ལོ་ངོ་བརྒྱ་ལྷག་ལ་ཡལ་བའི་དུང་འདི་རྙེད་འདུག
སྤེལ་དུས 2024-01-24
ཡོང་ཁུངས། མི་དམངས་དྲ་བ།
རྩོམ་པ་པོ།
ཚན་ཞིབ་མི་སྣས་རང་རྒྱལ་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ཧོ་ཁྲི་དང་ཀུའེ་ཕིང་ས་ཁུལ་གྱི་གཙང་ཆུའི་ནང་གི་བྲག་རྡོའི་ངོར་ལོ་བརྒྱ་ལྷག་ཙམ་རིང་ལ་ཡལ་ཟིན་པའི་ཀྲུང་གོར་དམིགས་བསལ་དུ་ཡོད་པའི་ཚྭ་མེད་ཆུའི་དུང་འཁྱིལ་ཀྱི་རིགས་ཏེ།གཙང་པོའི་དུང་འཁྱིལ་ཤེས་རྟོགས་བྱུང་ཡོད། ཉེ་ཆར། ཞིབ་འཇུག་གི་གྲུབ་འབྲས་དེ་རྒྱལ་སྤྱིའི་རིག་གཞུང་དུས་དེབ《དབྱིན་ཇིའི་གོང་མ་ཚང་སློབ་ཚོགས་ཀྱི་རིག་གཞུང་དུས་དེབ་ཀྱི་ཕྱོགས་བསྒྲིགསBཡི་སྐྱེ་དངོས་ཚན་རིག》ཐོག་བཀོད་ཡོད།
ད་ཐེངས་ཀྱི་ཞིབ་འཇུག་དེ་པེར་ལིན་གྱི་རང་བྱུང་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དང་པེ་ཅིང་སློབ་ཆེན་སོགས་ཚན་པ་མང་པོའི་ཞིབ་འཇུག་མི་སྣས་མཉམ་ལས་བྱས་ནས་ལེགས་སྒྲུབ་བྱས་པ་ཞིག་རེད། ཀོང་ཞིའི་ལུང་ཅང་དང་། ཆན་ཅང་། ཞོན་ཅང་གཙང་པོའི་ནང་གི་རྡོ་ཐལ་བྲག་རྡོ་ནས་ལོ་ངོ་བརྒྱ་ལྷག་སོང་བའི་རིགས་ཚོགས་དེ་རྙེད་རྗེས། ཞིབ་བསྡུར་མ་དཔེ་བརྒྱུད་དེ་ཞིབ་འཇུག་མི་སྣས་ཆ་རྡུལ་མ་ལག་རིག་པ་དང་། གཟུགས་གཞི་རིག་པ། གཤགས་ལས་རིག་པ་བཅས་ལ་ཞིབ་འཇུག་བྱས་པ་བརྒྱུད། རིགས་གསར་བ་དེ་ལ་ལིའུ་ཧྲི་གཙང་པོའི་དུང་འཁྱིལ་ཞེས་མིང་བཏགས་པ་མ་ཟད། དེའི་ཐུན་མོང་མ་ཡིན་པའི་བརྟན་འབྱར་གྱི་ཁྱད་ཆོས་དང་མཚན་གཉིས་དབྱིབས་མི་འདྲ་བའི་སྣང་ཚུལ་ལ་ཞིབ་འཇུག་བྱེད་བཞིན་ཡོད།
ཞིབ་འཇུག་མི་སྣས་མཚམས་སྦྱོར་བྱས་པར་གཞིགས་ན། བྲག་རྡོར་བརྟན་པོར་འབྱར་བའི་ཁྱད་ཆོས་དེ་ནི་གཙང་པོའི་དུང་འཁྱིལ་དེ་ཀོང་ཞི་ཡི་གཙང་པོའི་ནང་གི་རྡོ་ཐལ་བྲག་རྡོའི་ཁོར་ཡུག་དང་འཚམ་མཐུན་རང་བཞིན་ལྡན་པའི་རིམ་འགྱུར་ཡིན་པ་དང་། ཁྱད་ཆོས་དེས་གཙང་པོའི་དུང་འཁྱིལ་དེ་ཁོར་ཡུག་དེའི་ནང་གི་ལེགས་ཆ་ལྡན་པའི་སྲོག་ཆགས་ཤིག་ཏུ་བསྒྱུར། འོན་ཀྱང་། བརྟན་འབྱར་གཡོ་ཐབས་མེད་པའི་ཁྱད་ཆོས་ཀྱིས་འཚོ་གནས་དང་སྐྱེ་འཕེལ་ལ་མཚོན་ན་ཞན་ཆ་ཆེན་པོ་ཞིག་ཀྱང་ཡིན་ལ། དེར་བརྟེན་གཙང་པོའི་དུང་འཁྱིལ་དེ་མཉེན་གཟུགས་སྲོག་ཆགས་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་སྐོགས་ཤུན་གཉིས་པ་དང་ཐལ་དྲགས་པའི་མཚན་གཉིས་ཐ་དད་ཀྱི་སྣང་ཚུལ་ཡང་རིམ་འགྱུར་བྱུང་བ་རེད། ཞིབ་འཇུག་མི་སྣས་གཙང་པོའི་དུང་འཁྱིལ་ནི་སྐྱེ་དངོས་རིགས་ཀྱི་འཕྲོད་མཐུན་རང་བཞིན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་རིམ་སྤོར་གསར་གཏོད་བྱེད་པའི་དཔེ་མཚོན་ཡག་པོ་ཞིག་པ་ངོས་བཟུང་ཡོད།
དེ་དང་ཆབས་ཅིག ཞིབ་འཇུག་མི་སྣས་བསྟན་དོན། གཙང་པོའི་དུང་འཁྱིལ་ཆགས་སའི་གཙང་པོའི་ཁོར་ཡུག་གི་བར་ཐག་དེ་མི་འབོར་འདུས་སྡོད་ཁུལ་དང་དེ་བཞིན་ཆུ་ཤུགས་གློག་ཁང་དང་བར་ཐག་ཧ་ཅང་ཉེ་པོ་ཡོད་པས། ཀྲུང་གོའི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྐྱེ་དངོས་དེ་རིགས་འཚོ་གནས་བྱེད་པར་མིའི་ཤུགས་རྐྱེན་ཐེབས་སླ་བས། དམིགས་བསལ་གྱི་དོ་ཁུར་དང་སྲུང་སྐྱོང་བྱེད་དགོས་ཀྱི་ཡོད།
རྩོམ་སྒྲིག་པ། སྣང་རྡོར།