དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

སྨན་པའི་ཐོབ་ཐང་རྒྱུགས་ལེན་བཀོད་སྒྲིག་ཐོན་འདུག

སྤེལ་དུས 2021-02-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
          ཟླ2པའི་ཚེས23ཉིན། བོད་ལྗོངས་རྒྱུགས་ཁུལ་གྱི2021ལོའི་སྨན་པའི་ཐོབ་ཐང་རྒྱུགས་ལེན་དོ་དམ་དང་རྒྱུགས་སྤྲོད་སློབ་མའི་མིང་ཐོ་འགོད་པའི་ཐོབ་ཐང་གཅིག་སྡུད་ཞིབ་བཤེར་གཏན་འབེབས་གསོ་སྦྱོང་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག2021ལོའི་སྨན་པའི་ཐོབ་ཐང་རྒྱུགས་ལེན་ལས་དོན་བཀོད་སྒྲིག་བྱས་པ་དང་། དྲ་ཐོག་རེ་ཞུ་འགྲུབ་ནས་ཡུལ་དངོས་སུ་ཞིབ་བཤེར་གཏན་འབེབས་བྱས་པའི་རྒྱུགས་སྤྲོད་སློབ་མའི་དཔྱད་གཞིར་གཅིག་སྡུད་སྒོས་ཞིབ་བཤེར་བྱས་པ་རེད།  
            ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་སྨན་པའི་ཐོབ་ཐང་རྒྱུགས་ལེན་དེ་ལག་ལེན་ནུས་པ་དང་གསོ་རིག་ཕྱོགས་བསྡུས་ཡིག་རྒྱུགས་ཁག་གཉིས་སུ་དབྱེ་ཡོད་ལ། ལག་ལེན་ནུས་པ་རྒྱུགས་འཕྲོད་པའི་སློབ་མ་ད་གཟོད་གསོ་རིག་ཕྱོགས་བསྡུས་ཡིག་རྒྱུགས་ནང་ཞུགས་ཆོག་ཅིང་། གསོ་རིག་ཕྱོགས་བསྡུས་ཡིག་རྒྱུགས་ཀྱི་སྐར་གྲངས་ཚད་གཞི་ལོན་པའི་སློབ་མ་ལ་ད་གཟོད་སྨན་པའི་ཐོབ་ཐང་རག་གི་རེད། 

            སྨན་པའི་ཐོབ་ཐང་རྒྱུགས་ལེན་བཀོད་སྒྲིག་གཤམ་གསལ་ལྟར།
            ཀྲུང་ལུགས་གསོ་རིག་གི་རིགས། ཟླ6པའི་ཚེས19ཉིན་ནས་ཚེས27ཉིན་བར། 
            ཁ་ནད་རིགས། ཟླ6པའི་ཚེས19ཉིན་ནས་ཚེས27ཉིན་བར། 
            སྤྱི་པའི་འཕྲོད་བསྟེན་རིགས། ཟླ6པའི་ཚེས19ཉིན་ནས་ཚེས20ཉིན་བར། 
            གྲོང་གསེབ་ཚན་ཁག་ལས་རིགས་ཀྱི་ལས་རོགས་སྨན་པ། ཟླ6པའི་ཚེས23ཉིན་ནས་ཚེས29ཉིན་བར། 
            གསོ་རིག་ཕྱོགས་བསྡུས་རྒྱུགས་ལེན། ཟླ8པའི་ཚེས20ཉིན་ནས་ཚེས22ཉིན་བར། 
རྩོམ་སྒྲིག་པ། བདེ་སྒྲོལ།