མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་པ།

སྤེལ་དུས 2018-09-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
           ཚེས་19ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2018ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་14པ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། རྒྱལ་ཁབ་ཀྱི་བོད་དུ་ཡོད་པའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བའི་འགན་འཁྲི་དང་ལས་འགན་སྒྲུབ་སེམས་དང་དགོས་གཏུགས་ཀྱི་བསམ་པར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་བརྟན་དུ་གཏོང་བའི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ། འཛམ་གླིང་ཐོག་གི་དག་ཞིང་མཐའ་མར་སྲུང་སྐྱོང་ཡག་པོ་བྱེད་པའི་བྱ་སྤྱོད་དངོས་ལ་བརྟེན་པ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
           ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་བཅས་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བསྟན་ཁོ་དང་། ཙེང་དབན་མིང་། ཧོ་ཝུན་ཧའོ། ལིའུ་ཅང་བཅས་སློབ་སྦྱོང་ཚོགས་འདུར་ཞུགས་ཡོད་པ་རེད། སྣོད་བཅུད་ཁོར་ཡུག་པུའི་ཁོར་ཡུག་འཆར་འགོད་ཁང་གི་ཡོན་ཀྲང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཝང་ཅིན་ནན་གྱིས་ཟུར་ཁྲིད་སྙན་ཞུ་གནང་བ་རེད།
           སློབ་སྦྱོང་ཚོགས་འདུའི་ཐོག་ཝང་ཅིན་ནན་གྱིས“ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་རྒྱལ་ཁབ་ཀྱི་བོད་དུ་ཡོད་པའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས”ཞེས་བརྗོད་དོན་གཙོ་བོར་བྱས་ནས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་གྲུབ་པའི་རྒྱབ་ལྗོངས་དང་། འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་ཚན་རིག་དང་མཐུན་པའི་ནང་དོན་གོ་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི“དུས་ཐེངས་གསུམ”གྱི་ཁྱད་ཆོས་ལ་དབྱེ་ཞིབ་གཏིང་ཟབ། རྒྱལ་ཁབ་ཀྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་དམིགས་ཚད་དང་བསམ་བློ་དང་ལས་འགན་ཕྱོགས་ཡོངས་ནས་གསལ་འགྲེལ། རྒྱལ་ཁབ་ཀྱི་ བོད་དུ་ཡོད་པའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བའི་གཙོ་གནད་ལས་དོན་ཚན་རིག་དང་མཐུན་པའི་ངང་གསལ་སྟོན་བཅས་གནང་ཡོད། སྙན་ཞུའི་འགོ་ནས་མཇུག་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་དོན་དུ་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ཁྱབ་ཡོད་པ་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཐུབ་པ། སྟོན་ཕྱོགས་ཁ་གསལ་དང་བླང་བྱ་ཞིབ་ཕྲ་ཡོད་པ། ལྗོངས་ཡོངས་ཀྱི་སྣོད་བཅུད་སྲུང་སྐྱོང་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཐད་ཁས་ལེན་གང་ལེགས་བྱས་ཡོད་ལ་ཞིབ་ཕྲའི་ལས་དོན་ཁྲོད་ཀྱི་ཞན་ཆ་གསལ་སྟོན་བཅས་བྱས་ནས་བོད་ལྗོངས་འདི་ཉིད་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་མཉམ་འདྲེས་ཐུབ་པ་དང་གཙང་གསུམ་ཆུ་འགོ་སྲུང་སྐྱོང་ཆེད་ཐབས་ལམ་གསལ་པོ་མཁོ་འདོན་བྱས་ཡོད་ལ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་དོན་དངོས་དང་མཐུན་པའི་བསམ་འཆར་དང་གྲོས་འགོ་བཏོན་ཡོད་པ་རེད།
