ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ཚན་རིག་པས་གྱོན་ཆོག་པའི་མི་བཟོས་མགྲིན་པ་བཟོས་འདུག

སྤེལ་དུས 2023-03-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

        ཆེ་ཆུང་ལ་དངུལ་སྒོར་ལྟ་བུ་ཡོད་པའི་རྡོ་སྣག་ཞི་ལེབ་ཅིག་མིའི་མགྲིན་པའི་ཉེ་ས་རུ་སྦྱར་ཚེ་སྐད་ཆ་བཤད་མི་ཐུབ་མཁན་ཚོས་སྒྲ་འབྱིན་ཐུབ། ཉེ་ཆར། ཆིང་ཧྭ་སློབ་ཆེན་འདུས་གྲུབ་གློག་ལམ་སློབ་གླིང་གི་དགེ་རྒན་ཆེན་མོ་བ་རེན་ཐེན་ལིང་དང་ཁོང་གི་མཉམ་ལས་ཚོགས་པས་རིག་ནུས་སྐད་གདངས་སྤེལ་རེས་ཐད་གྲུབ་འབྲས་གལ་ཆེན་བླངས་ཡོད།  ཁོ་ཚོས་ཞིབ་འཇུག་གསར་བཟོ་བྱས་པའི་གྱོན་ཆོག་པའི་མིས་བཟོས་མགྲིན་པ་དེས་འབྲེལ་ཡོད་བརྡ་རྟགས་ཚོར་ཐུབ་པ་མ་ཟད། ད་དུང་མིས་བཟོས་རིག་ནུས་དཔེ་དབྱིབས་བརྒྱུད་དེ་དབྱེ་འབྱེད་བྱས་པ་སྐད་གདངས་སུ་བསྒྱུར་ཐུབ་ལ། སླར་གསོ་བྱེད་ཚད་90%ལས་བརྒལ་འདུག  
        ཞིབ་འཇུག་བྱས་འབྲས་དེས་སྐད་གདངས་དབྱེ་འབྱེད་དང་སྤེལ་རེས་མ་ལག་ལ་ལག་རྩལ་གྱི་ཐབས་ལམ་གསར་པ་ཞིག་མཁོ་འདོན་བྱས་པ་མ་ཟད། ཉེ་ཆར་རང་བྱུང་ཞེས་པའི་མིས་བཟོས་རིག་ནུས་ལག་དེབ་རང་བྱུང་དང་འཕྲུལ་ཆས་རིག་ནུས་ཞེས་པའི་ཐོག་སྤེལ་ཡོད།

