ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

Appའདི་དག་གིས་སྒེར་གྱི་གསང་དོན་ཆ་འཕྲིན་ཁྲིམས་འགལ་འཚོལ་སྡུད་བྱས་འདུག

སྤེལ་དུས 2022-03-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       ཉེ་ཆར། རྒྱལ་ཁབ་རྩིས་འཁོར་ནད་དུག་འཕྲལ་གྲུབ་ཐག་གཅོད་ལྟེ་གནས་ཀྱིས་དྲ་སྦྲེལ་ལྟ་ཞིབ་ཚད་ལེན་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། འགུལ་སྐྱོད་Appརིགས་15དང་SDK(མཉེན་ཆས་གསར་སྤེལ་ཡོ་བྱད་སྡེབ་ཐུམ་)1གི་གསང་དོན་ཆ་འཕྲིན་སྒྲིག་སྲོལ་དང་མི་མཐུན་པ་དང་། དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བཅའ་ཁྲིམས་ལས་འགལ་བ། མི་སྒེར་གྱི་གསང་དོན་ཆ་འཕྲིན་དབང་ཚད་དང་ཁྱབ་ཁོངས་ལས་བརྒལ་ནས་འཚོལ་བསྡུ་བྱེད་པ་བཅས་ཀྱི་གནས་ཚུལ་ཡོད་པ་རེད། 
       གཅིག གསང་དོན་སྲིད་ཇུས་ནང་དུ་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་མཁན་གྱི་གཞི་རྩའི་གནས་ཚུལ་གསལ་བཤད་བྱས་མེད་པས་གསང་དོན་གཏན་འབེབས་དང་འགལ་བའི་དོགས་པ་ཡོད། འབྲེལ་ཡོད་SDKརིགས་1ཡོད་པ་གཤམ་གསལ། 
       གཉིས། དོ་བདག་ལ་སྒེར་གྱི་གསང་དོན་རེ་ཞུའི་དབང་ཚད་ཆ་ཚང་གསལ་བཤད་མ་བྱས་པས་གསང་དོན་གཏན་འབེབས་དང་འགལ་བའི་དོགས་པ་ཡོད་པ། འབྲེལ་ཡོད་Appརིགས་13ཡོད་པ་གཤམ་གསལ། 
       《Cute》(པར་གཞི་1.6.2པ། 360ཁ་པར་ལག་རོགས།)《ཧྥང་ཡོན་བདེ་ཐང་།》(པར་གཞི་1.8པ། 360ཁ་པར་ལག་རོགས།)《མེ་ཐོན་དོ་དམ་པའི་ལང་ཚོའི་པར་གཞི།》(པར་གཞི་3.21.400པ། 360ཁ་པར་ལག་རོགས།) 《ཨའེ་གཱ་རླངས་འཁོར།》(པར་གཞི་10.6.9པ། རོལ་མོའི་ཚོང་ཁང་།)《ཐེན་ཀྲི་ཧྲེ་Swech》(པར་གཞི་1.62པ། རོལ་མོའི་ཚོང་ཁང་།) 《ཞན་པིང་ཞིབ་འཇུག་རྒྱུགས་སྤྲོད།》(པར་གཞི་4.0.1པ། རོལ་མོའི་ཚོང་ཁང་།) 《ཞའོ་སྨི་བརྙན་འཕྲིན་ལག་རོགས།》(པར་གཞི་2.7.1པ། རོལ་མོའི་ཚོང་ཁང་།)《ཚོང་གཉེར་དཔེ་ཁང་།》(དཔར་གཞི་2.7.6པ། རོལ་མོའི་ཚོང་ཁང་།)《འཛམ་གླིང་བསྐྱར་འབྱེད།》(པར་གཞི་ 