ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

▶ཁུ་ནག་བཏུང་དྲག་པས་ན་ཚ་འདྲ་མིན་ཕོག་འདུག

སྤེལ་དུས 2022-08-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

      ཉེ་ཆར། ཧོ་ནན་ཀྲེན་ཀྲོའུ་ནས་ཡིན་ལ་ལོ23ལ་སླེབས་ཡོད་པའི་བུ་མོ་ཐོང་ཐོང་ཆུ་འཐུང་རྒྱུར་དགའ་པོ་མེད་ཅིང་། སྐོམ་དུས་ཁུ་ནག་འཐུང་གི་ཡོད།
      ཉེ་ཆར། ཐོང་ཐོང་གིས་ནམ་རྒྱུན་ལྟར་ཁུ་ནག་དམ་བུ་འགའ་བཏུང་བ་དང་།ཆུ་ཚོད་གཉིས་འགོར་རྗེས་གློ་བུར་དུ་དྲན་པ་ཐོར་ཏེ་སྨན་ཁང་དུ་མྱུར་སྐྱོབ་བྱེད་པར་བསྐྱལ་ཡོད། སྨན་པས་ཁོང་མོ་ལ་གཅིན་པ་མངར་འགྱུར་གྱི་སྐྱུར་དུག་ཕོག་པ་དང་།ཁྲག་རྒུད་ནད།དོས་དྲག་རང་བཞིན་གྱི་མཁལ་མའི་རྨས་སྐྱོན།དོས་དྲག་རང་བཞིན་གྱི་གཤེར་མའི་གཉན་ཚད། འབྱིན་རྔུབ་ཉམས་པ་དང་སྙིང་ཕྱོད་མི་སྙོམས་པ་སོགས་ཀྱི་ནད་ཕོག་པ་བརྟག་དཔྱད་བྱུང་ཡོད་པ་དང་། དུས་ནམ་ཡང་ཚེ་སྲོག་ལ་ཉེན་ཁ་ཡོད་པ་ཡིན།
      ཉིན་མང་རིང་མྱུར་སྐྱོབ་བྱས་པ་བརྒྱུད།ཐོང་ཐོང་གི་ནད་གཞི་ད་གཟོད་རིམ་གྱིས་ཇེ་ཡག་ཏུ་གྱུར་ཡོད།སྨན་པས་ཉེ་བའི་ལོ་ཤས་ནང་གཅིན་པ་མངར་འགྱུར་གྱི་ནད་ཕོག་ཡུལ་ནི་ན་གཞོན་ཅན་དུ་འགྱུར་བཞིན་ཡོད་ལ།ཐོང་ཐོང་གིས་རང་ལ་གཅིན་པ་མངར་འགྱུར་གྱི་ནད་ཕོག་ཡོད་པ་ཧ་གོ་ཡི་མེད་པའི་ཁར་ཉིན་ལྟར་ཁུ་ནག་འཐུང་གི་ཡོད་པ་ཡིན་ཏེ།ཚང་མས་ཚན་རིག་དང་མཐུན་པའི་བཟའ་བཏུང་དང་ཆོས་ཉིད་ལྟར་འགུལ་སྐྱོད་བྱས་ནས། དུས་བཅད་ལྟར་ཁྲག་ཧྭགས་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས་ཅེས་དྲན་སྐུལ་བྱས།
རྩོམ་སྒྲིག་པ། བདེ་སྒྲོན།