དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

འདི་ལོ་བོད་ཀྱི་སྨན་བཅོས་འགན་བཅོལ་སྐོར་ལ་གཏམ་བཟང་འདི་དག་འདུག

སྤེལ་དུས 2021-01-27 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
           ཉེ་ཆར་གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ནས་ཤེས་རྟོགས་བྱུང་བར། 2021ལོར་བོད་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ལ་འགྱུར་ལྡོག་ཆེན་པོ་འདི་དག་ཡོང་རྒྱུ་རེད་འདུག
           སྨན་བཅོས་འགན་བཅོལ་གྱི་ལམ་ལུགས་དང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ།
           《སྨན་བཅོས་འགན་བཅོལ་ལམ་ལུགས་སྒྱུར་བཅོས་ཟབ་གཏོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》དང《སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་ལྟ་འདོམས་ལམ་ལུགས་དང་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་མཛུབ་ཁྲིད་བསམ་འཆར》སློབ་སྦྱོང་ལག་བསྟར་བྱེད་རྒྱུར་དམ་འཛིན་ཡག་པོ་བྱས་ནས་བོད་ལྗོངས་ཀྱིས་ཞིབ་ཕྲའི་ལག་བསྟར་བསམ་འཆར་གང་མགྱོགས་འདོན་རྒྱུ་རེད། བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་དང་སྨན་བཅོས་རོགས་སྐྱོབ་ཀྱི་མ་དངུལ་ལ་སྤྱི་འདོམས་ཀྱིས་བེད་སྤྱོད་ཡག་པོ་བྱེད་རྒྱུ།
           སྨན་བཅོས་འགན་བཅོལ་ནང་གི་སྨན་རྫས་དོ་དམ་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ།
           བོད་ལྗོངས་ཀྱི་མི་རིགས་ཀྱི་སྨན་རྫས་དང་། སྨན་བཅོས་སྒྲིག་གཞིའི་སྦྱོར་རྟ། ཀྲུང་ལུགས་གསོ་རིག་གི་བཏུང་བྱ་དང་རིལ་བུ་བཅས་ཀྱི་སྨན་རྫས་དཀར་ཆག་སྟབས་བསྟུན་ལེགས་སྒྲིག་བྱས་ཏེ་ཆ་རྐྱེན་དང་མཐུན་པའི་བོད་སྨན་གཏན་འབེབས་ལྟར་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་འཇུག་རྒྱུར་བརྩོན་ལེན་དང་རྒྱབ་སྐྱོར་ཧུར་ཐག་བྱེད་རྒྱུ། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་ལ་སྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་བོད་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ས་ཁོངས་ཀྱི་རྩིས་རྒྱག་སྟངས་ཀྱི་བསྡོམས་འབོར་སྔོན་རྩིས་དང་ནད་རིགས་ཀྱི་ཚད་གཞི་དང་མཐུན་པའི་གྲོན་དངུལ་འཇལ་བའི་རྒྱལ་ཁབ་ཀྱི་ཚོད་ལྟའི་ལས་དོན་ལག་བསྟར་བྱེད་རྒྱུ།
           སྨན་བཅོས་འགན་བཅོལ་གྱི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ། 
           སྨན་བཅོས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུ་ཚད་གཞི་ཅན་དང་ཚད་ལྡན་ཅན་ལ་སྔར་བས་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ལྗོངས་ཡོངས་སུ་གཅིག་གྱུར་གྱི་སྨན་བཅོས་འགན་བཅོལ་གྱི་སྲིད་དོན་ཞབས་ཞུའི་རྣམ་གྲངས་དང་ལས་སྒྲུབ་ཀྱི་ཕྱོགས་སྟོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ནས། ཞབས་ཞུའི་རྣམ་གྲངས་དྲ་ཐོག་ནས་གཉེར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ལས་སྒྲུབ་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་སྨན་བཅོས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་དགོས་མཁོ་དང་འཚམ་པའི་ཆེད་ལས་དཔུང་ཁག་ཅིག་གཏོད་རྒྱུ་དང་། ཁོངས་གཏོགས་ཀྱི་ལས་རིགས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། “ལེགས་ཉེས་ཀྱི་གདེང་འཇོག”ལམ་ལུགས་ལག་ལེན་ཧུར་ཐག་བསྟར་བ། ལས་རིགས་སྤྱོད་ཚུལ་འཛུགས་སྐྱོང་གི་ཆེད་དོན་གདེང་འཇོག་གཏིང་ཟབ་སྤེལ་བ། གདེང་འཇོག་བྱས་འབྲས་སྤྱོད་ཤུགས་ཆེ་རུ་གཏོང་བ། ལས་རིགས་སྤྱོད་ཚུལ་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། སྨན་བཅོས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་འདུ་ཤེས་དང་། ལམ་ལུགས། སྤྱོད་ཚུལ་བཅས་ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒྱུར་བཅོས་དང་གསར་གཏོད་བྱེད་རྒྱུར་སྐུལ་འདེད་བཏང་ནས། 2021ལོའི་ལོ་མཇུག་གོང་ཞིང་ཆེན་བརྒལ་ནས་ས་ཆ་གཞན་དུ་སྨན་བཅོས་བྱས་པའི་རིན་པ་གཞི་རྩའི་ཆ་ནས་ཐད་ཀར་རྩིས་ཞུ་ཐུབ་པ་བྱེད་རྒྱུ།
རྩོམ་སྒྲིག་པ། བདེ་སྒྲོལ།