ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

ལྷ་ས་གྲོང་ཁྱེར་གྱིས་སྤེལ་བའི་རིམས་ནད་སྐོར་གྱི་སྤྱི་བསྒྲཊ་ཨང་20པ།

སྤེལ་དུས 2022-08-17 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས།
【2022】ཡིག་ཨང་20པ།
    དང་པོ། ནད་དུག་འགོས་མཁན་ཁྱབ་ཚུལ།
    ཟླ་8ཚེས་15ཉིན་གྱི་ཆུ་ཚོད་0ནས་24བར། ལྷ་ས་གྲོང་ཁྱེར་དུ་ཡུལ་དེ་གའི་ཏོག་གསར་ནད་དུག་འགོས་པ་220མང་དུ་ཕྱིན་པ་དང་། གཏན་འཁེལ་ནད་དཔེ་7མང་དུ་ཕྱིན་པ་དེ་དག་ཚང་མ་རྟགས་མེད་ནད་དུག་འགོས་པ་ནས་གཏན་འཁེལ་ནད་དཔེར་གྱུར་བ་ཤ་སྟག་ཡིན་པ་དང་། རྟགས་མེད་ནད་དུག་འགོས་པ་220མང་དུ་ཕྱིན་ཡོད། ཟླ་8ཚེས་15ཉིན་གྱི་ཆུ་ཚོད་24བར་གྲོང་ཁྱེར་ཡོངས་ནས་རིམ་རྩིས་བྱས་ན། ཏོག་གསར་ནད་དུག་འགོས་པ་1065ཡོད་པའི་སྙན་ཞུ་འབྱོར་ཞིང་། དེའི་ནང་རྟགས་མེད་ནད་དུག་འགོས་པ་5ཡོད་པ་དེ་དག་གི་བརྟག་དཔྱད་འབྲས་བུ་སྲིབས་གཤིས་སུ་གྱུར་ཏེ་སྒྲོམ་ཚང་སྨན་ཁང་ནས་དོན་མཁན་ཁག་དང་པོ་ཡིན་པ་རེད། ད་ལྟ་གཏན་འཁེལ་ནད་དཔེ་32དང་རྟགས་མེད་ནད་དུག་འགོས་པ་1028ཡོད་པ་རེད། 
    གཅིག ཁྲེང་ཀོན་ཆུས(རིག་གནས་བསམ་བཀོད་གླིང་ཚུད་པ) སུ་ཉིན་དེ་རང་ལ་ནད་དཔེ་202མང་དུ་ཕྱིན་པ།(གཏན་འཁེལ་ནད་དཔེ་7མང་དུ་ཕྱིན་པ་དེ་དག་ཚང་མ་རྟགས་མེད་ནད་དུག་འགོས་པ་ནས་གཏན་འཁེལ་ནད་དཔེར་གྱུར་བ་ཤ་སྟག་ཡིན་པ། རྟགས་མེད་ནད་དུག་འགོས་པ་202) ཁྱོན་ནད་དཔེ་972ཡོད་པ(གཏན་འཁེལ་ནད་དཔེ་29དང་རྟགས་མེད་ནད་དུག་འགོས་པ་943)
    གཉིས། སྟོད་ལུང་བདེ་ཆེན་ཆུས(དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་སྣེའུ་ཁུལ་གསར་ཚུད་པ)སུ། ཉིན་དེ་རང་ལ་ནད་དཔེ་3མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་3) ཁྱོན་ནད་དཔེ་33ཡོད་པ། (རྟགས་མེད་ནད་དུག་འགོས་པ་33)
    གསུམ། སྟག་རྩེ་ཆུས་སུ། ཉིན་དེ་རང་ལ་ནད་དཔེ་ཐོན་མེད། ཁྱོན་ནད་དཔེ་7(རྟགས་མེད་ནད་དུག་འགོས་པ་7)
