དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

ད་ལོ་བོད་སྨན་གྱི་རྩ་ཆེའི་དཔེ་རྙིང་ཀུན་བཏུས་པོད60བར་དཔར་ཚར་བ་འདུག

སྤེལ་དུས 2020-07-30 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

          ཚེས་29ཉིན་གསར་འགོད་པར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོ་ནས་ཤེས་རྟོགས་བྱུང་བར།《“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་ཀྱི་གཙོ་གནད་དཔེ་དེབ་དང་། སྒྲ་བརྙན། གློག་རྡུལ་དཔེ་སྐྲུན་དངོས་པོ་དཔེ་སྐྲུན་གྱི་འཆར་འགོད》 རྣམ་གྲངས་ཡིན་པའི《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》དཔེ་སྐྲུན་མཇུག་འགྲིལ་ཉེར་ཡོད་པ་རེད།
          དཔེ་ཚོགས་དེ་ནི་པར་སློག་རྣམ་པའི་བོད་ཀྱི་བོད་ཡིག་དཔེ་རྙིང་སྔ་ཤོས་དེ་རེད་ལ། དཔྱད་ཡིག་ཕུན་སུམ་ཚོགས་པའི་བོད་ལུགས་གསོ་རིག་གི་དཔེ་རྙིང་ཞིག་དང་། རྒྱལ་ཡོངས་སུ་མ་དངུལ་མང་ཤོས་བཏང་བའི་བོད་ཡིག་དཔེ་རྙིང་དཔེ་སྐྲུན་རྣམ་གྲངས་ཤིག་ཀྱང་རེད།
          བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོའི་དཔེ་མཛོད་ཁང་གི་དེ་སྔའི་ཀོན་ཀྲང་གླང་མདུན་རྡོ་རྗེ་སྒྲོལ་དཀར་གྱིས་བོད་ལུགས་གསོ་རིག་དཔེ་རྙིང་འཚོལ་བསྡུ་དང་ལེགས་སྒྲིག་གནང་ནས་ལོ་10ཙམ་ཕྱིན་པ་དང་། ད་ཆ་རྒན་ཡོལ་ཞུས་ཀྱང་སྔར་བཞིན་དཔེ་རྙིང་འཚོལ་བསྡུའི་ལས་ལ་གཞོལ་བཞིན་ཡོད། རྣམ་གྲངས་དེའི་རྩོམ་སྒྲིག་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡིན་པའི་ཁོང་གིས། དེ་གོང《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》(གླེགས་བམ་1པོ་ནས་30པ་བར)དཔེ་སྐྲུན་བྱས་ཟིན་པ་དག་གཙོ་བོ་ཕོ་བྲང་པོ་ཏ་ལའི་བོད་ལུགས་གསོ་རིག་གི་དཔེ་རྙིང་རེད།《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》ཀྱི་གླེགས་བམ་31པ་ནས་60པ་བར་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དཔེ་སྐྲུན་ཁོངས་སུ་གཏོགས་པ་དང་། བོད་ལུགས་གསོ་རིག་གི་དཔེ་རྙིང་གླེགས་བམ་31པ་ནས་60པའི་ནང་བོད་ལྗོངས་ཙམ་མ་ཟད། མཚོ་སྔོན་དང་། ནང་སོག ལིའོ་ཉིང་སོགས་ས་ཆ་ཁག་ནས་འཚོལ་བསྡུ་བྱས་པའི་དཔེ་རྙིང་ཚུད་ཡོད་པས། ཁྱབ་ཁོངས་ཅུང་རྒྱ་ཆེན་པོ་ཡོད་ཅེས་ངོ་སྤྲོད་གནང་། 
          མིག་སྔར། གླེགས་བམ་31པ་ནས་40པ་བར་དཔེ་སྐྲུན་བྱས་ཟིན་པ་དང་། གླེགས་བམ་51པ་ནས་60པ་བར་ཞུ་དག་བཏང་ཚར་ནས་དཔེ་སྐྲུན་ཁང་ལ་རྩིས་སྤྲད་ཡོད་པས། ད་ལོའི་ལོ་མཇུག་ཏུ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དཔེ་སྐྲུན་གྱི་དཔེ་དེབ་ཆ་ཚང་ལེགས་འགྲུབ་ཐུབ་ངེས་རེད།