ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

ཏོག་གསར་ནད་དུག་འགོས་ནས་ཉིན་ཅི་ཙམ་སོང་རྗེས་ཁྲག་འབུལ་ཆོག་གམ།

སྤེལ་དུས 2022-12-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
  ཏོག་གསར་ནད་དུག་མ་འགོས་པའི་མི་ཚོགས་ཀྱིས་ཁྲག་སྦྱིན་ཕུལ་ཚེ་འགོས་ནད་འགོ་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད་དམ།
  བདེ་ཐང་གི་དར་མ་ཞིག་གིས་ཁྲག་སྦྱིན་ཕུལ་ཚད་དེ་རང་གི་ལུས་ཀྱི་ཁྲག་གི་བསྡོམས་འབོར་གྱི13%ལས་མི་བརྒལ་ཚེ་ལུས་ཕུང་ལ་ཤུགས་རྐྱེན་ཐེབས་མི་སྲིད། བདེ་ཐང་གི་དར་མ་ཞིག་གི་ལུས་ཀྱི་ཁྲག་གིས་ལུས་པོའི་ལྗིད་ཚད་ཀྱི8%ཟིན་ཡོད། གལ་ཏེ་སྤྱི་རྒྱ50ཡོད་པའི་མི་ཞིག་གིས་ཁྲག་ཧའོ་ཧྲེང200འམ400ཕུལ་ཚེ། རང་གི་ལུས་ཀྱི་ཁྲག་གི་བསྡོམས་འབོར་གྱི5%འམ10%ཟིན་གྱི་ཡོད་པ་དང་། ལུས་པོའི་ལྗིད་ཚད་དེ་ལས་ལྕི་བའི་མི་ལ་ཆ་མཚོན་ན་ཟིན་ཚད་དེ་ལས་ཀྱང་དམའ། གཞན་ཡང་ཁྲག་སྦྱིན་འབུལ་སྐབས་སུ་མིའི་ལུས་པོའི་ཕྱི་འཁོར་གྱི་ཁྲག་འཐེན་གྱི་ཡོད་པས། ཁྲག་སྦྱིན་ཕུལ་རྗེས་སུ་མཆིན་པ་དང་། མཚེར་པ། གློ་བ་སོགས་ཁྲག་གསོག་ནང་ཁྲོལ་གྱི་ཁྲག་གིས་ཕྱི་འཁོར་གྱི་ཁྲག་མགྱོགས་མྱུར་གསབ་ནས་ཁྲག་གི་འཁོར་སྐྱོད་སླར་གསོ་བྱེད་ཀྱི་ཡོད།
  དེར་བརྟེན། ཁྲག་སྦྱིན་འབུལ་བྱས་ཚེ་བདེ་ཐང་ལ་གནོད་མི་སྲིད་ལ། འགོ་ནད་འགོས་པའི་ཉེན་ཁའང་ཆེ་རུ་འགྲོ་མི་སྲིད།
  ཏོག་གསར་ནད་དུག་འགོས་རྗེས་སུ་ཆ་རྐྱེན་གང་དག་ལྡན་ཚེ་གཞི་ནས་ཁྲག་སྦྱིན་ཕུལ་ཆོག་གམ། དེས་ཁྲག་སྦྱིན་འབུལ་མཁན་གྱི་བདེ་ཐང་ལ་ཉེན་ཁ་བཟོ་སྲིད་དམ།
