དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

སྲོག་ཆགས་འདི་རིགས་སྨན་རྫས་ནང་སྡེབ་མི་ཆོག་པ་བྱས་འདུག

སྤེལ་དུས 2020-06-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          གསར་དུ་པར་སྐྲུན་བྱས་པའི་2020ལོའི་པར་གཞིའི་《ཀྲུང་གོའི་སྨན་གཞུང་》(ཁག་གཅིག་)ཞེས་པའི་ནང་། ན་གི་དང་། བ་ལེ་ག འཁྲི་ཤིང་། མྱང་རྩི་ལུག་མཆིན་རིལ་བུ་བཅས་བཞི་ཐོ་འགོད་བྱས་མེད་པ་རེད། དེ་དག་ལས་ན་གི་ནི་ཟླ་6པའི་ཚེས་5ཉིན་ནས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཀྱི་གྲལ་དུ་བཅུག་པ་རེད།

          ན་གི་ཕུད་པའི་བ་ལེ་ག་དང་། འཁྲི་ཤིང་། མྱང་རྩི་ལུག་མཆིན་རིལ་བུ་བཅས་རིགས་གསུམ་ཡང་མུ་མཐུད་དུ་འགོད་རྒྱུ་མ་རེད། བ་ལེ་ག་དང་། འཁྲི་ཤིང་གི་འབྱུང་ཁུངས་ནི་རྩི་ཤིང་རིགས་གཅིག་གི་སྤྱོད་སྒོ་མི་འདྲ་བ་ཡིན། ཐོ་འགོད་མི་བྱེད་པའི་རྒྱུ་མཚན་ཡང་དེ་ལ་མཁལ་མའི་དུག་གཤིས་ཡོད་པའི་རྐྱེན་ཡིན་ཤས་ཆེ། མྱང་རྩི་ལུག་མཆིན་རིལ་བུ་མི་འགོད་པའི་རྒྱུ་རྐྱེན་ནི། སྨན་ཐོའི་ནང་དུ་མཚན་གསལ་བྱེ་ཟེར(ཕ་ཝང་རིགས་ཀྱི་སྲོག་ཆགས་ཀྱི་བཤང་བ)འདུས་པས་རེད།
          ན་གིའི་སྤྱི་ཕན་བརྡ་ཁྱབ《ཨ་མའི་བྱམས་སེམས་ཚེ་སྲོག་དེ་བས་མང་བ་ལ་རྒྱུན་མཐུད་བྱེད་དགོས》
          སྲུང་སྐྱོང་རིམ་སྤར་ནི་དུས་ཀྱི་འཕེལ་ཕྱོགས་ཡིན།
          ཟླ་6ཚེས་5ཉིན། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ན་གིའི་སྲུང་སྐྱོང་རིམ་པ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས(2020ལོའི་ཨང་12པ། )འགྲེམ་སྤེལ་བྱས། ན་གི་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ན་གིའི་ཁོངས་གཏོགས་ཀྱི་རིགས་རྒྱུད་ཚང་མ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ནས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་སུ་བསྒྱུར་བ་དང་། སྤྱི་བསྒྲགས་བྱས་ཉིན་ནས་ལག་ལེན་དུ་བསྟར་ཡོད། ན་གིའི་སྲུང་སྐྱོང་རིམ་སྤར་དང་། སྲུང་སྐྱོང་འཆར་གཞི་བཟོ་བ། ཁྲིམས་དང་མི་མཐུན་པར་རྔོན་གསོད་དང་ཉོ་ཚོང་བྱེད་པར་རྡུང་རྡེག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ལོ་མང་པོའི་རིང་རེ་འབོད་བྱས་ཡོད།
