ཆང་གཞས་སྙན་མོ།
གཞས་པ། བསོད་རྡོར་ལགས།
ལ་ཞུས་པའི་བསོད་ནམས་ལགས་ཀྱི་ཡར་འགྲོ་ལ། །
དོ་དགོང་བཞུགས་གྲལ་འདི་ན། །
བསོད་ནམས་ཨ་ཇོས་ཡར་འགྲོ་ལགས། །
ནམ་མཁའི་སྐར་ཚོགས་འདྲ་ལ། །
བསོད་ནམས་ཨ་ཇོས་ཡར་འགྲོ་ལ། །
མི་བཟང་ཁམས་གསུམ་དབང་འདུས་ལགས།
ལ་ཞུས་པའི་བསོད་ནམས་ལགས་ཀྱི་ཡར་འགྲོ་ལ། །
གཡས་ལ་བོད་ཇ་ཁམས་བག །
བསོད་ནམས་ཨ་ཇོས་ཡར་འགྲོ་ལགས། །
གཡོན་ལ་འབྲི་མར་སེར་པོ། །
བསོད་ནམས་ཨ་ཇོས་ཡར་འགྲོ་ལགས། །
གནས་ཁང་འདི་ཡི་སྐུ་མགྲོན། །
དགའ་སྐྱིད་དཔལ་ལ་རོལ་སོང་།
རྩོམ་སྒྲིག་པ། སྣང་རྡོར།