ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

རྒྱགས་པ་ཆགས་མི་འདོད་ན་ཟས་རིགས་འདི་དག་མཆོད་དང་།

སྤེལ་དུས 2023-02-07 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
        ཤ་རིད་དུ་གཏོང་དགོས་ན། ལུས་སྦྱོང་བྱ་རྒྱུ་ནི་ཨ་ཅང་བརྗོད་མེད་རེད། འོན་ཀྱང་། མི་ལ་ལས་ལྟོ་ཆས་ཉུང་ཉུང་བཟས་ནས་གཟུགས་པོ་སྐམ་པོ་ཆགས་ཐབས་བྱེད་ཀྱི་ཡོད། དེ་ནི་ཚན་རིག་དང་མི་མཐུན་ལ་ལུས་ཟུངས་ལའང་གནོད་སྲིད། ད་ཆ། ལྟོ་ཆས་ཡག་པོ་བཟས་ནས་ཤ་སྐམ་དུ་གཏོང་བ་དར་བཟོར་གྱུར་པས། བདེ་ཐང་གི་ཟས་རིགས་ཤིག་བདམས་ནས་གཟུགས་པོར་འཇུ་བདེ་བ་དང་འབུད་སླ་བ་ཞིག་ཡོང་བ་བྱེད་དགོས། དེ་འདྲ་བྱུང་ན། འཚོ་བཅུད་སྙོམས་ཐུབ་པ་མ་ཟད། ལྟོ་ཆས་རྒྱུན་གཏན་ལྟར་བཟས་ནའང་དེ་ཙམ་རྒྱགས་པ་ཆགས་ཀྱི་མེད།
        གཤམ་ལ་ངོ་སྤྲོད་ཞུས་པའི་ཟས་རིགས་འདི་དག་མང་པོ་བཟས་ནའང་གཟུགས་པོ་རྒྱགས་པ་ཆགས་མི་སྲིད།  

       སུར་པན་སོགས།
       ཚིལ་ལུ་བཞུར་བའི་ནུས་པ་ལྡན་པའི་ལྒ་དང་། སྐེ་ཕྱེ། སུར་པན་བཅས་སྔོ་ཚལ་དང་མཉམ་དུ་བཟས་ན་བཙོག་པ་འབུད་སླ་རུ་འགྲོ་བས། གོང་གི་ཟས་རིགས་འདི་དག་བཟས་ན་རྒྱགས་པ་ཆགས་མི་སྲིད། རི་པིན་བས་མང་པོ་ཟ་བའི་སྐེ་ཕྱེ་ལ་རྫས་འགྱུར་6-MITCཟེར་བ་ཞིག་འདུས་ཡོད་པས། དབྱང་འགྱུར་མི་ཐུབ་ཅིང་། དུག་སེལ་བྱེད་ཀྱི་ཡོད་སྟབས། གཟུགས་པོ་སྐམ་དུ་གཏོང་བའི་ཟས་རིགས་ཤིག་རེད་འདུག 
       གོང་གསལ་གྱི་ཟས་རིགས་ཕུད། ད་དུང་བྱ་ཤའི་བྲང་ཁོག་དང་། ལ་ཕུག འབྲུ་རིགས་རྩིང་པོས་ཀྱང་གཟུགས་པོ་སྐམ་པར་ཕན་ཐོགས་ཆེན་པོ་འདུག 

       སོ་བ(大麦)
       སོ་བར་ཆུར་བཞུར་བའི་རང་བཞིན་གྱི་ཚི་སྣ་འབྲས་རྩིང་ལས་ལྡབ་8.5ཡིས་མང་བས། ཁྲག་མངར་བརྟན་དུ་གཏོང་བ་དང་རྒྱུ་ལམ་གཤོང་བའི་ཟས་རིགས་ཡག་ཤོས་རེད། གཞན་ཡང་། ཆུར་བཙོས་པའི་སོ་བར་ཞོའམ་ཡང་ན་འོ་མ་བསྲེས་ཏེ་ཞོགས་ཟས་བྱས་ནས་བཟས་ཚེ། གྲོད་པ་རྒྱགས་སླ་བའི་ཁར་བཙོག་པ་གཤོང་སླ་རུ་འགྲོ་བ་དང་། ཡང་སྒོས་རྒྱུ་ལམ་གཙང་སེལ་ལའང་ནུས་པ་ཆེན་པོ་ཐོན་གྱི་འདུག
       ཉ།  
       ཉར་ཉ་སྣུམ་EPAདང་DHAཟེར་བ་འདུས་ཡོད་པས། ཁྲག་རྒྱུག་སླ་རུ་འགྲོ་བ་དང་གཟུགས་པོའི་ཚི་ལུ་བཞུར་བདེ་རུ་འགྲོ་གི་ཡོད་སྟབས། ཁྲག་སྙོམས་པོ་རྒྱུགས་པ་དང་ཁྲག་ལམ་གཙང་མ་ཡོང་བར་ནུས་པ་ཐོན་གྱི་ཡོད། གལ་ཏེ་གཟུགས་པོ་སྐམ་དུ་གཏོང་དགོས་ན་ཚིལ་མང་བའི་ཤའི་ཚབ་ཏུ་ཉ་ཤ་བཟས་ན་འཚམ་པོ་ཡོད། 

       སྐྱུ་རུའི་སྣུམ།
       རོ་ཁ་བའི་སྐྱུ་རུའི་སྣུམ་གྱིས་ཀྱང་རྒྱུ་ལམ་གཤོང་བར་ནུས་པ་ཆེན་པོ་ཐོན་གྱི་འདུག 

       མཚོ་སྐྱེས་སྔོ་རིགས།
       མཚོ་སྐྱེས་སྔོ་རིགས་ལ་རྒྱུ་ལམ་འབུ་ཕྲས་དགའ་པོ་བྱེད་པའི་ཆུར་བཞུར་བའི་རང་བཞིན་གྱི་ཚིལ་སྣ་ལྡན་པས། གཟུགས་པོ་སྐམ་དུ་གཏོང་བའི་ཟས་རིགས་རེད་ལ། མཚོ་སྐྱེས་སྔོ་རིགས་ཀྱིས་གཟུགས་པོའི་ཚི་ལུ་བཞུར་སླ་རུ་འགྲོ་གི་ཡོད་མོད། ཡིན་ནའང་བཙོས་ནས་བཟས་ན་ནུས་པ་ཞན་དུ་འགྲོ་བས། རབས་བྱུང་ན་གྲང་ཚལ་བཟོས་ནས་བཟས་ཚེ་ཡག་པོ་འདུག 
རྩོམ་སྒྲིག་པ། སྣང་རྡོར།