    བཞི། མལ་གྲོ་གུང་དཀར་རྫོང་དུ། ཉིན་དེ་རང་ལ་ནད་དཔེ་ཐོན་མེད། ཁྱོན་ནད་དཔེ་15ཡོད་པ། (གཏན་འཁེལ་ནད་དཔེ་3དང་རྟགས་མེད་ནད་དུག་འགོས་པ་12)
    ལྔ། ཆུ་ཤུར་རྫོང་དུ། ཉིན་དེ་རང་ལ་ནད་དཔེ་3མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་3)ཁྱོན་ནད་དཔེ་17ཡོད་པ། (རྟགས་མེད་ནད་དུག་འགོས་པ་17)
    དྲུག སྙེ་མོ་རྫོང་དུ། ཉིན་དེ་རང་ལ་ནད་དཔེ་4མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་4)ཁྱོན་ནད་དཔེ་4ཡོད་པ། (རྟགས་མེད་ནད་དུག་འགོས་པ་4)
    བདུན། འདམ་གཞུང་རྫོང་དུ། ཉིན་དེ་རང་ལ་ནད་དཔེ་8མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་8)ཁྱོན་ནད་དཔེ་17ཡོད་པ། (རྟགས་མེད་ནད་དུག་འགོས་པ་17)
    གཉིས་པ། ཉེན་ཁའི་ཁུལ་དབྱེ་བ།
    ཉེན་ཁ་ཆེ་འབྲིང་ཁུལ་དབྱེ་བའི་ཚད་གཞི་དང་ནད་དུག་འགོས་མཁན་གྱི་འགུལ་སྐྱོད་གནས་ཚུལ་ལ་གཞིགས་ནས། ཟླ་8ཚེས་15ཉིན་གྲོང་ཁྱེར་ཡོངས་སུ་ཉེན་ཁ་ཆེ་བའི་ཁུལ་8གསར་དུ་དབྱེ་ཡོད།
    ཉེན་ཁ་ཆེ་བའི་ཁུལ་8ནི། 
    ● ཉང་བྲན་ཁྲོམ་གཞུང་སྤྱི་སོ་གྲོང་ཚོའི་ཚོགས་ཆུང་བཞི་པ་དང་། 
    ● རྔ་ཆེན་ལམ་ར་མོ་ཆེ་ཞིང་དར་སྡོད་གནས་ཁུལ་ཆུང་གི་ཁུལ་དང་པོའི་སྟར་པ་གསུམ་པ། 
    ● ཚལ་གུང་ཐང་ཁྲོམ་གཞུང་དཔལ་སྡིངས་གྲོང་ཚོའི་ཚོགས་ཆུང་བདུན་པ། 
    ● ཉང་བྲན་ལམ་རླངས་འཁོར་རུ་ཁག་ལྔ་པའི་ཁུལ་ཆུང་གི་སྟར་པ་བཅུ་དྲུག་པ། 
    ● དོག་སྡེ་ལྷོ་ལམ་ཅིང་ཀང་ཕྲེང་ཁུལ་ཆུང་གི་སྟར་པ་B
    ● ཉི་འོད་གླིང་ཕྲན་མངའ་རིས་ཞིང་ལས་དངུལ་ཁང་གི་རྒན་ཡོལ་ཞུས་པའི་ལས་བཟོའི་རྟེན་གཞིའི་སྟར་པ་བདུན་པ། 
    ● ཉི་འོད་གླིང་ཕྲན་དབྱི་ལུའུ་ཁྲུན་རུང་ཡུལ་ཟོག་ཚོང་ཁང་། 
    ● བཅིངས་འགྲོལ་ནུབ་ལམ་སྒོ་རྟགས་ཨང་150པའི་སྟོད་ལུང་རྒན་ཡོལ་ཞུས་པའི་ལས་བཟོའི་རྟེན་གཞིའི་སྟར་པ་གསུམ་པ་བཅས་རེད།
ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས།
2022ལོའི་ཟླ་8ཚེས་16ཉིན།