ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

སློབ་གྲྭའི་ནང་ཚོང་ཁང་འཛུགས་ཆོག་མིན་ཐད།

སྤེལ་དུས 2023-02-20 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
          ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་དྲ་ཚིགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ཆར། སྡེ་ཚན་བཞིས《2023ལོའི་དཔྱིད་དུས་ཀྱི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》དཔར་འགྲེམས་བྱས་པའི་ནང་། ས་གནས་ཁག་གི་སློབ་གསོའི་སྡེ་ཁག་གིས་སློབ་གྲྭ་ཆུང་འབྲིང་དང་། བུ་བཅོལ་ཁང་ལ་རྩ་དོན་ཐོག་སློབ་གྲྭའི་ནང་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་འཛུགས་མི་ཆོག་ཅིང་། འཛུགས་དགོས་རིགས་ཀྱིས་ཚྭ་མང་བ་དང་། མངར་ཆ་མང་བ། ཚིལ་མཐོ་བཟའ་བཅའ་བཅས་འཚོང་མི་ཆོག་པའི་ལྟ་སྐུལ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།