ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

འབྲས་སྐྲན་སློང་ཉེན་ཆེ་བའི་རྐང་འབོབ་ཁག་གཅིག་དམར་རྗེན་དུ་བཏོན་པ།

སྤེལ་དུས 2021-08-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          ཉེ་ཆར་ཅང་སུའུ་ཞིང་ཆེན་གྱིས་རྐང་འབོབ་ཁག་95ལ་འཐེན་ཞིབ་རྟག་དཔྱད་བྱས་ཡོད་ཅིང་། དེའི་ནང་གི་ཁག་16ཚད་གཞི་ལོན་མེད་པ་རེད། དེའི་ནང་གློག་རྡུལ་ཚོང་དོན་དང་དྲ་ཐོག་ཐད་གཏོང་ལས་སྟེགས་ཁག་གཅིག་གི་ཚོང་རྫས་ལ་འབྲས་སྐྲན་སློང་རྐྱེན་དུ་འགྲོ་བའི་ཕྲལ་རུང་དྲི་ཞིམ་ཨན་ཚོས་རྫས་འདུས་ཚད་ཚད་ལས་བརྒལ་བ་སོགས་ཀྱི་གནད་དོན་ཐོན་ཡོད་པ་རེད། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞིའི་གཏན་འབེབས་ལྟར་ན། ཕྲལ་རུང་དྲི་ཞིམ་ཨན་གྱི་ཚོས་རྫས་སྟོང་ཁེ་རེའི་ཁྲོད་ཧའོ་ཁེ་20ལས་བརྒལ་ཆོག་གི་མེད། དྲ་ཐོག་ཐད་གཏོང་ལས་སྟེགས་ནས་ཉོས་པའི་རྐང་འབོབ་འདིའི་སྟོང་ཁེ་རེའི་ཕྲལ་རུང་དྲི་ཞིམ་ཨན་གྱི་ཚོས་རྒྱུ་ཧའོ་ཁེ་71ལ་སླེབས་ཡོད་པ་རེད།


          འཁལ་འཐག་དངོས་པོར་ཆ་མཚོན་ན། དྲི་ཞིམ་ཨན་གྱི་དུག་གཤིས་དང་སྐྲན་ནད་སྐྱེད་པའི་རང་བཞིན་དེ་ཆོན་ཀ་པ་ལས་ཆེ་བ་ཡོད། ཆོན་ཀ་པ་ནི་དྲི་མ་བཙན་པོ་ལྡན་ཞིང་དབྱེ་འབྱེད་སླ་བ་མ་ཟད། ཆུའི་ནང་དུ་ཞུ་སླ་བ་ཞིག་ཡིན་པས་ན། འཛད་སྤྱོད་པས་འཁལ་འཐག་ཐོན་རྫས་ཉོས་རྗེས་བཀྲུས་ན་ཆོན་ཀ་པ་མང་ཆེ་བ་གཙང་སེལ་བྱེད་ཐུབ། འོན་ཀྱང་ཕྲལ་རུང་དྲི་ཞིམ་ཨན་ཆུའི་ནང་ཞུ་དཀའ་བ་མ་ཟད། མདོག་དང་དྲི་མ་ཡང་མེད་པས་ལག་རྩལ་ཞིབ་དཔྱད་བྱས་ན་མ་གཏོགས་ཐོན་རྫས་ཕྱི་ངོས་ནས་ངོས་འཛིན་བྱེད་མི་ཐུབ་ཅིང་གཙང་སེལ་ཡང་བྱེད་མི་ཐུབ། ཚོས་དེ་རིགས་མིའི་པགས་པ་དང་འཕྲད་ན་ནད་གཞི་ཚབས་ཆེན་དང་སྐྲན་ནད་སློང་སྲིད་པ་ཞིག་རེད།

རྩོམ་སྒྲིག་པ། སྣང་རྡོར།