྱ་དགོས། VOCགཞན་འགྱུར་དུག་སྡོང་གཞན་དག་དང་བསྡུར་ཚེ་མིག་སྔར་ཨའོ་སྨི་ཁེ་རུང་གཞན་འགྱུར་དུག་སྡོང་གི་འགོས་ཁྱབ་ནུས་པ་དང་། ནད་སློང་རང་བཞིན། རིམས་ཐར་རིམས་འགོག་ནུས་པ་བཅས་སྔར་བས་ཆེན་པོ་ཡོད་མེད་ད་དུང་གཏན་འཁེལ་མེད་པ་དང་འབྲེལ་ཡོད་ཞིབ་འཇུག་ལ་འབྱུང་འགྱུར་གྱི་གཟའ་འཁོར་ཁ་ཤས་ནང་ཐོག་མའི་འབྲས་བུ་ཐོན་རྒྱུ་ཡིན་པ་རེད། འོན་ཀྱང་། མིག་སྔར་ཤེས་རྟོགས་བྱུང་བ་ཞིག་ནི་གཞན་འགྱུར་དུག་སྡོང་ཚང་མས་ནད་གཞི་ལྕི་པོ་ཕོག་པའམ་ཡང་ན་ཤི་བའི་གནས་ཚུལ་བཟོ་སྲིད། དེར་བརྟེན་ནད་དུག་འགོས་རྒྱུ་སྔོན་འགོག་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་འགག་རྩ་ཡིན་པ་དང་ཏོག་གསར་རིམས་འགོག་སྨན་ཁབ་དེ་ནད་གཞི་ལྕི་རིགས་དང་ཤི་ཚད་ཉུང་དུ་གཏོང་རྒྱུར་སྔར་བཞིན་ཕན་འབྲས་ཐོན་གྱི་ཡོད། 
          དགུ། གསར་དུ་བྱུང་བའི་ཏོག་གསར་ནད་དུག་ཨའོ་སྨི་ཁེ་རུང་གཞན་འགྱུར་དུག་སྡོང་ལ་ཁ་གཏད་གཅོག་ཆེད། སྤྱི་དམངས་ཀྱིས་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་གང་དག་ལ་དོ་སྣང་བྱེད་དགོས་སམ།
         (གཅིག)ཁ་ཐུམ་རྒྱག་རྒྱུ་ནི་སྔར་བཞིན་ནད་དུག་འགོ་བར་བཀག་འགོག་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཡིན་པས། ཨའོ་སྨི་ཁེ་རུང་གཞན་འགྱུར་དུག་སྡོང་ལའང་སྤྱོད་གོ་ཆོད་ཀྱི་ཡོད། བརྒྱུད་རིམ་ཧྲིལ་པོའི་རིམས་འགོག་སྨན་ཁབ་བརྒྱབ་པ་དང་སྣོན་ཁབ་བརྒྱབ་ཟིན་ན་ཡང་ད་དུང་ཁང་པའི་ནང་གི་སྤྱི་པའི་འདུ་གནས་དང་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་སོགས་ལ་ཁ་ཐུམ་རྒྱག་དགོས། གཞན་ད་དུང་རྒྱུན་དུ་ལག་པ་འཁྲུ་བ་དང་ཁང་བའི་ནང་དུ་རླུང་རྒྱུ་རུ་འཇུག་དགོས། 
         (གཉིས།)མི་སྒེར་གྱི་བདེ་ཐང་ལ་ལྟ་ཞིབ་ཡག་པོ་བྱེད་དགོས། ཏོག་གསར་གློ་ཚད་ཀྱི་ནད་རྟགས་དེ་དཔེར་ན། ཚ་རྒྱག་པ་དང་གློ་ལུ་བ།འབྱིན་རྔུབ་ཡུན་ཐུང་སོགས་ཀྱི་ནད་རྟགས་འབྱུང་སྐབས། དུས་ལྟར་ལུས་པོའི་དྲོད་ཚད་ལ་བརྟག་ནས་རང་འགུལ་གྱིས་སྨན་པར་སྟོན་དགོས། 
         (གསུམ།)དགོས་ངེས་མ་ཡིན་པའི་རྒྱལ་མཚམས་ནས་འགྲོ་འོང་ཉུང་དུ་གཏོང་དགོས། དུས་ཐུང་ཉིན་ཁ་ཤས་ནང་རྒྱལ་ཁབ་དང་ས་ཁུལ་མང་པོ་ཞིག་གིས་ཨའོ་སྨི་ཁེ་རུང་གཞན་འགྱུར་དུག་སྡོང་འགོས་པའི་སྙན་ཞུ་གཅིག་རྗེས་གཉིས་མཐུད་ངང་ཕུལ་བ་དང་རང་རྒྱལ་ལ་ཡང་གཞན་འགྱུར་དུག་སྡོང་འགོས་ཁྱབ་ཀྱི་ཉེན་ཁ་འཕྲད་པ་མ་ཟད། མིག་སྔར་གོ་ལ་ཧྲིལ་པོར་གཞན་འགྱུར་དུག་སྡོང་དེར་ངོས་འཛིན་བྱེད་ཚད་སྔར་བཞིན་ཚད་བཀག་ཡོད་པ་རེད། དེར་བརྟེན། ཉེན་ཁ་ཆེ་བའི་ས་ཁུལ་དུ་བསྐྱོད་རྒྱུ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པ་མ་ཟད། ཡུལ་སྐོར་བྱེད་རིང་མི་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ་ཨའོ་སྨི་ཁེ་རུང་འགོས་པའི་གོ་སྐབས་ཉུང་དུ་གཏོང་དགོས། 
རྩོམ་སྒྲིག་པ། སྣང་རྡོར།