2.3.17 པ། རོལ་མོའི་ཚོང་ཁང་།) 《དར་སྲོལ་ལོ་རྒྱུས།》(པར་གཞི་ 3.9.55 པ། ཝན་ཏུའུ་ཅ།)《འཛམ་གླིང་མངའ་བདག་རོལ་རྩེད།》(པར་གཞི་ 4.1.9 པ། ཞའོ་སྨི་བརྙན་འཕྲིན་ལག་རོགས།) 《Healer》(པར་གཞི་ 2.5.0 པ། ཉེར་སྤྱོད་འབོ།)《དགའ་རྩེད་གོ་ལ།》(པར་གཞི་1.7.5 པ། ཉེར་སྤྱོད་འབོ།)སོགས་སོ། །
       གསུམ། མི་སྒེར་གྱི་ཆ་འཕྲིན་བསྡུ་ལེན་དང་བཀོལ་སྤྱོད་བྱེད་པའི་དམིགས་ཡུལ་དང་། བྱེད་སྟངས། ཁྱབ་ཁོངས་སོགས་རེ་རེ་བཞིན་བཀོད་མེད་པ་མ་ཟད། ཕྱོགས་གསུམ་པར་མི་སྒེར་གྱི་ཆ་འཕྲིན་གསང་སྡོམ་མེད་པར་འདོན་སྤྲོད་བྱེད་པས་གསང་དོན་གཏན་འབེབས་དང་འགལ་བའི་དོགས་པ་ཡོད་པ། འབྲེལ་ཡོད་Appརིགས་1དང་SDKརིགས་1ཡོད་པ་གཤམ་གསལ། 
       《ཚོང་གཉེར་དཔེ་ཁང་།》(དཔར་གཞི་2.7.6པ།རོལ་མོའི་ཚོང་ཁང་།)《Agor a Video Call》(པར་གཞི་6.2.8པ།)
       བཞི། Appསྤྱོད་མཁན་གྱི་མོས་མཐུན་མ་ཐོབ་གོང་ནས་མི་སྒེར་གྱི་ཆ་འཕྲིན་འཚོལ་སྡུད་བྱེད་འགོ་བརྩམས་པས་གསང་དོན་གཏན་འབེབས་དང་འགལ་བའི་དོགས་པ་ཡོད་པ། འབྲེལ་ཡོད་Appརིགས་5ཡོད་པ་གཤམ་གསལ། 
       《Cute》(པར་གཞི་1.6.2པ། 360ཁ་པར་ལག་རོགས།) 《ཞན་པིང་ཞིབ་འཇུག་རྒྱུགས་སྤྲོད།》(པར་གཞི་4.0.1པ། རོལ་མོའི་ཚོང་ཁང་།)《འཛམ་གླིང་བསྐྱར་འབྱེད།》(པར་གཞི་ 2.3.17 པ། རོལ་མོའི་ཚོང་ཁང་།)《ངའི་ལྗང་ལྗོངས།》(པར་གཞི་0.24.0པ། ལྗང་མདོག་ཐོན་ཁུངས་དྲ་བ།)《དར་སྲོལ་ལོ་རྒྱུས།》(པར་གཞི་ 3.9.55 པ། ཝན་ཏུའུ་ཅ།)བཅས་སོ། །
       ལྔ། མི་སྒེར་གྱི་ཆ་འཕྲིན་བཟོ་བཅོས་དང་བསུབས་པའམ་ཡང་ན་ཐོ་ཁོངས་སུབ་པའི་བྱེད་ནུས་ནུས་ལྡན་འདོན་སྤྲོད་བྱས་མེད་པའམ་ཐོ་ཞུགས་རྩིས་ཨང་མེད་པ་བཟོ་བར་ལུགས་དང་མི་མཐུན་པའི་ཚད་བཀག་བཟོས་པས་གསང་དོན་གཏན་འབེབས་དང་འགལ་བའི་དོགས་པ་ཡོད་པ། འབྲེལ་ཡོད་Appརིགས་5ཡོད་པ་གཤམ་གསལ། 
