མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བྱིས་པ་ཆུང་ཆུང་དག་པེ་ཅིང་དུ་ཡོང་ནས་དཔྱིད་གསར་དུས་ཆེན་གྱི་ན་ཆུང་བྱིས་པའི་དགོང་ཚོགས་སུ་གླུ་ལེན་གར་རྩེད་བྱེད་པ།

སྤེལ་དུས 2020-01-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་1པའི་ཚེས་16ཉིན། མེ་འཁོར་ཐེངས་Z22དལ་གྱིས་བབས་ཚུགས་སུ་འབྱོར་བ་དང་བསྟུན་ནས། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཉི་ཤར་ཤང་སློབ་ཆུང་གི་སློབ་མ་40དང་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཀོང་ཐང་ཤང་སློབ་ཆུང་གི་སློབ་མ་20ལས་གྲུབ་པའི་བྱིས་པའི་མཉམ་ལེན་ཚོགས་པ་ཞིག་པེ་ཅིང་དུ་འབྱོར་བ་རེད།      
ཐེངས་དང་པོར་རྒྱལ་ས་པེ་ཅིང་དུ་སླེབས་པའི་བྱིས་པ་ཆུང་ཆུང་ཚོ།
           2019ལོའི་ཟླ་10པར། ཉི་ཤར་ཤང་སློབ་ཆུང་དང་ཀོང་ཐང་ཤང་སློབ་ཆུང་སོ་སོར་ཀྲུང་གོ་སློབ་གསོ་བརྙན་འཕྲིན་ལས་ཁུངས་ཀྱི་“རྣམ་པར་བཞད་པའི་ཉི་དགའ་མེ་ཏོག”སྒྲིག་འཛུགས་ཨུ་ལྷན་གྱིས་བསྐུར་བའི་གདན་ཞུའི་ཡི་གེ་འབྱོར་བ་དང་། ཁོང་ཚོ་“རྣམ་པར་བཞད་པའི་ཉི་དགའ་མེ་ཏོག”གི་2020ལོའི་རྒྱལ་ཡོངས་ན་ཆུང་བྱིས་པའི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་འཁྲབ་སྟོན་དང་དེ་བཞིན་ཕབ་སྐྲུན་ནང་ཞུགས་རྒྱུའི་གདན་ཞུ་བྱས་པ་རེད། 
བྱིས་པ་ཆུང་ཆུང་དང་ས་འོག་ལྕགས་ལམ་གྱི་དང་བླངས་པའི་མཉམ་པར།
           “ང་ཚོས་ཟླ་བ་གཉིས་ལ་ནང་སྦྱོང་བྱས་པ་ཡིན། དེ་རིང་པེ་ཅིང་དུ་འབྱོར་བྱུང་། ང་དང་སློབ་གྲོགས་ཚང་མ་ཐེངས་དང་པོར་གྲོང་ཚོ་དང་ཁ་བྲལ་བ་ཡིན་ལ། ཐེངས་དང་པོར་མེ་འཁོར་ལ་བསྡད་པ་ཡིན། ཚང་མ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད།”ཅེས་འདམ་གཞུང་རྫོང་ཀོང་ཐང་ཤང་ལྟེ་བའི་སློབ་ཆུང་གི་ལོ་རིམ་ལྔ་པའི་བསྟན་སྒྲོལ་གྱིས་དེ་ལྟར་བཤད་པ་དང་། “ང་དཀའ་ལས་ཏོག་ཙམ་ཡང་མེད། པེ་ཅིང་དུ་ཐེངས་དང་པོ་ཡོང་སྐབས་སེམས་འགུལ་ཆེན་པོ་ཐེབས་བྱུང་། འཁྲབ་སྦྱོང་ཚར་རྗེས་ང་དང་གྲོགས་པོ་ཆུང་ཆུང་ཚོ་གནམ་བདེ་སྒོ་མོ་ཆེ་དང་གནའ་བོའི་ཕོ་བྲང་ལ་བལྟ་སྐོར་དུ་འགྲོ་རྒྱུ་ཡིན།” ཞེས་བྱིས་པ་ཆུང་ཆུང་ཚོས་དགའ་སྤྲོའི་ངང་དེ་ལྟར་བཤད།  