          འཛམ་གླིང་སྲོག་ཆགས་སྲུང་སྐྱོང་མཐུན་ཚོགས་ཀྲུང་གོའི་གཞུང་དོན་ཁང་གི་མཐོ་རིམ་ཚན་རིག་བློ་འདྲི་བ་འབུམ་རམས་པ་སུན་ཆོན་ཧུའེ་ཡིས་“ན་གི་སྲུང་སྐྱོང་རིམ་པ་མཐོ་རུ་ཕྱིན་པ་ནི་དུས་བབ་ཀྱི་དབང་གིས་བྱུང་བ་ཞིག་རེད་ལ་དུས་ཀྱི་འཕེལ་ཕྱོགས་ཤིག་ཀྱང་རེད་”ཅེས་གསུངས་ཡོད། ན་གི་ནི་CITESཡི་ཟུར་བཀོད་IIནས་ཟུར་བཀོད་Iལ་འཕར་ཡོད། དེ་ཡིས་ན་གིའི་གསོན་གཟུགས་དང་། ཤི་གཟུགས། དེ་བཞིན་བཟོས་རྫས་བཅས་ཀྱི་རྒྱལ་སྤྱིའི་ཚོང་ལས་རང་བཞིན་གྱི་ཉོ་ཚོང་ཚང་མ་བཀག་སྡོམ་བྱས་པ་མཚོན་གྱི་ཡོད། རྒྱལ་སྤྱིའི་ཚོང་ལས་རང་བཞིན་གྱི་ཉོ་ཚོང་ལ་“བགོ་བྱའི་བཅད་གྲངས་”མེད་པ་ལག་བསྟར་བྱ་རྒྱུ་རེད། ཀྲུང་གོས་ན་གི་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ལ་རིམ་སྤོར་བྱས་པ་ནི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། སྟོངས་ལ་ཉེ་བའི་སྐྱེ་དངོས་རིགས་ལ་མཚོན་ན་གཏམ་བཟང་ཞིག་རེད། རིམ་སྤོར་སྲུང་སྐྱོབ་བྱས་རྗེས་རྒྱལ་ཁབ་ཀྱིས་ན་གིའི་འཚོ་སྡོད་ཁུལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བའི་རེ་བ་ཡོད། དེ་དང་ཆབས་ཅིག་འབྲེལ་ཡོད་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཆད་པ་དེ་བས་ནན་མོ་གཅོད་ཀྱི་ཡོད་པ་དེས། སྟོངས་ཉེར་ཡོད་པའི་ན་གི་སྐྱོབ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད།
          ཡང་ན་ཐོན་ཁུངས་ཟད་པའི་རྐྱེན་གྱིས་སྨན་དུ་མི་བཀོལ་བ།
          ན་གི་ནི་འཛམ་གླིང་ཡོངས་ཀྱི་ཆེས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་གྲས་ཤིག་ཡིན། རྒྱལ་སྤྱིའི་རི་སྐྱེས་སྲོག་ཆགས་ཉོ་ཚོང་ཞིབ་འཇུག་རྩ་འཛུགས(TRAFFIC)ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། དེ་ནི་གོ་ལ་ཧྲིལ་པོའི་ཁྲིམས་འགལ་ལྐོག་ཚོང་བྱེད་ཚད་མང་ཤོས་ཀྱི་འོ་འཐུང་སྲོག་ཆགས་ཤིག་ཡིན་པ་རེད།
