བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས་དཔེ་སྐྲུན་བྱས་འདུག
སྤེལ་དུས 2021-04-19
ཡོང་ཁུངས། སེམས་ཀྱི་ཞིང་ཁམས།
རྩོམ་པ་པོ།
ཉེ་ཆར། ཀྲུང་ཧྭ་མི་རིགས་ཀྱི་རོལ་དབྱངས་རྒྱུད་འཛིན་དཔེ་སྐྲུན་ལས་གཞིའི་སྤུས་ལེགས་དཔེ་སྐྲུན་རྣམ་གྲངས་༼བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས༽ཞེས་པའི་དེབ་ཚོགས་འདི་ཉིད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་འདུག
དེ་ཡང་༼བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས༽ནི་བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གི་ཐོག་མའི་བསྡུ་སྒྲིག་དང་གྲངས་འཛིན་དཔེ་སྐྲུན་ཅན། རྨང་གཞིའི་ཞིབ་འཇུག་གི་རྒྱུ་ཆ་དང་པོ་བཅས་ཡིན་པས་ན། དེ་ནི་ཀྲུང་ཧྭའི་སྲོལ་རྒྱུན་རོལ་དབྱངས་སྒྱུ་རྩལ་དང་འཛམ་གླིང་རོལ་དབྱངས་ཀྱི་ཞིབ་འཇུག་དང་འཕེལ་རྒྱས་ལ་སྐུལ་འདེད་ངེས་ཅན་ཐོན་ངེས་རེད། བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་ནི་དུས་རབས་དང་གནས་བབ། གྲུབ་མཐའ་མི་འདྲ་བར་གཞིགས་ནས་འདོན་རྟ་ཡང་ཐུན་མོང་མ་ཡིན་པ་རེ་གྲུབ་ཡོད་པས། ཐེངས་འདིའི་དེབ་ཚོགས་ནི་ཐབས་ལམ་མི་འདྲ་བར་བརྒྱུད་བོད་མདོ་དབུས་ཁམས་གསུམ་ནས་འཚོལ་བསྡུ་གང་ལེགས་བྱས་ཏེ་སྤུས་ལེགས་ཀྱི་དེབ་དྲུག་ཏུ་བསྡུས་ནས་རྒྱ་ཆེའི་ཞིབ་འཇུག་པ་རྣམས་ཀྱི་སྤྱན་ལམ་དུ་བསྟར་འདུག
རྩོམ་སྒྲིག་པ། སྣང་རྡོར།