ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

འཛམ་གླིང་གི་ཏོག་གསར་སྔོན་འགོག་སྨན་ཉག་གཅིག་དེ་ཧའེ་ནན་དུ་སྤྱོད་རྩིས་འདུག

སྤེལ་དུས 2022-07-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
    ཉེ་ཆར། མིག་སྔའི་འཛམ་གླིང་གི་ཏོག་གསར་སྔོན་འགོག་སྨན་རྫས་ཉག་གཅིག་སྟེ་Evzhled(ཨེན་ཧྲི་ཏེ)ཞེས་པ་དེ་ཧའེ་ནན་པོ་ཨའོ་ལེ་གྲོང་རྒྱལ་སྤྱིའི་སྨན་བཅོས་ཡུལ་སྐོར་སྔོན་སྤེལ་ཁུལ་དུ་དམིགས་བསལ་ནང་འདྲེན་གྱི་ཆོག་མཆན་ཐོབ་ཡོད། སྨན་དེ་ནི་དར་མ་དང་།   གཞོན་ནུ།   ལོ་ཆུང་(ལོ་ན་12ཡན་དང་ལུས་པོའི་ལྗིད་ཚད་40kgཡན་)ལ་ཏོག་གསར་རིམས་ནད་མ་འགོས་གོང་སྤྱོད་ན་ཕན་གྱི་ཡོད་པ་ཞིག་རེད།
    Evushelསྨན་དེ་སྨན་བཅོས་འགན་བཅོལ་གྱིས་རྩིས་རྒྱག་མི་ཐུབ་ཅིང་། ཐེངས་གཅིག་ལ་ཁབ་གཉིས་རྒྱག་དགོས་ཀྱི་ཡོད་ལ། དེའི་སྨན་རིན་སྒོར་13300ཡིན། མིག་སྔར་རུའེ་ཅིན་ཧའེ་ནན་སྨན་ཁང་དང་པོ་ཨའོ་སྨན་ཁང་ཆེན་མོ་ཁག་སོ་སོར་ཐོ་འགོད་བྱས་ཟིན་པ་དང་ཁབ་དེ་རྒྱག་པའི་དགོས་མཁོ་ཡོད་པའི་མི་གྲངས་བཅུ་གྲངས་ཟིན་ཡོད།

    སྨན་དེ་ནི་ཏོག་གསར་རིམས་ནད་འགོས་མེད་པའི་མིའམ་ཡང་ན་ཏོག་གསར་ནད་དུག་ཡོད་སར་ཕྱིན་མྱོང་མེད་པའི་མི་ཚོགས་ཡིན་པ་མ་ཟད། དེ་བཞིན་ཏོག་གསར་སྨན་ཁབ་ལ་འགོག་གཟུགས་མེད་པའི་མི་དང་འགོག་ཁབ་རྒྱག་ཐབས་བྲལ་བའི་མི་ཚོགས་བཅས་ལ་འཚམ་པོ་ཡོད་པ་རེད།