  དེ་སྔ་ཏོག་གསར་ནད་དུག་འགོ་མྱོང་བའི་ནད་རྟགས་མེད་མཁན་དང་། ནད་གཞི་ཅུང་ཡང་བ། སྤྱིར་བཏང་གི་འགོས་ནད་འགོས་མཁན་བཅས་ལ་ཆ་མཚོན་ན་ཚ་བ་རྒྱས་པ། གློ་རྒྱག་པ། མིད་པ་ན་བ་སོགས་དབུགས་ལམ་སྟོད་ཀྱི་འགོས་ནད་ཀྱི་ནད་རྟགས་རྦད་དེ་མེད་པར་གྱུར་ནས་གཟའ་འཁོར་གཅིག་སོང་རྗེས། ཉིང་སྐྱུར་བརྟག་དཔྱད་དམ་ཡང་ན་གདོད་འགོག་བརྟག་དཔྱད་བྱས་འབྲས་མཇུག་ཤོས་དེ་གདགས་གཤིས་ཐོན་ནས་ཉིན7སོང་རྗེས་གཞི་ནས་ཁྲག་སྦྱིན་ཕུལ་ཆོག གལ་ཏེ་ནད་ཚབས་ལྕི་རིགས་དང་ཉེན་ཚབས་ཆེ་རིགས་ཀྱི་ནད་པ་ཡིན་ཚེ། ཟླ6སོང་རྗེས་གཞི་ནས་ཁྲག་སྦྱིན་ཕུལ་ཆོག
  ཚད་གཞི་འདི་དང་རྒྱལ་སྤྱིའི་ཐོག་གི་ཏོག་གསར་གློ་ཚད་ནད་དུག་འགོས་རྗེས་ཁྲག་སྦྱིན་ཕུལ་བ་ནར་འགྱངས་བྱེད་པའི་བླང་བྱ་དང་། དེ་བཞིན་ད་ལྟ་སྤྱོད་བཞིན་པའི་དབུགས་ལམ་གྱི་འགོ་ནད་འགོས་པའི་ནད་པ་དང་གློ་ནད་ཡོད་མཁན་གྱིས་ཁྲག་སྦྱིན་ཕུལ་བ་ནར་འགྱངས་བྱེད་པའི་བླང་བྱ་དང་གཅིག་མཚུངས་ཡིན་པས། ཁྲག་སྦྱིན་འབུལ་མཁན་གྱི་བདེ་ཐང་ལ་གནོད་འཚེ་བཟོ་མི་སྲིད།
  དེ་སྔ་ཏོག་གསར་ནད་དུག་འགོས་མྱོང་མཁན་བའི་ཁྲག་སྦྱིན་ཕུལ་མཁན་གྱིས་ཕུལ་བའི་ཁྲག་བདེ་འཇགས་ཡིན་ནམ།
  ཏོག་གསར་ནད་དུག་ནི་དབུགས་ལམ་གྱི་ནད་དུག་ཡིན་པས། ཁྲག་བརྒྱུད་ནས་བགོ་མི་སྲིད། མིག་སྔའི་བར་གོ་ལ་ཧྲིལ་པོར་ཏོག་གསར་ནད་དུག་ཁྲག་རྒྱག་པའི་ཐབས་ལམ་བརྒྱུད་ཁྱབ་མཆེད་བྱུང་བའི་གནས་ཚུལ་བྱུང་མྱོང་མེད། ཁྲག་སྦྱིན་ས་ཚིགས་ཀྱིས་ཁྲག་ལེན་པ་དང་རྒྱག་པའི་བརྒྱུད་རིམ་ལ་དོ་དམ་ནན་པོ་བྱས་ནས། འགོས་ནད་འགོས་མཁན་དྲག་སྐྱེད་བྱུང་བ་དང་འབྲེལ་དུས་ཚོད་ངེས་ཅན་གྱི་བདེ་ཐང་བརྟག་དཔྱད་བྱས་རྗེས་གཞི་ནས་ཁྲག་སྦྱིན་འབུལ་དུ་འཇུག་གི་ཡོད།
  དེར་བརྟེན། དེ་སྔ་ཏོག་གསར་ནད་དུག་འགོ་མྱོང་བའི་ཁྲག་སྦྱིན་ཕུལ་མཁན་གྱིས་ཕུལ་བའི་ཁྲག་དག་བདེ་ཐང་ཡིན།
རྩོམ་སྒྲིག་པ། བདེ་སྒྲོན།