ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

རྐང་མཛེར་མེད་པར་བཟོ་ཐབས།

སྤེལ་དུས 2021-10-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

           སྤྱིར་བཏང་གི་གསོ་བཅོས་བྱེད་ཐབས་གཤམ་གསལ་ལྟར།
          གཅིག ཕྱི་བཀོལ་རུལ་སྨན། བཅོས་ཐབས་བཟང་ཤོས་ནི་རྐང་མཛེར་སྨན་(ཆུ་ཤིང་སྐྱུར་སྦྱར་ལྡེ།)ཕྱི་ལ་སྦྱར་བ་དང་། ཡང་ན་རྐང་མཛེར་སྨན་ཕྱི་ལ་བྱུགས་པ།
          ཕྱི་བཀོལ་རུལ་སྨན་བཀོལ་ཚེ་རྐང་མཛེར་མཐའ་འཁོར་གྱི་རྒྱུན་ལྡན་གྱི་པགས་པ་ལ་སྲུང་སྐྱོབ་བྱ་རྒྱུར་དོ་སྣང་བྱེད་དགོས། དཔེར་ན། རྐང་མཛེར་སྨན་སྤྱོད་སྐབས། སྨན་བཅོས་འགྱིག་རས་ཀྱི་དཀྱིལ་ནས་རྐང་མཛེར་གྱི་ཆེ་ཆུང་དང་མཚུངས་པའི་ཁུང་བུ་ཆུང་ཆུང་ཞིག་གཏོལ་ཏེ། སྐྱི་པགས་སྐྱོན་ཡོད་སར་སྦྱར་ནས་རྐང་མཛེར་མངོན་པར་བྱེད་པ་དང་། དེ་ནས་རྐང་མཛེར་སྨན་སྦྱར་དགོས།
          གཉིས། དངོས་ཁམས་གསོ་བཅོས། གློག་གྱེས་རྡུལ་ལམ་དབྱང་གཉིས་ཐཱན་རྫས་ཀྱི་སྐུལ་འོད་ཀྱིས་སྲེག་སྟེ། ནད་འགྱུར་ཆ་ཤས་ཀྱི་སྙུང་དབྱིབས་རྨ་ཤུལ་མེད་པར་བཟོ་བ། གཞན་ཡངXའོད་ཐིག་སྲབ་མོ་འཕྲོ་ཆོག
          གསུམ། གཤག་བཅོས་ཀྱིས་ལེན་པ། རྐང་མཛེར་ནད་འགྱུར་གྱི་ཆ་ཤས་ཡོངས་རྫོགས་ཀོར་དབྱིབས་ལྟར་ལེན་པ།(སྙུང་དབྱིབས་རྨ་ཤུལ་ཡོངས་རྫོགས་མེད་པར་བཟོ་བ།)
          གལ་ཏེ་གཟའ་འཁོར1-2ཀྱི་ནང་དུ་ནད་འགྱུར་ད་དུང་ལྷག་ཡོད་ཚེ། དུས་ཐོག་ཏུ་ཡང་བསྐྱར་བརྟག་དཔྱད་བྱེད་དགོས།
          དེ་ལས་གཞན། ལམ་འགྲམ་ཀྱི་རྐང་བ་གསོ་བཅོས་བྱ་ས་ནས་གསོ་བཅོས་བྱ་མི་རུང་སྟེ། ལམ་འགྲམ་གྱི་རྐང་པ་གསོ་བཅོས་བྱེད་མཁན་ལ་ཆེད་ལས་ཀྱི་ཐོབ་ཐང་མི་ལྡན་ཞིང་། དེ་དང་ཆབས་ཅིག་དེས་བཀོལ་བའི་ཡོ་བྱད་ཀྱི་འཕྲོད་བསྟེན་གནད་དོན་ཡང་འགན་ལེན་བྱེད་དཀའ་བས། རང་གི་བདེ་ཐང་ཐད་ལ་ཤུགས་རྐྱེན་ངན་པ་ཐོན་སླ་བ་རེད། 
རྩོམ་སྒྲིག་པ། བདེ་སྒྲོན།