ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

ཡུན་རིང་ཁ་པར་ལ་བལྟས་ཚེ་གནོད་པ་ཆེན་པོ་འདུག

སྤེལ་དུས 2022-05-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
         རིགས་གཅིག་མཁས་པས་ཡུན་རིང་ཁ་པར་དང་གློག་ཀླད་ཀྱི་འཆར་བརྙན་ལ་ལྟ་བ་དང་།  མཚན་མོ་དུས་ལྟར་མི་ཉལ་བར་སྡོད་ཡུན་རིང་ཚེ།  མིག་ངལ་དུབ་ཆེ་དྲགས་པའི་དབང་གིས་དུས་ཐུང་རྒྱང་སྒྲིབ་འབྱུང་སྲིད་ཅེས་བསྟན་པ་དང་། དུས་ཐུང་རྒྱང་སྒྲིབ་དུས་ཐོག་ཏུ་མ་བཅོས་ཚེ་རྒྱང་སྒྲིབ་ངོ་མར་འགྱུར་སྲིད་པ་མ་ཟད།  ན་ཚོད་གང་ཡིན་རུང་རྒྱང་སྒྲིབ་ཀྱི་ཚད་གྲངས་ཇེ་མཐོར་འགྲོ་སྲིད་ཅེས་དྲན་སྐུལ་བྱས་འདུག

         ཤེས་རྟོགས་བྱུང་བ་ལྟར་ན།  དུས་ཐུང་རྒྱང་སྒྲིབ་ནི་མིག་ངལ་དུབ་ཆེ་དྲགས་པའི་དབང་གིས་རྫི་དབྱིབས་ཤ་གྲིམ་རྒྱུན་མཐུད་འཁུམ་པ་དང་། རྩ་འཁུམ་ནས་ཤེལ་གཟུགས་ཇེ་མཐུག་ཏུ་གྱུར་ཏེ་མིག་གིས་དངོས་པོ་གསལ་པོ་མཐོང་གི་མེད། སྨན་དང་གསེར་ཁབ། རྣ་ཁབ། སྨན་བཅོས་ཡོ་ཆས་སོགས་བཀོལ་བའམ་ཡང་ན་ནད་པ་རང་ཉིད་ཀྱིས་མིག་ལ་སྦྱོང་བརྡར་བྱས་ནས་ངལ་གསོས་ཚེ།  མིག་གི་མཐོང་ཚད་ཀྱང་རྒྱུན་ལྡན་ལྟར་སླར་གསོ་ཡོང་ཐུབ།   གལ་ཏེ་དུས་ཐུང་རྒྱང་སྒྲིབ་དུས་ཐོག་ཏུ་མ་བཅོས་ཚེ། མིག་མདའ་ཇེ་ཆེར་སོང་ནས་རྒྱང་སྒྲིབ་ངོ་མར་འགྱུར་འགྲོ་ཡི་ཡོད་པ་རེད།