        སྐད་གདངས་ནི་མིའི་རིགས་ཀྱི་འབྲེལ་འདྲིས་ཐབས་ལམ་གཙོ་བོ་ཞིག་ཡིན་མོད། འོན་ཀྱང་སྐད་ཆ་བཤད་མཁན་གྱི་བདེ་ཐང་གནས་ཚུལ་དང་།( དཔེར་ན་དབང་རྩའི་ནད་དང་། སྐྲན་ནད། ཕྱི་རྨས་སོགས་ཀྱིས་བཟོས་པའི་སྒྲའི་བཀག་རྒྱ)ཉེ་འཁོར་གྱི་ཁོར་ཡུག(འཛེར་སྒྲ་དང་བརྒྱུད་འགྲེམས་སྨྱན་རྫས)གིས་རྒྱུན་དུ་སྐད་ཆ་བརྒྱུད་སྤྲོད་དང་དབྱེ་འབྱེད་ལ་ཤུགས་རྐྱེན་བཟོ་བཞིན་ཡོད།  ཞིབ་འཇུག་མི་སྣས་དུས་ཡུན་རིང་པོ་སྐད་གདངས་དབྱེ་འབྱེད་དང་ཕན་ཚུན་བརྗེ་རེས་ཀྱི་ལག་རྩལ་ཇེ་ལེགས་སུ་བཏང་ནས་སྐད་གདངས་ཞན་པའི་འབྱུང་ཁུངས་དང་འཛེར་སྒྲའི་ཁེངས་པའི་ཁོར་ཡུག་ལ་ཧུར་ཐག་གིས་གདོང་གཏོད་བཞིན་ཡོད། བརྒྱུད་ལམ་མང་པོའི་སྒྲ་རིག་ཚོར་འདྲེན་འཕྲུལ་ཆས་ཀྱིས་སྒྲའི་ངོས་འཛིན་གྱི་ཞིབ་ཚད་མངོན་གསལ་གྱིས་མཐོར་འདེགས་སུ་གཏོང་ཐུབ་མོད། འོན་ཀྱང་སྒྲིག་ཆས་ཀྱི་བོངས་ཚད་དེ་བས་ཆེ་བཟོ་སྲིད་པ་དང་། གོན་ཆོག་པའི་སྒྲིག་ཆས་ཀྱིས་སྤུས་ཚད་མཐོ་བའི་སྐད་གདངས་ངོ་མ་དང་ཡང་ན་ལུས་ཁམས་ཀྱི་བརྡ་རྟགས་གཞན་དག་ལེན་ཐུབ། འོན་ཀྱང་མིག་སྔར། ད་དུང་གྲེ་བའི་ཤ་གྲིམ་གྱི་འགུལ་སྐྱོད་རྣམ་པ་དང་ཕྱི་ངོས་ཀྱི་སྒྲ་འབྱིན་དབང་པོའི་འདར་འགུལ་ཁྲོད་དབྱེ་འབྱེད་བྱ་ཐུབ་པའི་སྐད་གདངས་ཀྱི་ཁྱད་ཆོས་མངོན་ཐུབ་མིན་ལ་དཔང་རྟགས་ཁུངས་བཙན་ཞིག་མེད་པ་མ་ཟད།   སྐད་གདངས་དབྱེ་འབྱེད་ལག་རྩལ་གྱི་ཆ་ཚང་རང་བཞིན་ཐད་ལའང་ཚོད་ལྟའི་ར་སྤྲོད་ཐུབ་མེད།

        གནད་དོན་འདི་ཐག་གཅོད་བྱ་ཆེད་རིན་ཐེན་ལིན་ཚོགས་པའི་ཁོངས་མི་རྣམས་ཀྱིས་རྡོ་སྣག་ལ་བརྟེན་པའི་གྱོན་ཆོག་པའི་རིག་ནུས་མིས་བཟོས་མགྲིན་པ་ཞིག་ཞིབ་བཟོ་བྱས།
        ཁོ་ཚོའི་ཚོགས་པས་ད་དུང་མི་ཐབས་ལ་བརྟེན་པའི་རིག་ནུས་ཀྱི་རྣམ་པ་བེད་སྤྱད་དེ་མིས་བཟོས་མགྲིན་པའི་ཤེས་ཚོར་གྱི་བརྡ་རྟགས་ལ་བརྟེན་ནས་སྐད་གདངས་དབྱེ་འབྱེད་དང་མཉམ་འདྲེས་བྱས་ཏེ་གཞི་རྩའི་སྐད་གདངས་ཀྱི་གཞི་རྒྱུའི་(སྒྲ་རྒྱུ་དང་། ང་རོ།   ཐ་སྙད)དབྱེ་འབྱེད་ཐུབ་ཚད་མཐོན་པོ་མངོན་འགྱུར་བྱུང་བ་དང་།  དེ་མིན་ད་དུང་མགྲིན་པའི་འབྲས་སྐྲན་བྱུང་མཁན་གྱི་སྐད་གདངས་མི་གསལ་བ་དབྱེ་འབྱེད་དང་བསྐྱར་དུ་མངོན་པའི་ཐད་སྐད་ཆ་བཤད་མི་ཐུབ་མཁན་བར་གྱི་འབྲེལ་གཏུག་དང་སྤེལ་རེས་ལ་གསར་གཏོད་རང་བཞིན་གྱི་ཐག་གཅོད་ཇུས་གཞི་ཞིག་མཁོ་འདོན་བྱས་ཡོད།
རྩོམ་སྒྲིག་པ། སྣང་རྡོར།