ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

▶དྲག་ཆར་འབབ་སྐབས་ཇི་ལྟར་རང་སྐྱོབ་བྱ་དགོས།

སྤེལ་དུས 2023-08-02 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

       དྲག་ཆར་ནི་དངོས་ཡོད་འཚོ་བའི་ཁྲོད་རྒྱུན་མཐོང་གི་རང་བྱུང་གནོད་འཚེ་ཞིག་ཡིན་པ་དང་། སྐབས་ཐོག་དེར་རང་སྐྱོབ་ཀྱི་བྱེད་ཐབས་འོས་འཚམ་མ་སྤྱད་ན་ཉེན་ཁ་ཆེན་པོ་འཕྲད་སྲིད།  དེ་རིང་ཚང་མར་དྲག་ཆར་འབབ་པའི་སྐབས་སུ་ཇི་ལྟར་རང་སྐྱོབ་བྱ་ཐབས་སྤེལ་ནས་རང་ཉིད་དང་ཁྱིམ་མིའི་བདེ་འཇགས་སྲུང་བའི་སྐོར་ངོ་སྤྲོད་ཞུ་རྒྱུ་ཡིན།  དྲག་ཆར་འབབ་པའི་སྐབས་སུ་ཐོག་མར་ང་ཚོས་དྲག་ཆར་ཀྱི་རིགས་དབྱེ་དང་། ཆེ་ཆུང་།  དུས་ཚོད། ས་གནས་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱ་དགོས།  རིགས་མི་འདྲ་བའི་དྲག་ཆར་གྱིས་མི་རྣམས་ལ་ཐེབས་པའི་ཤུགས་རྐྱེན་ཡང་མི་འདྲ་སྟེ།  ཤུགས་ཚད་ཅུང་དྲག་པའི་དྲག་ཆར་ལས་ཆུ་ལོག་དང་འདམ་རུད་སོགས་གནོད་འཚེ་འབྱུང་སླ།  གནས་ཚུལ་རྒྱུས་ལོན་བྱས་ཏེ་ང་ཚོས་དེར་བསྟུན་གྱི་རང་སྐྱོབ་བྱེད་ཐབས་སྤེལ་ཆོག་པ་རེད།  དེ་ནས་རང་སྐྱོབ་བྱེད་ཐབས་ལ་རྒྱུས་ལོན་བྱ་དགོས་ཏེ།  གཅིག་ནས་དྲག་ཆར་ཁྲོད་རླངས་འཁོར་གཏོང་སྐབས་ལམ་ངོས་ཀྱི་ཆུ་གསོག་གི་གནས་ཚུལ་ལ་དོ་སྣང་བྱ་དགོས།  རླངས་འཁོར་ཆུས་བསྣུབས་ཚེ་མགྱོགས་པོར་རླངས་འཁོར་ལས་བབས་ཏེ་ཉེ་འཁོར་གྱི་ཉེན་གཡོལ་ས་གནས་འཚོལ་དགོས། གཉིས་ནས་རྐང་ཐང་དུ་བསྐྱོད་སྐབས་ས་བབ་ཅུང་མཐོ་བའི་ས་ཆ་ནས་འགྲོ་པ་ལས།  ལུང་ཁུག་དང་ཆུ་རྐ་སོགས་བརྒྱུད་ནས་འགྲོ་བར་གཟབ་དགོས། གཞུང་ལམ་དུ་ཆུ་གསོག་པ་ཅུང་མང་ན་སྐོར་ནས་འགྲོ་བའམ་ཆུ་ལྷམ་དང་ཆར་ལྭ་སོགས་གྱོན་ནས་འགྲོ་དགོས།  ཆུ་རྐྱལ་བྱེད་པའི་སྐབས་སུ་ཆུའི་བཞུར་ཚད་དང་ཟབ་ཚད། དྲོད་ཚད་ལ་མཉམ་འཇོག་བྱེད་དགོས།  ཆུ་བཞུར་ཚད་དྲག་པ་དང་གཏིང་ཟབ་པ།  དྲོད་ཚད་དམའ་ན་མགྱོགས་པོར་ཆུ་ངོགས་སུ་དོན་ནས་བདེ་འཇགས་ཡིན་ས་བཙལ་དགོས།  གཞན་ཉེན་ཁ་ཡོད་པའི་ས་རུ་ཡོད་པ་དང་།  དྲག་ཆར་འབབ་པའི་གནམ་གཤིས་ལ་འཕྲད་སྐབས་མགྱོགས་པོར་བདེ་འཇགས་ས་རུ་འགྲོ་དགོས། གལ་སྲིད་དུས་ཐོག་ཏུ་འགྲོ་ཐབས་མེད་ན་མགྱོགས་པོར་ཉེན་གཡོལ་བྱེད་ས་དཔེར་ན་ས་འོག་གི་ཁང་པ་དང་། རྡོ་ཐེམ་སོགས་སུ་འགྲོ་དགོས།  ཁང་པའི་ནང་དུ་ཡོད་ན་སྒོ་དང་སྒེའུ་ཁུང་དམ་པོར་བརྒྱབ་ནས་ཆར་ཆུ་ཁང་པའི་ནང་དུ་ཡོང་བ་འགོག་དགོས། དེར་བསྟུན་རང་སྐྱོབ་བྱེད་ཐབས་སྤེལ་དགོས་པ་མ་ཟད་གཞན་ལྭ་བ་སོགས་ཐུག་པོ་གྱོན་རྒྱུ་བརྗེད་མི་ཉན་ལ། སེམས་རྣལ་ལ་འབབ་དགོས་པ་དང་།  ཁྱིམ་མིར་འབྲེལ་བ་བྱ་དགོས།  གནོད་འཚེ་བའི་བྱུང་བའི་སྐབས་སུ་རང་ཉིད་ཀྱི་ནུས་པར་ཡིད་ཆེས་བྱེད་པ་དང་།  ཁ་གཏད་གང་ལེགས་འཇལ་ནས་ཉེན་ཁ་ལས་ཐར་ཐབས་བྱ་དགོས། 
རྩོམ་སྒྲིག་པ། སྣང་རྡོར།