ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

བོད་ལྗོངས་ཆབ་མདོའི་ལོ་ངོ་སྟོང་གི་གནའ་བོའི་ཚྭ་ཞིང་།

སྤེལ་དུས 2023-02-14 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

       བོད་ལྗོངས་ཆབ་མདོའི་སྨར་ཁམས་རྫོང་འཇང་མི་རིགས་ཤང་གི་རྫ་ཆུའི་གཡས་གཡོན་དུ་གནའ་བོའི་ཚྭ་ཞིང་ཆེ་ཆུང་སྟོང་ཕྲག་ཁ་ཤས་ཡོད་པ་རེད། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ནང་། ས་གནས་དེ་གའི་ཚྭ་སྐམ་ནས་ད་བར་ལོ་1000ལྷག་ཙམ་སོང་ཡོད། ཤིང་གི་ཀ་བ་བཙུགས་པའི་ཚྭ་ཞིང་ནི་མཐོ་དམའ་མི་སྙོམས་ཤིང་། ལུང་ཤུར་གྱི་རི་དང་བསྟུན་ནས་གཙང་པོའི་ངོགས་གཉིས་སུ་ཁྱབ་ཡོད། ས་གནས་དེ་གའི་དམངས་ཚོགས་ཀྱིས་གཙང་འགྲམ་གྱི་ཚྭ་ཁྲོན་དང་ཚྭ་རྫིང་ནས་ཚྭ་ཁུ་འཐེན་ཏེ་ཚྭ་ཞིང་ནང་དུ་འདྲེན་བཞིན་ཡོད། ཚྭ་ཞིང་དུ་སླེབས་རྗེས། ཁང་པའི་ཐོག་རྩེ་གང་སར་ཚྭ་སྐམ་ཡོད་པས། “ཆུ་ཤེལ་གྱི་ཕོ་བྲང་” དང་མཚུངས། 

 

 

 

རྩོམ་སྒྲིག་པ། སྣང་རྡོར།