           བྱིས་པའི་མཉམ་ལེན་ཚོགས་པའི་རུ་སྣེ་འཁྲིད་མཁན་དགེ་རྒན་ཝང་མའེ་ཡིས་ཕྲུ་གུ་ཚོ་ན་ཆུང་བྱིས་པའི་དཔྱིད་གསར་དགོང་ཚོགས་ལ་ཞུགས་པའི་རྣམ་པར་བསྔགས་བརྗོད་བྱེད་ཀྱིན་ཡོད། “བྱིས་པ་ཆུང་ཆུང་དེ་དག་གི་ནང་ནས་ཆུང་ཤོས་ལོ་7ཡིན་པ་དང་། ལོ་ན་ཆེ་ཤོས་ལོ་12ལས་བརྒལ་མེད། འོན་ཀྱང་ཁོ་ཚོས་ན་ཆུང་བྱིས་པའི་དཔྱིད་གསར་དུས་ཆེན་དགོང་ཚོགས་ཀྱི་གར་སྟེགས་ལ་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད། ཟླ་བ་གཉིས་རིང་ལ་ནངས་སྔ་ལངས་དང་དགུང་འཕྱི་ཉལ་གྱིས་ནང་སྦྱོང་བྱས་རུང་དཀའ་སྣང་གི་ཚོར་བ་ཅི་ཡང་མེད་པར་མ་ཟད་དེ་ལས་ལྡོག་སྟེ་སྤྲོ་བས་ཁེངས་འདུག” ཐེངས་འདིའི་ན་ཆུང་བྱིས་པའི་དཔྱིད་གསར་དགོང་ཚོགས་ཀྱི་འཁྲབ་ཚན་བདམས་པའི་གོ་རིམ་གླེང་སྐབས། མོས་འདི་ལྟར་ངོ་སྤྲོད་གནང་བྱུང་།“འཁྲབ་ཚན་འདི་གཉིས་དགེ་རྒན་རྣམ་པས་གྲོས་མོལ་བྱས་རྗེས་ལེགས་པར་བདམས་པ་ཞིག་ཡིན་ལ།  གླུ་དབྱངས་ནི་ཐད་ཀར་གྲོགས་པོ་ཆུང་ཆུང་ཁོ་ཚོའི་དྭངས་གཙང་གི་ངག་ནས་བླངས་པ་ཤ་སྟག་ཡིན་པས། ཧ་ཅང་ཡིད་དབང་འགུག་ཐུབ་པ་ཞིག་རེད།”ཅེས་ཟེར།
རུ་བསྟར་བསྒྲིགས་ནས་བརྙན་ལེན་ཡུལ་དངོས་ལ་འགྲོ་གྲབས་བྱེད་པའི་བྱིས་པ་ཆུང་ཆུང་ཚོ།
           ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་རྒྱལ་ཡོངས་ན་ཆུང་བྱིས་པའི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་སུ་གཞིས་རྩེ་དིང་རི་རྫོང་ཉི་ཤར་ཤང་སློབ་ཆུང་གིས་བླངས་པ་ནི་གླུ་དབྱངས་རིགས་ཀྱི་འཁྲབ་སྟོན《ཐོག་མའི་བསམ་འདུན》ཞེས་པ་དེ་ཡིན་པ་དང་། འདམ་གཞུང་རྫོང་ཀུང་ཐང་ཤང་སློབ་ཆུང་གིས་བླངས་པ་ནི་རོལ་དབྱངས་རིགས་ཀྱི་འཁྲབ་སྟོན《འདམ་གཞུང་སློབ་ཆུང་གི་སློབ་གླུ》ཞེས་པ་དེ་རེད།
           རྒྱལ་ཡོངས་ན་ཆུང་བྱིས་པའི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་འཁྲབ་སྟོན་དང་ཕབ་ལེན་མཇུག་སྒྲིལ་རྗེས། བྱིས་པ་ཆུང་ཆུང་ཚོས་གནམ་བདེ་སྒོ་མོ་ཆེ་དང་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་སོགས་ལ་ལྟ་སྐོར་བྱས་ནས། ཀྲུང་ཧྭའི་རིག་གནས་ཤེས་རྟོགས་དང་ཡིད་དབང་འཕྲོག་པའི་རྒྱལ་སའི་གཟི་དཔལ་མྱོང་རོལ་བྱ་རྒྱུ་ཡིན་པ་མ་ཟད། པེ་ཅིང་ཝི་ཡེ་ནཱའི་བྱིས་པའི་གླུ་གཞས་མཉམ་ལེན་ཚོགས་པ་དང་ལག་གདང་སྦྲེལ་ནས་གྲོགས་པོ་སྒྲིག་པ་དང་པེ་ཅིང་ཅིང་ཧྲན་སློབ་ཆུང་གི་སློབ་མ་དང་བགྲོ་གླེང་བྱ་རྒྱུ་རེད། སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། གངས་ལྗོངས་ས་མཐོའི་བྱིས་པ་ཆུང་ཆུང་ཚོས་མིག་གིས་ལྟ་བ་དང་། རྣ་བས་ཉན་པ། བློ་རྩེ་གཅིག་ཏུ་སྒྲིམ་ནས་རླབས་ཆེན་མེས་རྒྱལ་གྱི་དར་རྒྱས་གོང་འཕེལ་ཚོར་ཐུབ་པར་བྱེད་དུ་འཇུག་ངེས།