          “རི་སྐྱེས་ཐོན་ཁུངས་ཟད་པ་དང་། ཚོང་ཟོག་དཀོན་པ། བདེ་འཇགས་ཀྱི་རང་བཞིན་དང་། མི་ཆོས་སོགས་ཀྱི་གནད་དོན་(དཔེར་ན་འགྱུར་རྡོ་རིགས་དང་། མིའི་རིགས་ཀྱི་བུ་རོགས་རིགས། སྲོག་ཆགས་ཀྱི་གཅིན་སྐྱག་རིགས་སོགས)མངོན་གསལ་ཡོད་པ། དེ་བཞིན་རྨང་གཞིའི་ཞིབ་འཇུག་ཞན་པའི་རིགས་སྨན་གཞུང་ཁྲོད་ནས་ཕྱིར་འཐེན་བྱེད་པའམ་ཡང་ན་གསར་དུ་ཐོ་འགོད་བྱ་རྒྱུ་མ་རེད།”《ཀྲུང་གོའི་སྨན་གཞུང་》གི་2020ལོའི་པར་གཞིའི་སྒྲིག་བཟོའི་རྩ་གནད་ནང་། རི་སྐྱེས་ཐོན་ཁུངས་ཟད་པའི་རིགས་རྒྱུད་སྨན་གཞུང་ནས་ཕྱིར་འཐེན་རྒྱུ་ཡིན་ཞེས་བཀོད་ཡོད་པ་དང་། དེ་ནི་ན་གི་ད་ཐེངས་སྨན་གཞུང་ནང་ཕྱིར་འཐེན་པའི་རྒྱུ་རྐྱེན་གཅིག་ཡིན་ཤས་ཆེ།
               སྨན་གཞུང་ཏུ་མ་བཀོད་པ་ནི་རང་རྒྱལ་དང་ཐ་ན་གོ་ལ་ཧྲིལ་པོའི་ན་གི་སྲུང་སྐྱོང་བྱེད་པར་ཕན་ཐོགས་ཡོད་ཅེས་བརྗོད།
          སྨན་སྤྱོད་ཕན་ནུས་ཚབ་བྱེད་ཐུབ།
          རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་སྨན་སྤྱོད་ཚད་གཞི་མེད་པ་བཟོ་རྒྱུ་དེ་གོང་ལའང་སྔོན་དཔེ་ཡོད། 1993ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི《བསེ་རུའི་རྭ་ཅོ་དང་སྟག་རུས་ཉོ་ཚོང་གཏན་འགོག་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》ནང་། བསེ་རུ་དང་སྟག་རུས་དང་འབྲེལ་བ་ཡོད་པའི་ཉོ་ཚོང་བྱེད་སྒོ་མཐའ་དག་སྤེལ་མི་ཆོག་ཅེས་བཏོན་ཡོད། བཀག་རྒྱ་ལག་བསྟར་བྱས་རྗེས་ཆུ་གླང་གི་རྭ་ཅོ་དང་གཟིག་རུས་ཀྱིས་ཚབ་བྱས་ཆོག
          ཀྲུང་ཧྭ་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཚོགས་གྲུམ་ནད་ཡན་ལག་མཐུན་ཚོགས་སྐབས་གཉིས་པ་དང་སྐབས་གསུམ་པའི་ཀྲུའུ་རེན་ཨུ་ཡོན་ཝང་ཁྲེང་ཏེས་བསྟན་དོན། གྲུམ་ནད་སྨན་བཅོས་བྱེད་སྐབས། ཁྲག་འཆག་འཇུ་ཞིང་སྲ་མཁྲེགས་འཐོར་བའི་སྨན་ནི་དོན་དངོས་སུ་ཧ་ཅང་མང་། ངེས་པར་དུ་ན་གི་སྤྱོད་དགོས་དོན་མེད། ཁོས་ནད་ཐོག་ཏུ་རྒྱུན་དུ་སྡིག་པ་ར་ཙ་དང་། འབུ་རྐང་བརྒྱ་མ། ས་འབྲུག་སོགས་བཀོལ་བཞིན་ཡོད། མིག་སྔར་ནད་ཐོག་ཚོད་ལྟ་ལས་ཀྱང་ཕག་གི་རྨིག་པ་ཡིས་གཉན་ཁ་སེལ་བ་དང་། གཉན་ཚད་འགོག་པ། འོ་འབུད་སྐུལ་བ་སོགས་ཀྱི་ཕྱོགས་སུ་ན་གིའི་ཚབ་བྱས་ཆོག་པ་ར་སྤྲོད་བྱས་ཡོད།