ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

སློབ་གསོ་པུས་རིམས་ནད་མེད་ཚེ་སློབ་གྲྭའི་སློབ་འགོ་ཚུགས་པར་་་

སྤེལ་དུས 2023-02-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཚེས9ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། སློབ་གསོ་པུའི་ལུས་རྩལ་འཕྲོད་བསྟེན་དང་སྒྱུ་རྩལ་སློབ་གསོ་སིའི་སི་ཀྲང་གཞོན་པ་རིམ་པ་དང་པོའི་སྐོར་ཞིབ་པ་ལིའུ་ཕེ་ཅུན་གྱིས།  སྤྱི་ཡོངས་ཀྱི་གནས་ཚུལ་ལ་བལྟས་ན་མིག་སྔར་རྒྱལ་ཡོངས་ཀྱི་རིམས་ནད་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་ལ།  སློབ་གྲྭའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་ཁ་གསལ་བ་མ་ཟད།  ས་གནས་ཁག་གི་སློབ་འགོ་ཚུགས་པའི་གྲ་སྒྲིག་ཀྱང་གཞི་རྩའི་ཆ་ནས་བྱས་ཟིན་པས། ད་ལོའི་དཔྱིད་དུས་སུ་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་དུས་བཀག་དང་རྒྱུན་གཏན་ལྟར་བདེ་འཇགས་ངང་སློབ་འགོ་ཚུགས་ཐུབ།  གལ་ཏེ་དམིགས་བསལ་གྱི་གནས་ཚུལ་མེད་ཚེ་སྤྱིར་བཏང་སློབ་འགོ་སྔོན་ལ་ཚུགས་མི་ཆོག་ལ།   རིམས་ནད་ཀྱི་ཉེན་ཁ་མེད་ཚེ་སྤྱིར་བཏང་སློབ་མ་སློབ་གྲྭར་ལོག་རྒྱུའང་ནར་འགྱངས་བྱེད་མི་སྲིད་ཅེས་བཤད།
རྩོམ་སྒྲིག་པ། སྣང་རྡོར།