དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

སྒྲ་སྙན་རོལ་མོའི་ཉམས་བཟང་འདི་ལ་གཟིགས་དང་།

སྤེལ་དུས 2020-06-30 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
           སྒྲ་སྙན་ནི་བོད་དུ་ས་ཁྱབ་རྡོ་ཁྱབ་དུ་གྱུར་བའི་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་རོལ་ཆའི་བྱེ་བྲག་ཅིག་ཡིན་པ་དང་། གནའ་བོའི་དུས་སུ་སྒྲ་སྙན་རོལ་ཆ་དེ་བོད་ཀྱི་མངའ་རིས་ས་ཁུལ་དུ་དར་ཁྱབ་ཆེ་བ་དང་།  སྐབས་དེ་དུས་སྒྲ་སྙན་གྱི་མིང་ལ་རྒོད་པོ་ཞེས་ཀྱང་འབོད་ལ། ཕྱིས་སུ་རིམ་བཞིན་སྟོད་མངའ་རིས་ནས་དབུས་གཙང་ཁུལ་དུ་དར་ཁྱབ་བྱུང་བ་དང་།  དེ་ནས་ཀྱང་རིམ་བཞིན་མདོ་ཁམས་ཕྱོགས་སུ་དར་ཁྱབ་བྱུང་བ་དང་ཆབས་ཅིག  སྒྲ་སྙན་རོལ་ཆའི་མིང་ལ་མངའ་རིས་སྒྲ་སྙན་ཞེས་ཀྱང་འབོད་སྲོལ་བྱུང་ཡོད། རོལ་ཆ་དེ་ལས་ཐོན་པའི་སྒྲ་ནི་ཤིན་ཏུ་སྙན་ཆ་ལྡན་ལ་ཡིད་དབང་འཕྲོག་པར་བྱེད་པ་ཞིག་ཡོད་པས་ན། བོད་དབུས་གཙང་ཁུལ་དུ་རོལ་ཆ་དེའི་མིང་ལ་ཐད་ཀར་སྒྲ་སྙན་ཞེས་བཏགས་པ་ཡོད།   
           དེ་ཡང་སྒྲ་སྙན་གྱི་དཀྲོལ་གཏོང་ཐབས་རྩལ་ཐད་ཡུལ་ལུང་སོ་སོའི་ས་བབ་གནས་ཡུལ་དང་། མི་གཤིས་འཇམ་རྩུབ་སོགས་ཀྱི་རྐྱེན་ལས་སྒྲ་སྙན་དཀྲོལ་གཏོང་གི་རྣམ་པ་དང་ཐབས་རྩལ་ལའང་མངས་རིས་ཁུལ་གྱི་དཀྲོལ་སྟངས་དང་ལ་སྟོད་དིང་རི་ཁུལ་གྱི་དཀྲོལ་སྟངས། ལྷ་རྩེ་ཁུལ་གྱི་དཀྲོལ་སྟངས། ལྷ་ས་ཁུལ་གྱི་དཀྲོལ་སྟངས། ཀོང་པོ་ཁུལ་གྱི་དཀྲོལ་སྟངས། ཨ་མདོ་ཁུལ་གྱི་དཀྲོལ་སྟངས་སོགས་རིགས་ཆེ་བ་ཁག་དྲུག་ཙམ་ལ་དབྱེ་ཡོད། 
རྩོམ་སྒྲིག་པ། སྣང་རྡོར།