ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

སློབ་གསོ་པུའུ་ཡིས་རྒྱལ་ཁབ་ཚོད་འཛིན་ཆེད་ལས་ལས་རིགས153གསར་སྣོན་བྱས་ཏེ་ད་ལོ་ནས་བཟུང་སློབ་མ་བསྡུ་ཆོག་ཅེས་བསྟན་པ།

སྤེལ་དུས 2023-03-27 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
        ཉེ་སྔོན། སློབ་གསོ་པུའུ་ཡིས《2023ལོའི་མཐོ་རིམ་ལས་རིགས་སློབ་གསོའི་ཆེད་ལས་ཚན་ཁག་གི་ཆེད་ལས་བཀོད་སྒྲིག་ཐོ་འགོད་དང་ཞིབ་བཤེར་མཆན་འགོད་བྱས་འབྲས་སྐོར་གྱི་བརྡ་ཐོ》བསྒྲགས་པ་དང་། དེའི་ནང་གསར་དུ་བསྣན་པའི་རྒྱལ་ཁབ་ཚོད་འཛིན་ཆེད་ལས་ལས་རིགས153ཡོད་པ་དང་ད་ལོ་ནས་བཟུང་སློབ་མ་བསྡུ་ཆོག་པ་རེད།    
        ཤེས་གསལ་ལྟར་ན། རྒྱལ་ཁབ་ཚོད་འཛིན་ཆེད་ལས་ནི་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་ཆེད་ལས་ཡིན་པ་དང་།  མཐོ་སློབ་ཀྱིས་ཆེད་ལས་དེ་དག་འཛུགས་རྒྱུའི་རེ་ཞུ་བྱེད་པར་སློབ་གསོ་པུའུ་ཡིས་ཞིབ་མཆན་འགོད་དགོས་པ་རེད།  རྒྱུན་དུ་མཐོང་རྒྱུ་ཡོད་པ་རིགས་གཉིས་སུ་དབྱེ་ཡོད་པ་སྟེ།    རིགས་གཅིག་ནི“ཀུན་གྱིས་དོ་སྣང་བྱེད་པའི”ཆེད་ལས་ཡིན་པ་དང་།    གསར་འཛུགས་བྱས་པའི་སློབ་གྲྭ་ཧ་ཅང་མང་ལ།  སློབ་བསྡུའི་གྲངས་འབོར་མང་ལ། བཀོད་སྒྲིག་དང་སྙོམས་སྒྲིག་ངེས་ཅན་ཞིག་བྱ་དགོས། དཔེར་ན།  དཔལ་འབྱོར་རིགས་དང་རྩིས་གཉེར།    དངུལ་རྩ་སོགས་ཀྱི་ཆེད་ལས་དང་།    ད་དུང་རིགས་གཅིག་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་པའི་བདེ་འཇགས། དམིགས་བསལ་ལས་རིགས་བཅས་དང་འབྲེལ་བ་ཡོད་པའི་ཆེད་ལས་ཡིན་ཞིང་།  ཆེད་ལས་རང་བཞིན་ཆེ་བས་ཆ་རྐྱེན་དང་ཚད་གཞི་ངེས་ཅན་ཞིག་དགོས། དཔེར་ན། གསོ་རིག་རིགས་དང་། དགེ་འོས་རིགས།  སྤྱི་བདེའི་རིགས།  ཁྲིམས་འཛིན་རིགས་སོགས་ཀྱི་ཆེད་ལས་ཡིན་པ་དང་།  མིག་སྔར་ལས་རིགས་སློབ་གསོའི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཚོད་འཛིན་ཆེད་ལས་དེ་རིགས་རིགས་བཞི་ལ་གཅིག་སྡུད་བྱས་ཡོད།    
        བསྡོམས་རྩིས་བྱས་པ་ལྟར་ན།  སློབ་གསོ་པུའུ་ཡིས2023ལོར་མཐོ་རིམ་ལས་རིགས་སློབ་གྲྭའི་ཆེད་ལས་ཚན་ཁག་གསར་དུ་འཛུགས་རྩིས་ཡོད་པའི་རྒྱལ་ཁབ་ཚོད་འཛིན་ཆེད་ལས་ལས་རིགས328རེ་ཞུ་དང་ལེན་བྱས་པ་དང་། སྤྱི་བདེ་པུའུ་དང་ཁྲིམས་འཛིན་པུའུ།   རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན།  རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུའུ་སོགས་ལས་རིགས་ཀྱི་གཙོ་གཉེར་ལས་ཁུངས་དང་མཉམ་དུ་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད།  མོས་མཐུན་བྱུང་བའི་ཆེད་ལས་ལས་རིགས153ཡོད་པ་དང་། མོས་མཐུན་མ་བྱུང་བའི་ཆེད་ལས་ལས་རིགས173ཡོད་པ། ཡུལ་དངོས་སུ་དཔྱད་དཔོག་བྱེད་དགོས་པའི་ཆེད་ལས་ལས་རིགས2ཡོད་པས།    ཞིབ་བཤེར་མཆན་འགོད་ཀྱི་འབྲས་བུ་དེ་སློབ་གསོ་པུའུ་ཡི་སྲིད་དོན་ཞབས་ཞུ་དོ་དམ་ལས་སྟེགས(དྲ་ཚུགས:gz.moe.gov.cn)སུ་འདྲི་རྩད་བྱས་ཆོག  ཞིབ་མཆན་བཀོད་ནས་བཙུགས་པའི་རྒྱལ་ཁབ་ཀྱི་ཚོད་འཛིན་ཆེད་ལས་ཀྱིས2023ལོ་ནས་བཟུང་སློབ་མ་བསྡུ་ཆོག  
རྩོམ་སྒྲིག་པ། སྣང་རྡོར།