ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ས་ཆ་འདི་ནས་གནའ་བོའི་བང་སོ་570རྙེད་འདུག

སྤེལ་དུས 2023-03-13 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
        ཚེས་8ཉིན། གསར་འགོད་པས་ཧོ་ནན་ཞིང་ཆེན་སན་མོན་ཞ་གྲོང་ཁྱེར་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སན་མོན་ཞ་ཁོངས་ཧྲའན་ཀྲོའུ་གྲོང་གི་གནའ་ཤུལ་ནས་གནའ་བོའི་བང་སོ་570སྔོག་འདོན་བྱས་པ་དང་། ལི་མའི་ཅོང་3རྙེད་པ་རེད། དེ་ནི་སན་མོན་ཞ་གྲོང་ཁྱེར་དངོས་སུ་བཙུགས་པ་ནས་བཟུང་། ཀྲན་གོ་རྒྱལ་རབས་དུས་ཀྱི་ལི་མའི་ཅོང་ཪྙེད་པ་ཐོག་མ་རེད། དུར་སའི་ཁུལ་དེ་རྙེད་པ་དེས། ཀྲོའུ་རྒྱལ་རབས་ཤར་མའི་དུས་སྐབས་ཀྱི་དུར་སའི་ཁྱབ་ཚུལ་དང་སྤྱི་ཚོགས་དང་ཆབ་སྲིད་ཀྱི་འཕོ་འགྱུར་ལ་ཞིབ་འཇུག་བྱེད་པར་གནའ་རྫས་རྟོག་ཞིབ་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས་ཡོད་ལ། ཁྲུན་ཆིའུ་ཀྲན་གོ་དུས་རབས་སུ་བར་བརྒལ་གྱི་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་ལ་ཞིབ་འཇུག་བྱེད་པར་ཡང་དངོས་རྫས་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས་ཡོད།  

        ཧྲའན་ཀྲོའུ་གྲོང་མཁར་གྱི་དུར་སའི་རྗེས་ཤུལ་ནི་ཧོ་ནན་ཞིང་ཆེན་སན་མོན་ཞ་གྲོང་ཁྱེར་ཁོངས་ཧྲའན་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་ཡོད། 2021ལོའི་ཟླ་9པ་ནས་2022ལོའི་ཟླ་9པའི་བར། སན་མོན་ཞ་ཧྲའན་ཀན་ཐང་སློབ་གྲྭའི་རྣམ་གྲངས་འཛུགས་སྐྲུན་ལ་གཞོགས་འདེགས་བྱ་ཆེད། སན་མོན་ཞ་ཧྲའན་གྲོང་ཁྱེར་གྱི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་གནས་དེར་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱས་པ་རེད། 

        ད་ཐེངས་གནའ་རྫས་རྟོག་ཞིབ་བྱེད་སྐབས་ཁྱོན་བསྡོམས་བང་སོ་570སྔོག་འདོན་བྱས་པ་དང་། དུས་རབས་ནི་ཁྲུན་ཆིའུ་ཀྲན་གོའི་དུས་རབས་དང་། ཧན་རྒྱལ་རབས་གཉིས། ཐང་རྒྱལ་རབས། མིང་རྒྱལ་རབས་དང་ཆིང་རྒྱལ་རབས་སོགས་ཚུད་ཡོད། དུར་རྫས་3000ལྷག་ཙམ་རྙེད་པ་དང་། དེའི་ནང་ཀྲན་གོའི་དུས་རབས་ཀྱི་བང་སོ་223ཡོད་པ་རེད། 

རྩོམ་སྒྲིག་པ། སྣང་རྡོར།