དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

《གླིང་སྒྲུང》ལ་ཡང་སྙིང་རིང་ཚད་ཇི་ཙམ་ཡོད་མེད་ཁྱེད་ཀྱིས་མཁྱེན་ནམ།

སྤེལ་དུས 2021-04-19 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

         《གླིང་སྒྲུང》ནི་བོད་རིགས་ཀྱི་ངོ་མཚར་ཆེ་བའི་དཔའ་བོ་གེ་སར་རྒྱལ་པོས་ལྷ་འདྲེ་བཏུལ་བ་དང་། བཙན་པོ་གཉའ་ནས་གནོན་ཞིང་གཉོམ་ཆུང་མཐའ་ནས་སྐྱོར་བ། མི་སེར་ལ་ཕན་བདེ་སྐྲུན་པ་བཅས་ཀྱི་གཡུལ་འགྱེད་ལོ་རྒྱུས་ལ་བསྟོད་པ་ཕུལ་བ་ཞིག་ཡིན་པས། “ཤར་ཕྱོགས་ཀྱི་ཧོ་མའི་ལོ་རྒྱུས་སྙན་ངག”ཞེས་འབོད་ཀྱི་ཡོད་ལ། འཛམ་གླིང་ཐོག་གི་ལོ་རྒྱུས་སྙན་ངག་རིང་ཤོས་དང་། གཞི་ཁྱོན་ཆེ་ཤོས། རྒྱུན་ཆད་རྒྱུ་མེད་པའི་དམངས་ཁྲོད་ཀྱི་རྩོམ་རིག་འབའ་ཞིག་རེད།


         2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གླིང་སྒྲུང》རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོར་བཅུག་པ་དང་། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་ངག་ཐོག་དང་། མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་དུ་བཅུག་པ་རེད།
         བོད་རང་སྐྱོང་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ནུ་མོ་ཡིས། 《གླིང་སྒྲུང》ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཤིག་ཡིན་པ་དང་དེའི་ནང་དུ་རང་རྒྱལ་གྱི་གྲངས་ཉུང་མི་རིགས་འགའ་ཞིག་གི་ལོ་རྒྱུས་དང་། སྤྱི་ཚོགས། ཀུན་སྤྱོད། སྒྱུ་རྩལ་སོགས་ཀྱི་ཤེས་བྱ་མང་པོ་འདུས་ཡོད་པས། རིག་གཞུང་དང་། ལོ་རྒྱུས་དཔྱད་ཡིག གདོད་མའི་རྣམ་པའི་རིག་གནས་སོགས་ལ་ཤེས་རྟོགས་དང་ཞིབ་འཇུག་བྱེད་པར་རིན་ཐང་ཆེན་པོ་ལྡན་ཡོད། ད་བར་ལོ་རྒྱུས་སྙན་ངག་དེ་ནི་བོད་རིགས་དང་། སོག་པོ། ཧོར་རིགས་སོགས་མི་རིགས་དང་། བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། དེ་བཞིན་ཀྲུང་གོ་དང། འབྲུག་ཡུལ། ནེ་པ་ལ་སོགས་རྒྱལ་ཁབ་དང་ས་ཁུལ་ལ་རྒྱུན་འཛིན་བྱེད་བཞིན་ཡོད་ཅེས་བཤད།

         ནུ་མོས། རིག་གཞུང་ལས་རིགས་ཀྱིས་དེ་གོང《གླིང་སྒྲུང》གི་དཔེ་དེབ་དང་སྒྲུང་པས་ཤོད་ཐུབ་པའི་སྒྲུང་སོགས་ལ་ཚོད་རྩིས་བརྒྱབ་ན། ཚིག་རྐང་ཁྲི་100ལྷག་ཙམ་ཡོད་པ་རེད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་གིས་མཉམ་དུ་དཔེ་སྐྲུན་བྱས་པའི《〈གླིང་སྒྲུང〉ཆ་ཚང》(དེབ་300)ལ་ལོ་རྒྱུས་ཐོག་གི་བྲིས་མ་དང་། གཏེར་མ། བརྐོས་མ། ལྕགས་པར། ནང་ཁུལ་གྱི་དཔྱད་ཡིག དམངས་ཁྲོད་དུ་ལེགས་སྒྲིག་བྱས་པའི་སྒྲུང་བཅས་དང་། དེ་བཞིན་ཉེ་བའི་ལོ་ངོ་60རིང་དངོས་སུ་དཔེ་སྐྲུན་བྱས་པའི་དཔར་མ་སྣ་ཚོགས་བསྡུས་པ་ལས“འཛམ་གླིང་ཐོག་གི་ལོ་རྒྱུས་སྙན་ངག་རིང་ཤོས《གླིང་སྒྲུང》”ལ་ད་ལྟའི་ཆར་རིང་ཚད་ཇི་ཙམ་ཡོད་པ་ར་སྤྲོད་བྱེད་ཐུབ་ཅེས་བཤད།
         “《〈གླིང་སྒྲུང〉ཆ་ཚང》ནང་གི་བསྐྱར་ཟློས་བརྗོད་པ་དག་ཕུད་རྗེས། ཡིག་འབྲུར་བསྡོམས་རྩིས་བརྒྱབ་པ་ལས་བྱུང་བའི་ཞིབ་འཇུག་གྲངས་གཞི་ལྟར་ན། ང་ཚོས 《གླིང་སྒྲུང》ནི་འཛམ་གླིང་གི་ལོ་རྒྱུས་སྙན་ངག་རིང་ཤོས་ཤིག་ཡིན་པ་དང་དེ་ལ་ཚིག་རྐང་ཁྲི་250ལྷག་ཙམ་ཡོད”ཅེས་གཏན་འཁེལ་ངང་ཤོད་ཆོག་ཅེས་ནུ་མོས་བཤད། 
རྩོམ་སྒྲིག་པ། སྣང་རྡོར།