           ཝུའུ་དབྱིང་ཅེས་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་དགོས་དོན་དང་། སྣོད་བཅུད་ཤེས་དཔལ་གང་འདྲ་ཞིག་འཛུགས་དགོས་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཇི་ལྟར་བྱེད་དགོས་པ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བསྐྱོན་ཡོད་པ་ལས། ཏང་གི་སྲོག་ཤིང་དང་། དམག་དཔུང་གི་དམག་སྤྱི། མི་དམངས་ཀྱི་གཙོ་འཛིན་གྱི་གཏིང་ཟབ་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། ཚན་རིག་རང་བྱུང་གི་ལྟ་བ། ལྗང་མདོག་འཕེལ་རྒྱས་ཀྱི་ལྟ་བ། གཞི་རྩའི་དམངས་འཚོའི་ལྟ་བ། སྤྱི་ཡོངས་བརྒྱུད་རིམ་གྱི་ལྟ་བ། ནན་ཞིང་ཁྲིམས་སྐྱོང་གི་ལྟ་བ། དམངས་ཡོངས་བྱ་སྤྱོད་ཀྱི་ལྟ་བ། གཉིས་ཁེའི་གོ་ལ་ཧྲིལ་པོའི་ལྟ་བ་བཅས་གཅིག་སྡུད་མཚོན་ཡོད་པ་དང་། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་རེད། ང་ཚོས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་བྱེད་རྒྱུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ། རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་འབྲེལ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་དགོས་ཞེས་གསུངས།
           ཝུའུ་དབྱིང་ཅེས་མིག་སྔར་རང་ལྗོངས་དུས་ཚོད་དམ་འཛིན་གྱིས་སྣོད་བཅུད་བྱེད་ནུས་ཁུལ་འཛུགས་སྐྱོང་བྱེད་པ་དང་། རང་ངོས་འཕེལ་རྒྱས་ཀྱི་འཇོན་ཐང་ཆེ་རུ་གཏོང་བའི་དུས་མཚམས་གལ་ཆེན་དུ་སླེབས་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལྗོངས་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་བཀོད་སྒྲིག་གཞིར་བཟུང་། སྔོ་ཞིང་དྭངས་བའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཚང་མ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ། ཁོར་ཡུག་སྲུང་སྐྱོང་བྱེད་པའི་རྒྱ་ཆེའི་མང་ཚོགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་དང་ལས་ཀར་གདེང་ཚོད་ཡོད་པ། སྲུང་སྐྱོང་དང་འཕེལ་རྒྱས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས། སྔོན་སླ་རྗེས་དཀའི་རྩ་དོན་ལ་གཞིགས་པ། མི་སེར་ཉེ་འགྲམ་གྱི་སྣོད་བཅུད་ཁོར་ཡུག་གི་གནད་དོན་ཐག་གཅོད་ཏན་ཏིག་དང་ཡག་པོ་བྱེད་པ་བཅས་ཀྱིས་སྔོ་ཞིང་དྭངས་བའི་ནམ་མཁའ་དང་ཆུ་བོ་དང་དག་ཞིང་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་བ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་མུ་མཐུད་ཆ་རྐྱེན་ལྡན་པའི་ས་ཆའི“ལྗོན་ཤིང་མེད་པའི་དུད་ཚང”བྱ་སྤྱོད་ལ་སྐུལ་འདེད་གཏོང་དགོས། ལྗང་མདོག་འཕེལ་རྒྱས་མགྱོགས་མྱུར་བཏང་སྟེ། སྣོད་བཅུད་བཟང་བའི་ཁོར་ཡུག་ཏུ་མི་རིགས་ཁག་གི་མང་ཚོགས་ཐོན་སྐྱེད་འཚོ་བར་རོལ་ནས་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྣོད་བཅུད་དམངས་ཕྱུག་དམངས་ཕན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མང་ཚོགས་དེ་བས་མང་བར་སྣོད་བཅུད་ཀྱི་ཡོང་འབབ་ཡོད་པ་དང་། ཕྱུག་འགྱུར་གྱི་ལམ་དུ་སྐྱོད་ཐུབ་པར་བྱེད་དགོས། ཇོ་མོ་གླང་མའི་གད་སྙིགས་སྦགས་བཙོག་འགོག་བཅོས་མུ་མཐུད་བྱས་ནས་ཡུལ་སྐོར་ལམ་རྒྱུད་དུ་གད་སྙིགས་གང་བྱུང་དུ་སྐྱུར་བ་དང་འཇོག་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་པ་དང་། ཀྲུང་དབྱང་ཁོར་ཡུག་ལྟ་བཤེར་ཚོགས་ཆུང་གི་ཚུར་ལན་གནད་དོན་དག་ཐེར་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། ལས་དོན་ཚང་མ་དོན་ཐོག་ཏུ་འཁྱོལ་བ་དང་ཚང་མར་ལན་ཡོད་པའི་འགན་ལེན་བྱེད་དགོས་ཞེས་གསུངས།
           ཝུའུ་དབྱིང་ཅེས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་དང་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལ་སྤྱིའི་འགན་འཁྲི་འཁུར་དགོས་པ་དང་། འགན་ཁུར་བ་གཙོ་བོས་འགན་འཁྲི་བ་ཨང་དང་པོའི་འགན་འཁྲི་ཁུར་ནས་རང་ངོ་མས་བཀོད་སྒྲིག་དང་། དྲི་བ། མཐུན་སྦྱོར། སྒྲུབ་སྐུལ་བཅས་བྱེད་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཡག་པོ་ཁུར་ནས་ལས་གནས་གཅིག་ལ་འགན་འཁྲི་གཉིས་ཡོད་དགོས་པ་དང་། ཁྲིམས་བཞིན་ལས་དོན་ལེགས་པར་སྒྲུབ་དགོས། དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་ནན་ཤོས་ཀྱི་བྱ་ཐབས་ལག་ལེན་བསྟར་ནས་འགན་འཁྲི་འཁུར་སེམས་ཆེན་པོས་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།