དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

སྒྲ་སྙན་དཀྲོལ་གཏོང་བྱེད་པའི་ཐད་ལའང་ཤེས་བྱ་མང་པོ་འདུག གཟིགས་དང་།

སྤེལ་དུས 2020-09-24 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

          སྒྲ་སྙན་དཀྲོལ་གཏོང་བྱེད་སྐབས་རོལ་ཆ་རྐྱང་དཀྲོལ་དང་། མཉམ་དཀྲོལ། སྡེབ་དཀྲོལ། གླུ་དང་རོལ་ཆ་མཉམ་དཀྲོལ། གར་དང་རོལ་ཆ་མཉམ་དཀྲོལ། གླུ་གར་རོལ་ཆ་གསུམ་དཀྲོལ་སོགས་ཀྱི་རྣམ་པ་མི་འདྲ་བ་ཡོད། དེ་ཡང་སྟོད་གཞས་དང་ནང་མ་སོགས་གཏོང་སྐབས། ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་རིམ་བཞིན་བྱུང་བའི་འཕེལ་རྒྱས་དང་གོམས་གཤིས་ཀྱིས་སྒྲ་སྙན་དང་། ཡང་ཆིན། གླིང་བུ། གཡེར་ཁ། དལ་ཆིན། པི་ཝང་། ཏིང་ཤགས་སོགས་རོལ་ཆ་གཞན་དང་མཉམ་དུ་རང་རང་གི་ཁྱད་ཆོས་དང་ཉམས་འགྱུར་ལྡན་པའི་སྒོ་ནས་གླུ་གར་འཁྲབ་སྟོན་བྱེད་སྲོལ་ཡོད། སྤྱིར་འཁྲབ་སྟོན་བྱེད་སྐབས་མ་མཐར་ཡང་ཡང་ཆིན་གཅིག་དང་། སྒྲ་སྙན་གཅིག གླིང་བུ་གཅིག གཡེར་ཁ་གཅིག་སོགས་སྤྱོད་ཅིང་། སྔོན་ཆད་བོད་དུ་སྒྲ་སྙན་གསུམ་དང་། ཡང་ཆིན་གཅིག གླིང་བུ་གཅིག གཡེར་ཁ་རྒྱུད་གཅིག དལ་ཆིན་གཉིས། པི་ཝང་གཅིག དེ་བཞིན་ཏིང་ཤགས་སོགས་རོལ་ཆ་མཉམ་དཀྲོལ་རྣམས་མཉམ་སྡེབ་དང་། དེའི་ཐོག་གཞས་གཏོང་མཁན་གྱི་གསུང་སྐད་དང་གར་འཁྲབ་འབྲེལ་ནས་འཁྲབ་སྟོན་བྱེད་ཀྱི་ཡོད།
         སྟོད་གཞས་ནང་མ་དཀྲོལ་གཏོང་བྱེད་སྐབས་སྒྲ་སྙན་ནི་སྒྲ་གདངས་དམའ་བའི་ཁོངས་སུ་གཏོགས་ཤིང་། དེས་སྒྲ་དམའ་སར་འཁོར་བ་དེ་ཆུ་ནང་ཉ་འཁྱུག་པ་ལྟ་བུ་དང་། དལ་ཆིན་ནི་སྒྲ་གདངས་འབྲིང་བའི་རོལ་ཆ་ཞིག་ཡིན་པས། དེའི་སྒྲ་བར་ལ་རི་དྭགས་རི་ལྡེབས་སུ་རྒྱུ་བ་ལྟ་བུ། ཡང་ཆིན་གྱིས་མཐོ་དམའ་བར་གསུམ་ལ་རམ་འདེགས་སྐོར་སྐྱོད་བྱེད་པ་ནི་ནམ་མཁར་བྱ་ལྡིང་བ་ལྟ་བུ་ཡིན།
         སྒྲ་སྙན་སོགས་ཀྱིས་སྟོད་གཞས་དང་ནང་མ་དཀྲོལ་སྐབས་གཏན་འཇགས་རང་བཞིན་གྱི་གོམས་སྲོལ་རགས་ཙམ་ཡོད་པ་སྟེ། སྤྱིར་སྟོད་གཞས《ཟླ་བའི་གཞོན་ནུ》ཡང་ན་ནང་མ《བཀྲ་ལ་ཤིས་པ》དེ་རོལ་ཚན་དང་པོར་འཇོག་ཅིང་། སྐབས་རེ་སྟོད་གཞས《ཟླ་བའི་གཞོན་ནུ》རོལ་ཚན་དང་པོ་དང་ནང་མ《བཀྲ་ལ་ཤིས་པ》རོལ་ཚན་གཉིས་པར་འཇོག་པ་དང་། སྐབས་རེ་དེ་གཉིས་གོང་དང་ལྡོག་པར་གནས། དེའི་རྗེས་རོལ་དབྱངས་གང་གཏོང་རང་མོས་ཡིན་ཞིང་། འཁྲབ་སྟོན་གྱི་མཇུག་མར་སླེབས་སྐབས་སྤྱིར་སྟོད་གཞས《ཨ་ཇོ་བཀྲ་ཤིས》རོལ་ཚན་མཐའ་མར་གཏོང་སྲོལ་ཡོད། དེ་ཡང་བཀྲ་ཤིས་པའི་སྒོ་ནས་མཚམས་བཞག་པ་དང་སྤྲོ་སྣང་ངང་འཁྲབ་སྟོན་ལེགས་སྒྲུབ་བྱུང་བ་མཚོན།
         《བོད་ལྗོངས་དམངས་སྲོལ་ཉིང་བཏུས》དང《སྒྲ་སྙན་བློ་གསར་འཇུག་སྒོ》ལས་བཏུས།
རྩོམ་སྒྲིག་པ། སྣང་རྡོར།