       《ཧྥང་ཡོན་བདེ་ཐང་།》(པར་གཞི་1.8པ། 360ཁ་པར་ལག་རོགས།)《ངང་བ་རེ་འཆང་གི་གློག་རྩོད་ཐད་གཏོང་ལག་རོགས།》(པར་གཞི་0.326པ། 360ཁ་པར་ལག་རོགས།) 《ཞན་པིང་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་པ། 》(པར་གཞི་4.0.1དང་། ལེ་ཚོང་ཁང་། )《འཛམ་གླིང་བསྐྱར་འབྱེད།》(པར་གཞི་ 2.3.17 པ། རོལ་མོའི་ཚོང་ཁང་།) 《དགའ་རྩེད་གོ་ལ།》(པར་གཞི་1.7.5 པ། ཉེར་སྤྱོད་འབོ།)བཅས་སོ། །
       དྲུག མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་ཞུ་གཏུག་དང་ཐེར་འདོན་ཐབས་ལམ་བཙུགས་མེད་པའམ་ཡོངས་བསྒྲགས་བྱས་མེད་པ། ཡང་ན་ཁས་ལེན་བྱས་པའི་ཐག་གཅོད་ལན་འདེབས་དུས་ཚོད་ལས་བརྒལ་བས་གསང་དོན་གཏན་འབེབས་དང་འགལ་བའི་དོགས་པ་ཡོད་པ། འབྲེལ་ཡོད་Appརིགས་3དང་SDKརིགས་1ཡོད་པ་གཤམ་གསལ། 
       《Cute》(པར་གཞི་1.6.2པ། 360ཁ་པར་ལག་རོགས།)《ཧྥང་ཡོན་བདེ་ཐང་།》(པར་གཞི་1.8པ། 360ཁ་པར་ལག་རོགས།)《ཐེན་ཀྲི་ཧྲེ་Swech》(པར་གཞི་1.62པ། རོལ་མོའི་ཚོང་ཁང་།)《Agor a Vido Call》(པར་གཞི་6.2པ།)བཅས་སོ། ། 
       གོང་གསལ་གནས་ཚུལ་ལ་དམིགས་ཏེ། རྒྱལ་ཁབ་རྩིས་འཁོར་ནད་དུག་འཕྲལ་གྲུབ་ཐག་གཅོད་ལྟེ་གནས་ཀྱིས་རྒྱ་ཆེའི་ལག་ཐོགས་ཁ་པར་སྤྱོད་མཁན་རྣམས་ལ། གོང་གསལ་ཁྲིམས་འགལ་སྒྲིག་འགལ་གྱི་Appདང་SDKཕབ་ལེན་དང་བེད་སྤྱོད་བྱེད་སྐབས་གཟབ་གཟབ་བྱེད་དགོས་པ་དང་། དེ་དང་ཆབས་ཅིག་དེའི་སྤྱོད་མཁན་གྱི་གྲོས་མཐུན་དང་སྒེར་གྱི་གསང་དོན་སྲིད་ཇུས་ཀྱི་གསལ་བཤད་ཞིབ་ཀློག་བྱེད་པ། མི་སྒེར་གྱི་གསང་དོན་ཆ་འཕྲིན་དབང་ཆ་གང་འདོད་དུ་མི་སྤྲོད་པ། མི་སྒེར་གྱི་གསང་དོན་ཆ་འཕྲིན་རང་དགར་ནང་འཇུག་མི་བྱེད་པ། དུས་བཀག་ནང་འབྲེལ་ཡོད་གྲངས་གཞི་སྲུང་སྐྱོབ་དང་གཙང་སེལ་བྱེད་པ་བཅས་ཀྱིས་མི་སྒེར་གྱི་གསང་དོན་ཆ་འཕྲིན་ཕྱིར་གྱར་རིགས་སྔོན་འགོག་བྱེད་དགོས་པའི་དྲན་སྐུལ་བྱས་འདུག
  1. རྩོམ་སྒྲིག་པ། སྣང་རྡོར།