གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

འཛད་སྤྱོད་དབུལ་སྐྱོར་གྱིས་དཔྱིད་གསར་དུས་ཆེན་བསུ་བ་སྟེ། མྱུར་སྐྱེལ་ལ་སྒུག་མི་དགོས་པར་ཐད་གཏོང་རླངས་འཁོར་གྱིས་ས་མཐོའི་ཞིམ་ཟས་སྒོ་འགྲམ་དུ་སྐྱེལ་བ།

སྤེལ་དུས 2020-01-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ།  ལོ་གསར་གྱི་མཁོ་ཆས་ཉོ་བ་དེ་དཔྱིད་གསར་དུས་ཆེན་ལ་གྲ་སྒྲིག་བྱེད་པའི་ལས་ཀ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ།  འཛད་སྤྱོད་དབུལ་སྐྱོར་གྱིས་དཔྱིད་གསར་དུས་ཆེན་གོང་གི“ཉོ་སྒྲུབ”ལ་དོན་སྙིང་ཁྱད་པར་ཅན་ཞིག་བསྐྲུན་ཡོད།  
           ཟླ་1པའི་ཚེས་18ཉིན། འཛད་སྤྱོད་དབུལ་སྐྱོར་ཐད་གཏོང་རླངས་འཁོར་གཏོང་བའི་མཛད་སྒོ་དང་། མཉམ་ལས་ཀྱི་གན་རྒྱ་འཇོག་པའི་མཛད་སྒོ། དྲ་ལམ་གྱི་མི་མིང་གྲགས་ཅན་གྱི་ཡུལ་དངོས་ཐད་གཏོང་རོགས་འདེགས་སོགས་ཚུད་པའི་2020ལོའི་དཔྱིད་གསར་དུས་ཆེན་བསུ་བའི་“འཛད་སྤྱོད་དབུལ་སྐྱོར་ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ”ཅེས་པའི་བྱེད་སྒོ་རབ་དང་རིམ་པ་པེ་ཅིང་འཛད་སྤྱོད་དབུལ་སྐྱོར་གཉིས་གཏོད་ལྟེ་གནས(“གཉིས་གཏོད་ལྟེ་གནས”ཞེས་བསྡུ་རྒྱུ།)སུ་སྤེལ་བ་དང་། སླར་ཡང་འཛད་སྤྱོད་དབུལ་སྐྱོར་གྱིས་དཔྱིད་གསར་དུས་ཆེན་བསུ་བའི་བྱེད་སྒོའི་མཐོ་རླབས་ཤིག་འཕྱུར་བ་རེད།
འཛད་སྤྱོད་དབུལ་སྐྱོར་ཐད་གཏོང་རླངས་འཁོར་གཏོང་བའི་མཛད་སྒོའི་ཡུལ་དངོས།
འཛད་སྤྱོད་དབུལ་སྐྱོར་ཐད་གཏོང་རླངས་འཁོར་གཏོང་བའི་མཛད་སྒོའི་ཡུལ་དངོས།
           དེའི་ཁྲོད་འཛད་སྤྱོད་དབུལ་སྐྱོར་ཐད་གཏོང་རླངས་འཁོར་གཏོང་འགོ་ཚུགས་པ་དེས་གཉིས་གཏོད་ལྟེ་གནས་སུ་ལོ་གསར་གྱི་མཁོ་ཆས་ཉོ་བར་ཡོང་མཁན་བུད་མེད་ལི་ལ་སྤྲོ་བ་ ཚད་མེས་སྐྱེས།  