ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

▶འཕུར་སྐྱོད་རླངས་འཁོར་གསར་སྤེལ་ལེཊ་འགྲུབ་བྱུང་འདུག

སྤེལ་དུས 2022-11-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

        གསར་འགོད་པས་ཁྲུང་ཆིང་གྲོང་ཁྱེར་ཚན་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་ཤས་གོང་།པེ་ཅིང་རྩིས་ཚན་བཟོ་སྐྲུན་སློབ་ཆེན་དང་།པེ་ཅིང་རྩིས་ཚན་བཟོ་སྐྲུན་རིག་པའི་སློབ་ཆེན་ཁྲུང་ཆིང་གསར་གཏོད་ལྟེ་གནས།ཁུའུ་ཧེ་ཚན་རྩལ(པེ་ཅིང)ཚད་ཡོད་ཀུང་སི་བཅས་ཀྱིས་ཁྲུང་ཆིང་གྲོང་ཁྱེར་དང་མཉམ་དུ།ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཤང་ཁྲང་ལེ་ཚོགས་པས་ཞིབ་འཇུག་གསར་སྤེལ་བྱས་པའི་མི་བཞུགས་རིམ་པའི་རིག་ནུས་གཟུགས་དབྱེ་རྣམ་པའི་འཕུར་སྐྱོད་རླངས་འཁོར་གྱི་མ་དཔེ་ལེགས་འགྲུབ་བྱུང་ཡོད་པ་ཁྱབ་བསྒྲགས་བྱས་པ་རེད།

        འདི་ནི་པེ་ཅིང་རྩིས་ཚན་བཟོ་སྐྲུན་སློབ་ཆེན་གྱི་མི་བཞུགས་རིམ་པའི་རིག་ནུས་གཟུགས་དབྱེ་རྣམ་པའི་འཕུར་སྐྱོད་རླངས་འཁོར་གྱི་མ་དཔེ་རླངས་འཁོར་ཡིན། 
        འཕུར་སྐྱོད་རླངས་འཁོར་དེས་རང་བརྟེན་འཕུར་སྐྱོད་འཕྲུལ་ཆས་དང་།རིག་ནུས་ཚོད་འཛིན་གྲུ་ཤགརང་འགུལ་འཁོར་གཏོང་ཞབས་སྡེར་བཅས་ཀྱི་རང་རྐྱ་རྣམ་པའི་གཟུགས་དབྱིབས་སྤྱད་པ་དང་།དེ་ནི་མི་དང་དངོས་པོར་ཁ་ཕྱོགས་པའི་སྐྱེལ་འདྲེན་མ་ལག་ཅིག་རེད།
        དེ་ལས་ཐད་ཀར་འཕུར་སྐྱོད་ཀྱི་འཕྲུལ་ཆས་ཀྱི་ལྗིད་ཚད་ཆེ་ཤོས་སྤྱི་རྒྱ650དང་།ལམ་འགྲོ6གི་ལམ་དང་རླུང་འབུད་འཁོར་ལོ་ 6དང་འཁོར་རྟེན་ 8གཤོག་པ་16ཅན་རིགས་གཉིས་ཡོད་ལ།དེའི་ལྗིད་ཚད་ལ་སྤྱི་རྒྱ280ཡོད།རིག་ལྡན་བཀོད་འདོམས་སྡོད་ཤག་དང་དེའི་ནང་རྒྱན་ཇུས་འགོད་ཀྱི་རྒྱུ་ཆ་ནི་ཧ་ཅང་ཡང་བ་ཞིག་དང་།དེའི་ལྗིད་ཚད་ལ་སྟོང་ཁེ་80དང་འདུག་སྟེགས་གཉིས་ཡོད་པ།རང་འགུལ་འཁོར་ལོའི་ཞབས་སྡེར་གྱི་ཐེག་ཚད་ནི་སྟོང་ཁེ་500ལྷག་དང་། འགྲོས་ཚད་མྱུར་ཤོས་ནི་ཆུ་ཚོད་རེར་སྤྱི་ལེ་80ཡིན།
        ངོ་སྤྲོད་བྱས་པ་ལྟར་ན།འཕུར་སྐྱོད་རླངས་འཁོར་དེར་ས་ཐག་ཉེ་བའི་འཕུར་སྐྱོད་འཕྲུལ་ཆས་དང་ས་ངོས་ཀྱི་འགྲོ་སྐྱོད་ཞབས་སྡེར་སོ་སོར་ལེགས་ཆ་དང་།རིག་ལྡན་འགྲིམ་འགྲུལ་ལེགས་ཆ།ནུས་རྒྱུ་བཟང་ཤོས་ཀྱི་ཕན་འབྲས་བཅས་འདོན་སྤེལ་གང་ལེགས་བྱས་པའི་ཁྱད་ཆོས་ལྡན་པ་དང་།མི་སྣ་དང་དངོས་ཟོག་སྐྱེལ་འདྲེན་གྱི་སྟབས་བསྟུན་རང་བཞིན་ལྡན་ཡོད་པ་རེད།སྐམ་ས་དང་ནམ་མཁའི་གནས་ཡུལ་གནད་ལ་འཁེལ་བ་གཏན་འཁེལ་དང་ཤེས་ཚོར་བྱེད་ཐུབ་ཅིང་།རིག་ནུས་ཐབས་ཇུས་འཆར་འགོད།རང་འགུལ་སྣེ་ཁྲིད་དང་འབྲེལ་མཐུད་སོགས་ཀྱི་ལག་རྩལ་ལ་བརྟེན་ནས་དཔེ་དུམ་སྡེབ་སྒྲིག་བསྐྱར་སྒྲིག་བྱེད་ཐུབ་པ།སྐམ་ས་དང་མཁའ་ལམ་གཉིས་ཀྱི་འགྲོ་སྐྱོད་རྣམ་པ་བརྗེ་རེས་བྱེད་ཆོག་གི་ཡོད་པ་རེད།  
རྩོམ་སྒྲིག་པ། སྣང་རྡོར།