མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལི་ཁེ་ཆང་གིས་པི་ལི་ཧྲིའི་དབུ་བཞུགས་བློན་ཆེན་མཱེ་ཞེར་དང་གྲོས་མོལ་མཛད།

སྤེལ་དུས 2018-10-19 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
ས་དེའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། པི་ལི་ཧྲི་ན་བྱ་བའི་འཚམས་འདྲི་མཛད་བཞིན་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པུའུ་ལུའུ་སེར་གྱི་ཨེ་ཀི་མིན་ཕོ་བྲང་ནས་པི་ལི་ཧྲིའི་དབུ་བཞུགས་བློན་ཆེན་མཱེ་ཞེར་དང་གྲོས་མོལ་མཛད།
          ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། པི་ལི་ཧྲི་ན་བྱ་བའི་འཚམས་འདྲི་མཛད་བཞིན་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པུའུ་ལུའུ་སེར་གྱི་ཨེ་ཀི་མིན་ཕོ་བྲང་ནས་པི་ལི་ཧྲིའི་དབུ་བཞུགས་བློན་ཆེན་མཱེ་ཞེར་དང་གྲོས་མོལ་མཛད།
          ལི་ཁེ་ཆང་གིས་བསྟན་དོན། དེང་སྐབས་ཀྲུང་གོ་དང་པི་ལི་ཧྲིའི་འབྲེལ་བ་མུ་མཐུད་དུ་གོང་འཕེལ་བཟང་པོ་འབྱུང་བཞིན་ཡོད་ལ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་བརྟན་བརླིང་སྒོས་སྤེལ་བཞིན་པ་དང་མི་ཆོས་བརྗེ་རེས་ཟབ་སྤེལ་བྱེད་བཞིན་ཡོད། ང་ཚོས་པི་ལི་ཧྲི་ཕྱོགས་དང་མཉམ་དུ། རིམ་པ་སོ་སོའི་འགྲོ་འོང་ལ་ཤུགས་སྣོན་འདོད་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཚན་རྩལ་དང་གསར་གཏོད་མཉམ་ལས་སོགས་ཐད་ནས་གོམ་སྟབས་སྔར་ལས་ཆེན་པོ་སྤོ་བ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འོས་འགན་བརྩི་སྲུང་བྱེད་པའི་རྨང་གཞིའི་སྟེང་། ཉིང་རྡུལ་ནུས་པ་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་གོ་སྐབས་སུ་བརྩིས་ནས། རྨང་གཞིའི་སྒྲིག་ཆས་དང་། གཞི་གྲངས་དཔལ་འབྱོར་གྱི་དངོས་གཉེར་མཉམ་ལས་ཟབ་སྤེལ་བྱས་ཏེ་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་ཧུར་ཐག་གིས་སྤེལ་དགོས་ཟེར།
          ལི་ཁེ་ཆང་གིས་བསྟན་དོན། དེང་སྐབས་ཀྱི་གནས་བབ་འོག་ཏུ། ཀྲུང་གོ་དང་ཡོ་རོབ་གླིང་ནི་འཛམ་གླིང་སྟེང་གི་དཔལ་འབྱོར་ཚོགས་པ་གལ་ཆེན་གཉིས་ཡིན་པས། མཉམ་དུ་འབད་བརྩོན་བྱས་ཏེ་གོ་རིམ་དང་དུས་རིམ་བགར་ནས་ཀྲུང་གོ་དང་ཡོ་རོབ་གླིང་གི་དངུལ་གཏོང་ཆོད་དོན་གྲོས་མོལ་མྱུར་དུ་སྤེལ་དགོས་ཟེར།
          གྲོས་མོལ་གྱི་རྗེས་སུ། ལི་ཁེ་ཆང་གིས་མཱེ་ཞེར་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱིས་ཉིང་རྡུལ་ནུས་པ་དང་། ཕྱོགས་གསུམ་པའི་ཁྲོམ་ར། རིག་གནས། དངོས་སྐྱེལ། མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་བདེན་དཔང་བྱས།
          ཝང་དབྱི་དང་ཧི་ལིས་ཧྥེང་གཉིས་གོང་གི་བྱ་འགུལ་ལ་ཞུགས།