ཤེས་རྟོགས་བྱུང་བར་གཞིགས་ན། པེ་ཅིང་གྲོང་ཁྱེར་གྱི་འཛད་སྤྱོད་དབུལ་སྐྱོར་ཐད་གཏོང་རླངས་འཁོར་དེ་ཐོག་མར་ཤིས་ཁྲེང་ཆུས་དང་ཧའེ་ཏན་ཆུས་སུ་ཚོད་ལྟ་བྱས་པ་དང་། ད་ལོའི་ལོ་སྟོད་དུ་ཐད་གཏོང་རླངས་འཁོར་200བཏང་ནས་འབྱུང་འགྱུར་པེ་ཅིང་གྲོང་ཁྱེར་དུ་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་རྩིས་ཡིན་པ་རེད། ཐད་གཏོང་རླངས་འཁོར་གྱིས་དབུལ་སྐྱོར་ཐོན་རྫས་དང་དམངས་ཕན་ཞབས་ཞུ་སྡེ་ཁུལ་དུ་སྐྱེལ་ནས་སྡེ་ཁུལ་གྱི་གྲོང་མི་ཚོ་ཡར་མར་ལ་མང་པོ་རྒྱུག་མི་དགོས་པར་སྟབས་བདེ་བཟོ་ཐུབ་པ་དང་། ཆབས་ཅིག་ཐད་གཏོང་རླངས་འཁོར་བརྒྱུད་ནས་ཅ་དངོས་ཉོས་ཏེ་གྲོང་མི་ཚོས་ཚོང་ཟོག་སྒོ་འགྲམ་དུ་སྐྱེལ་བར་སྒུག་ནས་སྡད་ཆོག  
           བུད་མེད་ལི་ཡིས་བརྗོད་དོན། པེ་ཅིང་གི་འཛད་སྤྱོད་དབུལ་སྐྱོར་གཅེས་སེམས་འཛིན་བྱང་བཟོས་པ་ནས་བཟུང་། རང་ཉིད་ལ་འཛད་སྤྱོད་དབུལ་སྐྱོར་བྱེད་པའི་འདུ་ཤེས་ཤིག་ཆགས་ཡོད། “ང་རང་དྲ་ཐོག་ནས་ཉོ་སྒྲུབ་བྱེད་པར་བྱང་ཆ་དེ་ཙམ་མེད། དངོས་ཚན་ཚོང་ཁང(གཉིས་གཏོད་ལྟེ་གནས)ནས་དབུལ་སྐྱོར་ཐོན་རྫས་ཉོ་བར་དེ་འདྲ་སྟབས་བདེ་མ་རེད། ཡུན་རིང་པོར་རླངས་འཁོར་ནང་སྡོད་དགོས་པ་དང་། ལྷག་པར་དུ་དེ་རིང་ལྟར་ཚགས་ཤ་རྒྱ་མ་ཉི་ཤུ་དང་འབྲིའི་འོ་མ་སྒམ་གཉིས་སོགས་ལོ་གསར་གྱི་མཁོ་ཆས་ཉོས་ནས་ཁྱིམ་དུ་ལོག་སྐབས་དཀའ་ལས་ཆེན་པོ་ཡོད།”  མོས་ད་དུང་བརྗོད་དོན།“ཕྱིན་ཆད་ཐད་གཏོང་རླངས་འཁོར་ཡོད་པས་ངས་མྱུར་སྐྱེལ་སྒུག་མི་དགོས་ལ། དངོས་ཚན་ཚོང་ཁང(གཉིས་གཏོད་ལྟེ་གནས)ལའང་འགྲོ་མི་དགོས། རང་ཁྱིམ་གྱི་སྒོ་རྩ་ནས་མཚོ་བོད་ས་མཐོའི་ཟས་རིགས་ཉོ་ཐུབ་པས་ཧ་ཅང་སྟབས་བདེ་ཡིན་པ་དང་། འདིས་མི་མང་པོ་ཞིག་མཛད་སྤྱོད་དབུལ་སྐྱོར་གྱི་གྲས་སུ་ཞུགས་པར་སྐུལ་འདེད་གཏོང་ཐུབ་པར་ང་ལ་ཡིད་ཆེས་ཡོད།”ཅེས་ཟེར། 
གཉིས་གཏོད་ལྟེ་གནས་མཚོ་སྔོན་འཛད་སྤྱོད་དབུལ་སྐྱོར་གྱི་ཐོན་རྫས་འགྲེམས་ཁུལ།
གཉིས་གཏོད་ལྟེ་གནས་བོད་ལྗོངས་འགྲེམས་ཁང་ནང་གི་འཛད་སྤྱོད་པས་ཚོང་བདག་གི་ཐོན་རྫས་ངོ་སྤྲོད་བྱེད་པར་ཉན་པ། 
           པེ་ཅིང་གྲོང་ཁྱེར་རོགས་སྐྱོར་མཉམ་ལས་སྐུལ་འདེད་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཛིན་པས་བརྗོད་དོན། པེ་ཅིང་གིས་ནུས་ཤུགས་ཡོད་རྒུས་འཛད་སྤྱོད་དབུལ་སྐྱོར་གྱི་དཔེ་སྟོན་གྲོང་ཁྱེར་བསྐྲུན་པ་དང་། གཉིས་གཏོད་ལྟེ་གནས་ཀྱིས་རྒྱལ་ཡོངས་འཛད་སྤྱོད་དབུལ་སྐྱོར་གྱི་ཆེད་གཉེར་ཁྲོམ་ར་ཆེ་གྲས་ཀྱི་སྲོལ་བཏོད་པ་རེད། 