ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

ལོ་65ཡན་ལ་རིམས་ནད་ཕོག་ན་རིཊ་དང་རིམ་པ་དབྱེ་ནས་སྨན་བཅོས་བྱ་རྒྱུ།

སྤེལ་དུས 2023-01-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཏོག་གསར་རིམས་ནད་ལ་འགོས་ནད་ཁ་པའི་དོ་དམ་བྱ་ཐབས་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱིའི་ཇུས་གཞིའི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་བྱ་ཆེད།    རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གིས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ། ཏོག་གསར་རིམས་ནད་འགོས་ཁྱབ་འགྲོ་བ་སྔོན་འགོག་ཚོད་འཛིན་བྱེད་པའི་བཀོལ་སྤྱོད་ཕྱོགས་སྟོན་བཟོས་ཤིང་། བཀོལ་སྤྱོད་ཕྱོགས་སྟོན་གྱི་སྨན་བཅོས་སྲོག་སྐྱོབ་ཕྱོགས་སྟོན་ནང་། གཙོ་གནད་མི་ཚོགས་ལ་རིགས་དང་རིམ་པ་དབྱེ་ནས་བདེ་ཐང་ཞབས་ཞུ་སྒྲུབ་རྒྱུ་དང་།    ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་ཤོང་ཚད་ཆེར་གཏོང་དང་བརྒྱུད་རིམ་སྟབས་བདེར་གཏོང་བ།    ནད་གཞི་ལྕི་བར་སྨན་བཅོས་བྱེད་སའི་ཉལ་ཁྲིའི་ཁ་གྲངས་མང་དུ་གཏོང་བ། སྨན་བཅོས་མཉམ་འབྲེལ་ལས་ཁུངས་དང་དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་པ། གཞི་ནད་ཀྱི་གནས་ཚུལ་དང་།    ཏོག་གསར་ནད་དུག་གི་འགོག་ཁབ་བརྒྱབ་པའི་གནས་ཚུལ།    འགོས་ནད་ཕོག་རྗེས་ཀྱི་ཉེན་ཁའི་ཚད་གཞི་སོགས་ལ་གཞིགས་ནས་ལོ་65ཡན་གྱི་རྒན་རྒོན་ལ་རིགས་དང་རིམ་པ་དབྱེ་སྟེ་བདེ་ཐང་ཞབས་ཞུ་མི་འདྲ་བ་སྒྲུབ་པ། ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་ཤོང་ཚད་ཆེ་རུ་གཏོང་བ་དང་བརྒྱུད་རིམ་སྟབས་བདེ་རུ་བཏང་ནས་རིམ་པ་གཉིས་པ་ཡན་གྱི་སྨན་ཁང་དང་ཆ་རྐྱེན་ཡོད་པའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལ་ཚ་རྒྱས་སྒོ་བསྟེན་སྨན་ཁང་བཙུགས་ནས་འཛུགས་དགོས་ངེས་དང་སྒོ་ཕྱེ་དགོས་ངེས་ལ་འགན་ལེན་བྱས་ཏེ། ཚ་རྒྱས་སྒོ་བསྟེན་སྨན་ཁང་བཀོད་སྒྲིག་བྱེད་ཚུལ་དང་བརྒྱུད་རིམ་ལེགས་སུ་བཏང་ནས་ཚ་བ་རྒྱས་པའི་ནད་པར་སྨན་བཅོས་བྱེད་བདེ་པོ་ཡོང་བ་བྱེད་པ། རིམ་པ་གཉིས་པའི་སྨན་ཁང་དང་རིམ་གསུམ་སྨན་ཁང་གི་ནད་གཞི་ལྕི་རིགས་ལ་མཁོ་བའི་སྨན་བཅོས་ཐོན་ཁུངས་གསོག་འཇོག་དང་། དམིགས་བཙུགས་སྨན་ཁང་གི་སྨན་བཅོས་ཐོན་ཁུངས་གྲ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་གྱི་རིམ་པ་གཉིས་པ་དང་དེ་ཡན་གྱི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་དང་རྫོང་རིམ་པའི་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་གྱི་ལམ་སྲོལ་འཛུགས་པ། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྨན་བཅོས་གཞན་སྒྱུར་ལམ་སྲོལ་ཤར་བགྲོད་ཐུབ་པ་བྱས་ནས་གྲོང་གསེབ་ས་ཁུལ་གྱི་ནད་གཞི་ལྕི་བའི་རིགས་སྨན་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ཕྱོགས་སྟོན་བྱས་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།