ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

བདེ་ཆེན་ཁུལ་གྱིས་བོད་ཀྱི་ལོ་གསར་རིང་བྱེད་སྒོ་སྣ་མང་སྤེལ་རྒྱུ་རེད

སྤེལ་དུས 2023-02-20 ཡོང་ཁུངས། བདེ་ཆེན་བོད་ཡིག་སྨྱན་སྦྱོར། རྩོམ་པ་པོ།
       2023ལོའི་ཟླ་2པའི་ཚེས་20ཉིན་ནས་ཚེས་22ཉིན་བར། བདེ་ཆེན་ཁུལ་གྱིས་2023བོད་ཆུ་ཡོས་ལོའི་ལོ་གསར་ལ་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་ཞིང་།  བྱེད་སྒོ་དེས་མཐུན་སྒྲིལ་མེ་ཏོག་བཞད་པའི་བདེ་ཆེན་གསར་པ།  སེམས་མཐུན་ངང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། འཛམ་གླིང་གི་སེམས་ཀྱི་ཉི་ཟླར་མཉམ་འཛོམས་བྱེད་ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད་པ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་གི་ཟླ་འོད་ཐང་ཆེན་དུ་ཚོགས་ར་གཙོ་བོ་འཛུགས་རྒྱུ་དང་འཇོལ་རྫོང་དང་འབའ་ལུང་རྫོང་དུ་ཡན་ལག་ཚོགས་ར་འཛུགས་རྒྱུ་རེད།

       ཟླ་2པའི་ཚེས་20ཉིན། ཚོགས་ར་གཙོ་བོར་རིག་རྩལ་འཁྲབ་སྟོན་བྱ་རྒྱུ་ཡིན་པ་མ་ཟད། ད་དུང་པི་ཝང་དང་། སྐོར་བྲོ། ཨ་ཁྲེ་མུའུ་ཀྭ། ཨ་ཁ་པ་ལ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོ་རེས་མོས་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད། ཚོགས་ར་གཙོ་བོར་ད་དུང་འཛམ་གླིང་གི་སེམས་ཀྱི་ཉི་ཟླར་མཉམ་འཛོམས་བྱེད་པ། རང་ཡུལ་གྱི་གླུ་བས་ཕ་ཡུལ་ལེན་པ་ཞེས་པའི་གླུ་གཞས་དགོང་ཚོགས་སྤེལ་རྒྱུ་ཡིན་པ་དང་། འབའ་ལུང་ཡན་ལག་ཚོགས་ར་དང་འཇོལ་རྫོང་ཡན་ལག་ཚོགས་རས་ཀྱང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྒྲིག་འཛུགས་བྱ་རྒྱུ་རེད།

       རྟ་རྒྱུག་དང་། མདའ་འཕེན།  རིག་རྩལ་མཉམ་འཁྲབ་བཅས་ཀྱི་ངོ་མཚར་ཆེ་བའི་བྱེད་སྒོ་སྣ་ཚོགས་ཀྱིས་ཁྱོད་ལ་རེ་སྒུག་བྱས་ཡོད་དེ། བོད་ལོ་གསར་འཆར་ལ་ཉེར་བའི་སྐབས་འདིར་བདེ་ཆེན་ཁུལ་གྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ལྷན་རྒྱས་བདེ་ཆེན་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླར་བསྐྱོད་པ་ལ་སྤྲོ་སེམས་འཁོལ་བའི་ངང་གདན་ཞུ་གནང་ཡོད། 

རྩོམ་སྒྲིག་པ། སྣང་རྡོར།