2019ལོར་གཉིས་གཏོད་ལྟེ་གནས་དབུལ་སྐྱོར་ཐོན་རྫས་ཀྱི་ལོའི་བྲིན་ཚོང་དངུལ་འབོར་སྒོར་དུང་ཕྱུར་4.9ཟིན་པ་དང་། རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དག་གི་དབུལ་སྐྱོར་ཐོན་རྫས་སྐུལ་ཁྲིད་སྒོས་པེ་ཅིང་དུ་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་177ལྷག་(སྡེབ་ཚོང་ཁྲོམ་ར་ཚུད་པ།)ཟིན། ཁོང་གིས་ད་དུང་བརྗོད་དོན། དེས་པེ་ཅིང་གི་འཛད་སྤྱོད་དབུལ་སྐྱོར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མཚོན་ཐུབ་པར་མ་ཟད། ད་དུང་ང་ཚོས་པེ་ཅིང་གི་ཁྲོམ་རས་བོད་ལྗོངས་དང་། མཚོ་སྔོན། ནང་སོག་སོགས་པེ་ཅིང་གི་ཁ་གཏད་རོགས་སྐྱོར་བྱ་ཡུལ་གྱི་སྐྱེ་ཁམས་བདེ་ཐང་དང་། རང་བྱུང་། སྐྱེ་ལྡན།  གནོད་སྐྱོན་མེད་པ་བཅས་ཀྱི་བཟའ་བཅའི་ཐད་ལ་དགོས་མཁོ་ཆེན་པོ་ཡོད་པ་མཐོང་བྱུང་།
           ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་པེ་ཅིང་གིས་འཛད་སྤྱོད་དབུལ་སྐྱོར་གྱི་རྣམ་པ་རྒྱ་ཆེར་གཏོང་བའི་རྨང་གཞིའི་ཐོག་ལས་ཀའི་བསམ་ཕྱོགས་གསར་གཏོད་དང་། སྐུལ་འདེད་ཧུར་ཐག་བྱེད་པ། རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལྡན་པའི་ཁེ་ལས་ཀྱི་ཐོན་ལས་འཁོར་འབྲེལ་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་དང་ཁྲིད་སྟོན་བྱས་ཏེ། དུས་ཚོད་ཐུང་ངུ་དང་ནོར་ཤུགས་ཆུང་ངུའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྒྱུད་ཧུར་ཐག་སྒོས་དུས་ཚོད་བརྩོན་ལེན་བྱས་ནས། ས་གནས་ཁག་གི་དབུལ་སྐྱོར་ཐོན་རྫས་ཀྱི་ཐོན་ལས་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། རྩེར་སོན་ཅན་བཅས་མངོན་འགྱུར་ཐུབ་པར་སྐུལ་འདེད་གཏོང་བ་དང་། ས་གནས་ཁག་གི་དབུལ་སྐྱོར་ཐོན་རྫས་ཀྱི་ཐོན་ཚད་མི་འདང་བ་དང་། སྤུས་ལེགས་གོང་ལེགས་ཡོང་མི་ཐུབ་པའི་ཞན་ཆ་གསབ་ནས། དོན་དངོས་ཐོག་འཛད་སྤྱོད་དབུལ་སྐྱོར་གྱི་རྒྱུན་མཐུད་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་རྒྱུ་རེད།