ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

སྐད་འཕྲིན་ཐོག་ནང་དོན་འདིའི་རིགས་གཏན་ནས་བསྐུར་མི་ཆོག

སྤེལ་དུས 2022-11-23 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
         ཉེ་ཆར། སྐད་འཕྲིན་སྤྱི་སྟེགས་གཉེར་སྐྱོང་ལྟེ་གནས་ཀྱིས་སྤྱི་བསྒྲགས་སྤེལ་ནས། ཉེ་དུས་སྐད་འཕྲིན་ལས་སྟེགས་ཀྱིས་གཉེར་སྐྱོང་བ་ཁག་ཅིག་གིས་ལེ་ཐུའོ་དང་། ཨང་གྲངས། ཅི་ནུའོ་སོགས “རྒྱན་ཤོག་སྔོན་དཔག”རིགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུར་ཁ་གཡར་ནས་སྤྱོད་མཁན་ལ་འགྲོ་གྲོན་བསྡུ་ལེན་བྱས་པ་ཤེས་རྟོགས་བྱུང་བ་རེད། རྒྱན་ཤོག་གི་བྱ་དགའ་ཐོབ་པ་དེ་ནི་སྲིད་ཕྱོད་ཆུང་བའི་དོན་རྐྱེན་ཞིག་ཡིན་པ་དང་། སྤྱོད་མཁན་ལ་དངུལ་སྤྲད་དེ་རྒྱན་ཤོག་གི་སྔོན་དཔག་མཇུག་འབྲས་ཉོ་རུ་བཅུག་པའི་བྱ་སྤྱོད་དེས་སྤྱོད་མཁན་གྱི་རྒྱུ་ནོར་ལ་གྱོང་གུན་བཟོས་པ་དང་། རྩོད་གཞི་དང་ཞུ་གཏུག་མང་ཙམ་ཐོན་ནས་ལས་སྟེགས་སྤྱོད་མཁན་གྱི་ཉམས་ལེན་ལ་ཤུགས་རྐྱེན་ཐེབས་པར་བརྟེན། ལས་སྟེགས་ཀྱིས་ནང་དོན་དེ་རིགས་དང་དེ་བཞིན་ཞབས་ཞུ་སྔར་ལས་ཚད་ལྡན་དུ་གཏོང་རྒྱུ་ཡིན་པ་རེད།
         རྒྱན་ཤོག་སྔོན་དཔག་རིགས་ཀྱི་ནང་དོན་དང་རྒྱན་ཤོག་སྔོན་དཔག་རིགས་ཀྱི་ཚོང་ཟོག་ཕྱིར་ཚོང་བྱེད་པ་གཏན་འགོག་བྱ་རྒྱུ་རེད།

         སྐད་འཕྲིན་སྤྱི་སྟེགས་གཉེར་སྐྱོང་ལྟེ་གནས་ཀྱིས་དྲན་སྐུལ་བྱས་དོན། སྐད་འཕྲིན་སྤྱི་སྟེགས་དང་བྱ་རིམ་ཆུང་ངུའི་ཐོག“རྒྱན་ཤོག་སྔོན་དཔག”རིགས་ཀྱི་ནང་དོན་དང་། དེ་བཞིན་ཞབས་ཞུ་ཁྱབ་བསྒྲགས་བྱས་པའི་སྐད་འཕྲིན་བདག་པོས་2022ལོའི་ཟླ་11ཚེས་28ཉིན་གོང་འབྲེལ་ཡོད་ནང་དོན་དུས་ཐོག་ཏུ་སུབ་པའམ་ཡང་ན་མེད་པར་བཟོ་དགོས། དེ་ལྟར་མ་བྱས་ཚེ་ལས་སྟེགས་ཀྱི་སྒྲིག་སྲོལ་ལྟར་ཐག་གཅོད་བྱ་རྒྱུ་རེད།
རྩོམ་སྒྲིག་པ། སྣང་རྡོར།