ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ནག་ཆུའི་བུ་མོ་འདིར་རྒྱལ་ཡོངས་ཀྱི་མཚན་སྙན་འདི་ཐོབ་འདུག

སྤེལ་དུས 2024-01-16 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
     2022ལོའི་ཟླ་བཅུ་པ་ནས་བཟུང་། ཀྲུང་གོ་བྱིས་པ་ལོ་ཆུང་གི་ཐེབས་རྩ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་སུ“དཔྱིད་ཀྱི་ཐེའུའི་མིག་དཔེ་འཚོལ་བའི”བྱེད་སྒོ་སྤེལ་དེ། སློབ་ཆུང་དང་། སློབ་འབྲིང་། སློབ་ཆེན་བཅས་ཀྱི་དུས་མཚམས་དང་དེ་བཞིན་འཚར་ལོངས་བྱུང་ནས་ཤེས་ལྡན་པར་གྱུར་པའི་ཁྲོད་ནས“དཔྱིད་ཀྱི་ཐེའུའི”ཕུལ་བྱུང་གི་དཔེ་མཚོན་བུ་མོ་50བཙལ་ཞིང་། རིམ་པ་རེ་རེ་བཞིན་འོས་སྦྱོར་དང་དཔྱད་འདེམས་བྱས་པ་བརྒྱུད། བོད་ཀྱི་གདམ་བྱའི་འོས་མི་5ཡི་ནང་ནས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་མཚོ་སྟོད་ཤང་སློབ་ཆུང་གི་ལྷག་དཀར་ལྷ་མོར་རྒྱལ་ཡོངས་ཀྱི“དཔྱིད་ཀྱི་ཐེའུའི་མིག་དཔེའི”མཚན་སྙན་ཐོབ་པ་དང་།  བྱིས་པ་ལོ་ཆུང་ཐེབས་རྩ་ལྷན་ཚོགས་ཀྱི་གདན་ཞུས་ལྟར་ལྷག་དཀར་ལྷ་མོ་པེ་ཅིང་དུ་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་པ་རེད། ཉེ་ཆར། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ནག་ཆུ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལ་ལྷག་དཀར་ལྷ་མོའི་ཁྱིམ་དུ་བྱ་དགའ་སྒོར་ཁྲི་1སྤྲོད་རྒྱུའི་མངགས་བཅོལ་བྱས་པ་རེད།

     ལྷག་དཀར་ལྷ་མོ། བོད་རིགས། ལོ་ཆུང་གདོང་ལེན་རུ་མི། 2011ལོར་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་དུ་སྐྱེས། 2018ལོར“དཔྱིད་ཀྱི་ཐེའུའི་འཆར་གཞིའི”རོགས་སྐྱོར་བྱེད་ཁོངས་སུ་ཚུད། ད་ལྟ་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་མཚོ་སྟོད་ཤང་དུ་སློབ་ཆུང་འགྲིམ་བཞིན་ཡོད།
     ལྷག་དཀར་ལྷ་མོའི་ཕ་གྲོངས་རྗེས། ནད་ཀྱིས་མནར་བའི་མ་གཅིག་པུས་ཕྲུ་གུ་ཚོ་གསོ་སྐྱོང་བྱས་ནས་སློབ་གྲྭར་གཏོང་གི་ཡོད་ཅིང་། ཁྱིམ་གྱི་འཁོས་ཀ་ཞན་པོ་ཡོད། མ་གཞི་ལྷག་དཀར་ལྷ་མོ་ལོ་ན་ཆུང་རུང་། ཕ་མའི་ཁ་ལ་ཉན་ཞིང་བསམ་ཤེས་མཐོན་པོ་ཡོད། འཚོ་བའི་ཁྲོད་ཨ་མར་ཁྱིམ་ལས་བྱེད་རོགས་བྱེད་པ་དང་། སློབ་སྦྱོང་ཐད། འབད་བརྩོན་ཆེ་བས་སྦྱངས་འབྲས་ཀྱང་མདུན་གྲལ་དུ་སླེབས་ཀྱི་ཡོད། སློབ་གྲྭར་སྡོད་རིང་། ཁོ་མོ་ནི་དགེ་རྒན་གྱི་ལས་རོགས་ཡག་ཤོས་དང་སློབ་གྲོགས་ཚོའི་གྲོགས་པོ་བཟང་པོ་ཞིག་ཡིན་ཞིང་། ཁོ་མོའི་གཤིས་ཀ་ཡག་ལ་གཞན་ལ་རོགས་རམ་བྱེད་རྒྱུར་དགའ་བས། སློབ་གྲྭའི“བཟང་པོ་གསུམ་ལྡན་གྱི་སློབ་མ”དང“འཛིན་གྲྭའི་ཕུལ་བྱུང་གི་ལས་བྱེད་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐེངས་མང་ཐོབ་མྱོང་ཡོད།

     “དཔྱིད་ཀྱི་ཐེའུའི་མིག་དཔེའི”མཚན་སྙན་ཐོབ་པའི་ལྷག་དཀར་ལྷ་མོས“ངས‘དཔྱིད་ཀྱི་ཐེའུའི་འཆར་གཞིའི’རོགས་རམ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངའི་སེམས་པ་ཡང་དྲོ་སོབ་སོབ་ཏུ་གྱུར་སོང་། ཕྱིན་ཆད། ངས་སློབ་སྦྱོང་ཧུར་ཐག་བྱས་ནས་སློབ་ཆེན་དུ་འགྲོ་ཐུབ་པ་བྱ་རྒྱུ་ཡིན་ལ། ང་རང་ནར་སོན་རྗེས་དགེ་རྒན་ཞིག་བྱས་ནས་མི་དེ་བས་མང་བར་རོགས་རམ་བྱེད་ཐུབ་པའི་རེ་བ་ཡོད”ཅེས་བཤད།
རྩོམ་སྒྲིག་པ། སྣང་རྡོར།